14
པ༌འུ༌ལུ༌ དང༌ བཱར༌ན༌བས༌ ཨི༌ཀོ༌ནི༌འམ༌མ༌ ཞུགས༌།
14:1 ནེ༌ 7
1 ཨི༌ཀོ༌ནི༌འམ༌མི༌ ནང༌ངའང༌ པ༌འུ༌ལུ༌ དང༌ བཱར༌ན༌བས༌, ལོབས༌ ནང༌ཞིན༌ ཡ༌ཧུ༌དཱ༌པའེ༌ དུ༌ཁང༌གུན༌ནི༌ ནང༌ང༌ སྐྱོདས༌, ཡང༌ མ༌ ཁྱུད༌ཅན༌ ཆོས༌ཤད༌པ༌, ཡ༌ཧུ༌དཱ༌པ༌ དང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ མང༌པོའེ༌ ཏད༌པ༌ ཅོས༌།
2 ཨིན༌ནའང༌ ཏད༌པ༌ མ༌ཁྱོངས༌ཁན༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཁོང༌ངི༌ སྕོད༌ལམ༌མི༌ སྐོར༌ལ༌ ངན༌པ༌ ཟེར༌ཏེ༌ སྲོ༌ སྐུལ༌ཏེ༌ ཁོང༌གུན༌ནི༌ ནང༌ང༌ ཏད༌པ༌ཅན༌གུན༌ནི༌ ཆོགས༌ལ༌ སེམས༌ངན༌ སྐྱེ༌ཅུགས༌།
3 ཏེན༌ན༌བོའེ༌ཕིའ༌ པ༌འུ༌ལུ༌ དང༌ བཱར༌ན༌བས༌ ཏེ༌རུ༌ ཏུས༌ མང༌པོ༌ཞིག༌ ཞུགས༌ཏེ༌, མ༌ སེམ༌སྟོབས༌ ཆེན༌མོ༌ ཉམ༌པོ༌ མ༌ཤི༌ཀའེ༌ ཐུག༌རྗེ༌ སྐོར༌ལ༌ ཤད༌ད༌ ཛདས༌, ཡང༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ ཧ༌ལས༌ཤེས༌སི༌ ལྟས༌ དང༌ ཛད༌པ༌ གུན༌ ཅོ༌ཅེས༌སི༌ ཁྱུད༌ སལ༌ཏེ༌, ཏེ༌ ལོན༌བོ༌ དེན༌བ༌ ཨིན༌ཁན༌བོའེ༌ སྤང༌པོ༌ སལ༌ལ༌ ཛདས༌།
4 ཨིན༌ནའང༌ གྱལ༌སའེ༌ མི༌གུན༌ནི༌ ནང༌ང༌ པོ༌བུད༌ཏེ༌ ཁ༌ཅིག༌གི༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཡང༌ ཁ༌ཅིག༌གི༌ སྐུ༌ཚབས༌གུན༌ནི༌ ཆོགས༌ ཅོས༌།
5 ཡ༌ཧུ༌དཱ༌པ༌, ཡ༌ཧུ༌དཱ༌པ༌ མན༌ཁན༌ དང༌ ཁོང༌གུན༌ནི༌ འུ༌སྐྱོང༌ ཚང༌མའེ༌ ཛོམས༌ཏེ༌ སྐུ༌ཚབས༌གུན༌ལ༌ ངན༌པ༌ ཅོས༌ཏེ༌ རྡོའ༌ གྱབས༌ཏེ༌ སད༌ཅེས༌སི༌ ཅུས༌ངན༌ ལྡིངས༌།
6 ཨིན༌ནའང༌ པ༌འུ༌ལུ༌ དང༌ བཱར༌ན༌བས༌ལ༌ ཏེ༌ ཅུས༌ངན༌བོའེ༌ སྐོར༌ལ༌ གྱུས༌སོང༌པ༌ ཁོང༌གུན༌ ཏེ༌ཀ༌ནེ༌ ཤོར༌ཏེ༌ ལི༌ཀ༌འོན༌ཡིའ༌ ཡུལ༌ཇོངས༌སི༌ ལིས༌ཏྲའ༌ དང༌ དེར༌བེ༌ གྱལ༌ས༌ ཡང༌ ཏེ༌ ཉེ༌ཁོར༌རི༌ ནས༌ས༌གུན༌ནི༌ ནང༌ང༌ སྐྱོདས༌,
