16
ཏད༌པ༌ཅན༌གུན༌ལ༌ གུ༌ནོར༌རི༌ རོགས༌།
16:1 ནེ༌ 4
ཏ༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ དཀོན༌མཆོག༌གི༌ མི༌གུན༌ནི༌ ཕིའ༌ ལྡུ༌ཨིན༌ ཡོད༌ཁན༌ནི༌ པེ༌ནེ༌ སྐོར༌ལ༌ ཁྱོ༌ཞའེ༌ ཏྲི༌ཝ༌ ཏྲི༌ཁན༌ནི༌ ལན༌ལ༌, གཱ༌ལ༌ཏི༌ཡཱའེ༌ ཆོས༌ཚོགས༌གུན༌ལ༌ ངའེ༌ ཏང༌ཁན༌ནི༌ ལབ༌ཞའེ༌ ནང༌ང༌ ཁྱོ༌ཞ༌གུན༌ནའང༌ གྲུལ༌གོ༌ཤེས༌ ཨིན༌ནོག༌། ཟ༌ཉི༌མ༌ རིམས༌སི༌ ཁྱོ༌ཞ༌གུན༌ནི༌ རང༌རང༌ངི༌ ལས༌ ཅོས༌ཏེ༌ ཐོབ༌ཁན༌ནི༌ པེ༌ནེའི༌ ནང༌ནེ༌ ཁག༌ཞིག༌ ཐེན༌ཏེ༌, བོར༌གོ༌ཤེས༌ ཨིན༌ནོག༌། ང༌ ཏེ༌རུ༌ ཡོང༌ཡོང༌ ཚག༌པ༌ སྲུངས༌ཏེ༌ མ༌དུག༌ག༌, ཏེ༌བོ༌ དག༌ས༌ནེ༌ ཕར༌ལ༌ ཅོ༌ཤིག༌། ང༌ ཏེ༌རུ༌ ལེབས༌ཏེ༌ སྐྱེས༌གུན༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ཁྱེར༌ཅེས༌སི༌ ཕིའ༌ ཁྱོ༌ཞ༌གུན༌ནི༌ ལྡམ༌ཁན༌ནི༌ ལོན༌ཁྱེར༌ཁན༌གུན༌ལ༌, ངའེ༌ གྱབ༌ཤེད༌དི༌ ཨི༌གེ༌ རིག༌ བྲི༌ཨིན༌། ཡང༌ གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ངའ༌ ཁོང༌གུན༌ ཉམ༌པོ༌ ཆ༌ཅེས༌པོ༌ ཕན༌ཐོགས༌ཅན༌ དུག༌ སམ༌ན༌, ཁོང༌གུན༌ ང༌ ཉམ༌པོ༌ ཡོང༌ནའང༌ གྲིགས༌ཏེ༌ ཨིན༌ནོག༌།
པ༌འུ༌ལུའི༌ སྟིང༌ཇུག༌གི༌ ལབ༌ཞ༌གུན༌།
16:5 ནེ༌ 18
ང༌ མ༌ཀེ༌དོ༌ནི༌ཡཱའེ༌ ཡུལ༌ལ༌ སོང༌ཏེ༌ སྟིང༌ནེ༌, ཁྱོ༌ཞ༌གུན༌ ཡོད༌ས༌ ཐུག༌ག༌ལ༌ ཡོང༌ཨིན༌, ཅིའ༌ཟེར༌ན༌ ངའེ༌ མ༌ཀེ༌དོ༌ནི༌ཡཱའ༌ གྱུད༌ཏེ༌ བེས༌ལ༌ ཆ༌ཅེས༌སི༌ ཐབས༌ལྡིངས༌ཏེ༌ ཨིན༌། ཅི༌གྱུས༌ ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ བན༌ཤིག༌ དུག༌ཨིན༌ ཡ༌ དགུན༌ གང༌པོའང༌, ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ང༌ ཀ༌ཡུལ༌ལ༌ ཆ༌ནའང༌, ཏེ༌རུ༌ ངའ༌ སྒོས༌དོམ༌གུན༌ ཏངས༌ཏེ༌ ལམ༌ཅུག༌ ཉན༌ཅེས༌ ཨིན༌ནོག༌། འི༌ ལན༌ ང༌ ཙ༌པིག༌ཞིག༌ ཐུག༌ག༌ ཡོངས༌ཏེ༌ ཆ༌ཅེས༌སི༌ དོད༌པ༌ མེ༌རག༌, གལ༌ཏེས༌ གཙོ༌བོའེ༌ ང༌ གོངས༌པ༌ སལ༌ལ༌ ཛད༌ན༌, ང༌ ཡོངས༌ཏེ༌ ཏུས༌བན༌ཤིག༌ དུག༌ཉིན༌རག༌། ཨིན༌ནའང༌ པེན༌ཏི༌ཀོས༌སི༌ གའ༌སྟོན༌ ལེབ༌ལེབ༌ ཚོག༌པ༌ལ༌, ང༌ འི༌རུ༌ ཨེ༌ཕེ༌སས༌སི༌ གྱལ༌སའེ༌ ནང༌ང༌ དུག༌ཨིན༌། ཞན༌ འི༌རུ༌ མང༌པོ༌ཞིག༌གི༌ ངའེ༌ གྱབ༌གལ༌ ཅོ༌ནའང༌, ང༌ བྲས༌བུ༌ ཟང༌པོ༌ སྨིན༌སྲིད༌ཅེས༌ཅན༌ནི༌ ལས༌ གྱལ༌ལ༌ ཅོ༌ཅེས༌སི༌ སྐབས༌ ཟང༌པོ༌ རིག༌ ཐོབས༌ཏེ༌ ཡོད༌།
10 ངའེ༌ སྤུན༌ ཏི༌མོ༌ཐི༌ ལེབ༌ ཟ༌ནེ༌, ཁྱོ༌ཞའེ༌ ཕྲོའ༌ ཁོའ༌ ཇིགས༌ནང༌ ཡོང༌ མ༌ཅུག༌ཤིག༌ ཅིའ༌ཟེར༌ན༌ ངའེ༌ ཅོ༌ཁན༌ ཙོགས༌ལ༌ ཁོའེང༌ གཙོ༌བོའེ༌ ལས༌གུན༌ ཅོ༌ཨིན༌ ཨིན༌ནོག༌། 11 སུ༌ཞིག༌གའང༌ ཁོའ༌ རིན༌མེད༌ ཅོ༌ མ༌ཅུག༌ཤིག༌། ཁོ༌ ང༌ ཡོད༌ས༌ ལོགས༌ཏེ༌ ཡོང༌ ཟ༌ནེ༌ ཁྱོ༌ཞ༌གུན༌ནི༌, ཅིན༌ལབས༌ ཉམ༌པོ༌ ཁོ༌ ལམ༌ཅུག༌ཤིག༌། ཁོ༌ ཞན༌ཡང༌ ཏད༌པ༌ཅན༌གུན༌ ཉམ༌པོ༌ ཡོང༌ཅེས༌སི༌ ངའེ༌ རེ༌ཝ༌ ཅོའད༌།
12 ཏ༌ ང༌དང༌གུན༌ནི༌ སྤུན༌ ཨ༌པོ༌ལོས༌སི༌ སྐོར༌ལ༌ ཞུ༌ན༌, ངའེ༌ ཁོའ༌ ཁྱོ༌ཞ༌གུན༌ནི༌ཀ༌ ཞན༌ཡང༌ ཏད༌པ༌ཅན༌གུན༌ ཉམ༌པོ༌ ཆ༌ཅེས༌ལ༌ སྤོས༌པ༌ ཏང༌ཨིན༌ ཞུ༌ཝ༌ ཕུལ༌པིན༌, ཨིན༌ནའང༌ ཁོའ༌ དག༌ས༌ ཆ༌ཅེས༌སི༌ དོད༌པ༌ མི༌རུག༌། ཡང༌ སྐབས༌ ཐོབ༌ ཟ༌ནེ༌ ཁོ༌ ཁྱོ༌ཞ༌གུན༌ལ༌ ཐུག༌ག༌ ཡོང༌ཨིན༌།
13 ཤང༌ ཅོ༌ཤིག༌; ཏད༌པའེ༌ ནང༌ང༌ སྟན༌པོ༌ དུག༌ཤིག༌; སེམས༌ཤུགས༌ཅན༌ ཡང༌ ཏད༌པའེ༌ ནང༌ང༌ ཤེད༌ཅན༌ གྱུར༌ཏེ༌ དུག༌ཤིག༌། 14 ཅི༌ཚང༌མ༌ ཅེས༌པ༌ ཉམ༌པོ༌ ཅོ༌ཤིག༌།
15-16 ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌, སྟེ༌ཕན༌ནས༌ ཟེར༌ཁན༌ དང༌ ཁོའེ༌ ནང༌མི༌ ཚང༌མ༌ གིརིས༌སི༌ ནང༌ང༌ ཏད༌པ༌ཅན༌ ཏང༌པོ༌རང༌ ཨིན༌པིན༌། ཡང༌ ཁོང༌གུན༌ནི༌ དཀོན༌མཆོག༌གི༌ མི༌གུན༌ནི༌ ཕིའ༌ ཞབ༌སྟོག༌ ཞུ༌ཅེས༌སི༌ ནང༌ང༌ ཏུས༌གུན༌ ཕུད༌ཨིན༌ ཨིན༌ནོག༌། སྤུན༌གུན༌ལ༌ ངའེ༌ སྤོས༌པ༌ ཏང༌ཨིན༌ ཞུ༌ཝ༌ ཨིན༌, ཁྱོ༌ཞ༌རང༌གུན༌ ཁོང༌གུན༌ དང༌ ཞན༌ཡང༌ འི༌ཙོགས༌སི༌ དོད༌པ༌ ཉམ༌པོ༌ ཞབ༌སྟོག༌ ཞུ༌ཁན༌གུན༌ནི༌ ཝང༌ངི༌ ཡོག༌ག༌ བོར༌ཤིག༌། 17 ང༌དང༌ངི༌ སྤུན༌ སྟེ༌ཕན༌ནས༌, ཕོར༌ཅུན༌ན༌ཏུས༌ དང༌, ཨ༌ཁའི༌ཀས༌ གུན༌ འི༌རུ༌ ལེབ༌ཅེས༌པོའེ༌ ང༌ མ༌ ཐད༌པོ༌ རག༌, ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཁྱོ༌ཞའེ༌ ཚབས༌ ཅོས༌ཏེ༌ ང༌ རོགས༌ ཅོ༌རུག༌། 18 ཁྱོ༌ཞ༌གུན༌ལ༌ ཡོད༌ད༌ ཙོགས༌ལ༌ ཁོང༌གུན༌ ངའེ༌ ཕིའང༌ ཧ༌ལས༌སི༌ སྤོས༌པ༌ རིག༌ གྱུར༌ཏེ༌ ཨིན༌། ཁོང༌ ཙོགས༌སི༌ མི༌, གྱལ༌ལ༌ ཅོས༌ཏེ༌ ཞབ༌སྟོག༌ ཞུ༌ཁན༌གུན༌ལ༌ ཁྱོ༌ཞ༌གུན༌ནི༌ སྟོད༌པ༌ ཕུལ༌གོས༌།
པ༌འུ༌ལུའི༌ སྟིང༌ཇུག༌གི༌ ཇུ༌ ཞུས༌།
16:19 ནེ༌ 24
19 ཨ༌སི༌ཨཱའེ༌ གྱལ༌ཁག༌གི༌ ནང༌ང༌ ཡོད༌ཁན༌ནི༌ ཆོས༌ཚོགས༌གུན༌ནི༌ གཙོ༌བོའེ༌ ཚན༌ནི༌ ནང༌ང༌ ཇུ༌ ཀལ༌དུག༌། སྤུན༌ ཨ༌ཀུའི༌ལའ༌ དང༌ ཁོའེ༌ ན༌མ༌ པིརི༌སི༌ལ༌ ཡང༌ ཁོང༌ངི༌ ཁང༌པའེ༌ ནང༌ང༌ ཚོགས༌ཁན༌ནི༌ ཆོས༌ཚོགས༌སིའང༌ ཇུ༌ ཀལ༌དུག༌། 20 འི༌རུ༌ ཡོད༌ཁན༌ནི༌ སྤུན༌ ཚང༌མའེ༌ ཁྱོ༌ཞ༌གུན༌ལ༌ ཇུ༌ ཀལ༌དུག༌། ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཉམ༌པོ༌ ཇུ༌ ཞུས༌།
21 ཏ༌ ང༌ པ༌འུ༌ལུའི༌ ཨི༌གེ༌ བྲི༌ཁན༌བོའེ༌ ཀ༌ནེ༌ ཉི༌གུ༌ ཁྱོངས༌ཏེ༌ ང༌རང༌ངི༌ ལག༌བྲིས༌སི༌ ནང༌ང༌ ཇུ༌ ཀལ༌ལད༌།
22 གལ༌ཏེས༌ སུ༌ཞིག༌གི༌ གཙོ༌བོའ༌ ཅེས༌པ༌ ཅོའ༌ མེད༌ན༌, ཏེ༌ མི༌བོའ༌ ངན༌ ཕོག༌ག༌ནོག༌། ང༌དང༌གུན༌ནི༌ གཙོ༌བོ༌ གྱོགས༌པ༌ སྐྱོད༌ཤིག༌།
23 གཙོ༌བོ༌ ཡེ༌ཤུའི༌ ཐུག༌རྗེ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ལུས༌ཤིག༌།
24 མ༌ཤི༌ཀ༌ ཡེ༌ཤུའི༌ ཨིན༌ཁན༌ ཚང༌མ༌ལ༌ ངའེ༌ ཅེས༌པ༌ ཀལ༌ལད༌༎