7 ཡང༌ ཁོང༌གུན༌ནི༌ ཏེ༌རུ༌ གའ༌མོའེ༌ ནས༌ཚུལ༌ ཤདས༌།
ལིས༌ཏྲའ༌ དང༌ དེར༌བེ༌ གྱལ༌ས༌།
14:8 ནེ༌ 20
8 ལིས༌ཏྲའེ༌ ནང༌ང༌ ཞ༌འོ༌ཞིག༌ ཡོད༌པིན༌, ཁོ༌ སྐྱེས༌པ༌ནེ༌ པར༌ལ༌ གྲུལ༌ མ༌ཉན༌ན༌ ཨིན༌པིན༌། ཁོ༌ སའེ༌ཀ༌ དུགས༌ཏེ༌
9 པ༌འུ༌ལུའི༌ མོལ༌ཁན༌གུན༌ལ༌ ཉན༌ནད༌པིན༌། པ༌འུ༌ལུའི༌ ཁོའ༌ ཁ༌དྲང༌ང༌ ཟིགས༌ ཡང༌ ཁོའེ༌ ནང༌ང༌ ཁོ༌ གྱལ༌ཐུབ༌ཅེས༌སི༌ ཏད༌པ༌ ཐོང༌ཏེ༌
10 ཁོང༌ངི༌ ཏེ༌ ཞ༌འོ༌བོའ༌ ཤེད༌ནང༌ མོལས༌, "རང༌ངི༌ རྐང༌པའེ༌ཀ༌ ཀོའག༌ ལོངས༌།" ཁོ༌ ཆོམས༌ ཡང༌ ལངས༌ཏེ༌ གྲུལས༌།
11 མི༌ཚོགས༌སི༌ པ༌འུ༌ལུའི༌ ཆག༌ལས༌པོ༌ ཐོང༌ང༌ཅིག༌, ལི༌ཀ༌འོན༌ཡིའ༌པའེ༌ སྐད༌དི༌ ནང༌ང༌ ཀུ༌ཅོ༌ ཏངས༌, "དཀོན༌མཆོག༌གུན༌ མིའ༌ ཟུས༌ཏེ༌ བབས༌ཏེ༌ སྐྱོད༌ཏེ༌ དུག༌།"
12 ཁོང༌གུན༌ནི༌ བཱར༌ན༌བས༌ལ༌ ཟེ༌ཡུས༌ ཡང༌ པ༌འུ༌ལུའ༌ ཧར༌མེས༌ མིང༌ང༌ ཏགས༌ ཅིའ༌ཟེར༌ན༌ པ༌འུ༌ལུ༌ ཆོས༌ཤད༌ཁན༌ གོ༌སྐྱོང༌བོ༌ ཨིན༌པིན༌།
13 ཟེ༌ཡུས༌སི༌ ཆོད༌ཁང༌ གྱལ༌སའེ༌ ཕི༌ལོག༌པོའེ༌ཀ༌ ཡོད༌ཁན༌ནི༌ བླ༌མའེ༌ མེན༌ཏོག༌གི༌ སྐེ༌ཆ༌ དང༌ ལང༌ཏོ༌ཞིག༌ གྱལ༌སའེ༌ གྱས༌སྒོའེ༌ཀ༌ ཁྲིད༌ཏེ༌ ཁྱོངས༌, ཅིའ༌ཟེར༌ན༌ ཁོ༌ དང༌ ཡུལ༌མི༌གུན༌ནི༌ སྐུ༌ཚབས༌ ཉིས༌ཀོའ༌ ཆོད༌པ༌ ཕུལ༌ཨིན༌ སམ༌།
14 ཨིན༌ནའང༌ ཏེ༌བོ༌ པ༌འུ༌ལུ༌ དང༌ བཱར༌ན༌བས༌སི༌ ཚོར༌ར༌ཅིག༌, ཁོང༌ངི༌ རང༌ངི༌ ནམ༌ཟའ༌གུན༌ ཤགས༌ ཡང༌ མི༌ཚོགས༌སི༌ ཕྲོའ༌ གྱུག༌ཨིན༌ སོང༌ཏེ༌ ཀུ༌ཅོ༌ ཏང༌ཨིན༌ མོལས༌,
15 "ཁྱོ༌ཞའེ༌ འི༌ཟུག༌ ཅིའ༌ ཅོའད༌? ང༌ཞའང༌ ཁྱོ༌ཞ༌གུན༌ ཙོགས༌ མི༌ ཨིན༌, ང༌ཞའེ༌ ཁྱོ༌ཞ༌གུན༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཅེས༌སི༌ གྱུན༌ཚན༌བོ༌ ནི༌ འི༌ཙོགས༌སི༌ ཏོན༌མེད༌དི༌ ལས༌གུན༌ ཕངས༌ཏེ༌ སོན༌པོ༌ དཀོན༌མཆོག༌ ཆོགས༌ལ༌ སེམས༌ གྱུར༌ཅེས༌པོ༌ ཨིན༌, ཁོང༌ངི༌ ནམ༌ཁའ༌, ཇིག༌རྟེན༌, གྱ༌ཚོ༌ ཡང༌ ཏེ༌གུན༌ནི༌ ནང༌ང༌ ཡོད༌ཁན༌ ཚང༌མ༌ ཛདས༌ཏེ༌ ཨིན༌ནོག༌།
16 བུད༌ཁན༌ནི༌ མི༌རབས༌གུན༌ནི༌ ནང༌ང༌ དཀོན༌མཆོག༌གི༌ གྱལ༌ཁབ༌ ཚང༌མ༌ རང༌རང༌ ཐད༌སའེ༌ ལམ༌མི༌ཀ༌ གྲུལ༌ ཅུག༌ག༌ ཛདས༌།
17 ཏེ༌ནེའང༌ དཀོན༌མཆོག༌གི༌ ཁོང༌གུན༌ ཉམ༌པོ༌ ཁོང༌ དང༌ ཁོང༌ངི༌ ཐུག༌རྗེ༌ ཡོད༌ཁན༌ནི༌ སྤང༌པོ༌ སལ༌ཨིན༌ ཞུགས༌, སྤེར༌ན༌ ཁྱོ༌ཞའ༌ ཆར༌པ༌ དང༌ སྟོན༌ཐོག༌ གྱལ༌ལ༌, ཟའ༌ཅེས༌ལ༌ ཟན༌ ཡང༌ སེམས༌ཐད༌པོའེ༌ སྐང༌ང༌ ཛདས༌།
18 ཏེ༌ སྤེ༌ར༌གུན༌ ཤད༌ཏེའང༌, ཁོང༌གུན༌ལ༌ ཆོད༌པ༌ ཕུལ༌ཅེས༌ནེ༌ མི༌ཚོགས༌པོའ༌ སྒག༌ཅེས༌ མ༌ ཀགས༌པོ༌ སོང༌།
19 ཏེ༌ནེ༌ ཨན༌ཏི༌ཡོག༌ དང༌ ཨི༌ཀོ༌ནི༌འམ༌ནེ༌ ཡོངས༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ ཁ༌ཅིག༌གི༌ ཏེ༌ ཡུལ༌ལི༌ མི༌གུན༌ ཁོ༌རང༌གུན༌ནི༌ ཆོགས༌ལ༌ ཁྱོངས༌ཏེ༌ པ༌འུ༌ལུའ༌ རྡོའ༌ གྱབས༌, ཡང༌ ཁོང༌ ཤི༌ཏེ༌ ཨིན༌ནོག༌ སམས༌ཏེ༌ གྱལ༌ས༌ནེ༌ ཕི༌ལོག༌ག༌ དྲུད༌ཏེ༌ ཁྱེརས༌།
20 ཨིན༌ནའང༌ ལོབ༌ཕྲུགས༌གུན༌ པ༌འུ༌ལུའི༌ དུན༌ལ༌ ཛོམ༌མ༌ཅིག༌, ཁོང༌ ལངས༌ཏེ༌ གྱལ༌ས༌ ལོགས༌ཏེ༌ སྐྱོདས༌། སྟིང༌མ༌ཞག༌པོ༌ ཁོང༌ བཱར༌ན༌བས༌ ཉམ༌པོ༌ དེར༌བེའ༌ སྐྱོདས༌།
པ༌འུ༌ལུ༌ དང༌ བཱར༌ན༌བས༌ ཨན༌ཏི༌ཡོག༌ག༌ ལོགས༌ཏེ༌ སྐྱོདས༌།
14:21 ནེ༌ 28
21 པ༌འུ༌ལུ༌ དང༌ བཱར༌ན༌བས༌སི༌ དེར༌བེ༌ གྱལ༌སའེ༌ ནང༌ང༌ གའ༌མོའེ༌ ནས༌ཚུལ༌ ཤད༌པ༌ མི༌ མང༌པོ༌ཞིག༌གི༌ ཏད༌པ༌ ཁྱོངས༌། ཏེ༌ནེ༌ ཁོང༌གུན༌ ལིས༌ཏྲའ༌, ཨི༌ཀོ༌ནི༌འམ༌ དང༌ ཨན༌ཏི༌ཡོག༌གི༌ གྱལ༌ས༌གུན༌ལ༌ ལོགས༌ཏེ༌ སྐྱོདས༌།
22 ཁོང༌གུན༌ནི༌ ལོབ༌ཕྲུགས༌གུན༌ལ༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ མོལས༌, "དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌བ༌ལ༌ ང༌དང༌ང༌ སྐ༌ལས༌ མང༌པོའེ༌ དོང༌ལེན༌ ཅོ༌གོས༌ཨིན༌།"
23 ཁོང༌ ཉིས༌ཀོའེ༌ ཆོས༌ཚོགས༌ ཚང༌མའེ༌ ནང༌ང༌ ཏད༌པ༌ཅན༌གུན༌ནི༌ ཕིའ༌ འུ༌སྐྱོང༌གུན༌ ལྡམ༌མ༌ ཛདས༌, ཡང༌ ཉེ༌ནས༌ ཡང༌ན༌ རོ༌ཟཱ༌ དུགས༌ཏེ༌ མོས༌ལམ༌ ཞུས༌ཏེ༌ ཁོང༌གུན༌ གཙོ༌བོ༌ ཡེ༌ཤུའི༌ ཆག༌ག༌ སྟད༌ད༌ ཛདས༌ ཀ༌བོའེ༌ ནང༌ང༌ ཁོང༌གུན༌ནི༌ ཏད༌པ༌ ཁྱོངས༌།
24 ཏེ༌ནེ༌ ཁོང༌ ཉིས༌ཀོ༌ པི༌སིད༌ཡཱ༌ གྱུད༌ཏེ༌ པམ༌ཕིལ༌ཡཱའེ༌ ཡུལ༌ལ༌ སྐྱོདས༌།
25 ཁོང༌གུན༌ནི༌ པེར༌ག༌ གྲོང༌ཁྱེར༌རི༌ ནང༌ང༌ གའ༌མོའེ༌ ནས༌ཚུལ༌ ཤད༌ད༌ ཛད༌ཏེ༌ སྟིང༌ནེ༌ ཨ༌ཏ༌ལིཡཱ༌ ཆོགས༌ལ༌ སྐྱོདས༌།
26 ཏེ༌ཀ༌ནེ༌ པ༌འུ༌ལུ༌ དང༌ བཱར༌ན༌བས༌ གྲུ༌ཟིང༌ང༌ ཞོན༌ཏེ༌ ཨན༌ཏི༌ཡོག༌ གྱལ༌ས༌ ལོགས༌ཏེ༌ སྐྱོདས༌, ཀ༌རུ༌ ཏད༌པ༌ཅན༌གུན༌ནི༌ ཁོང༌ ཉིས༌ཀོའ༌ ལས༌ ཅོ༌ཅེས༌ལ༌ དཀོན༌མཆོག༌གི༌ ཐུག༌རྗེའེ༌ ཆག༌ག༌ སྟད༌ད༌ ཛད༌ཏེ༌ ཨིན༌པིན༌, ཀ༌བོ༌ ཁོང༌གུན༌ནི༌ གྲུབ༌ཅུག༌ ཚར༌ཏེ༌ ཨིན༌ནོག༌།
27 ཨན༌ཏི༌ཡོག༌ག༌ ལེབས༌ཏེ༌ ཁོང༌གུན༌ནི༌ ཆོས༌ཚོགས༌པོ༌ ཛོམས༌ ཅུགས༌ཏེ༌, དཀོན༌མཆོག༌གི༌ ཁོང༌ གྱུད༌ཏེ༌ ཛད༌ཁན༌ནི༌ ལས༌གུན༌ དང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ལ༌ ཏད༌པ༌ ཅོ༌ཅུག༌ག༌ ཛད༌ཁན༌ནི༌ སྐོར༌གུན༌ ཤདས༌།
28 ཡང༌ ཁོང༌གུན༌ ཏེ༌རུ༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཏུས༌བན༌ཤིག༌ ཞུགས༌།