7
ན༌མ༌ ཅོ༌ཅེས༌སི༌ སྐོར༌ལ༌ ལབ༌ཞ༌།
7:1 ནེ༌ 40
ཏ༌ ཁྱོ༌ཞ༌གུན༌ནི༌ ཨི༌གེའི༌ ནང༌ང༌ ཏྲི༌ཝ༌ ཏྲིས༌ཏེ༌ ཡོད༌ཁན༌ནི༌ ལན༌ལ༌, འོ༌ན༌, བུ༌ཚ༌ ཡ༌ བུ༌མོ༌ གུན༌ནི༌ ན༌མ༌ མ༌ཅོ༌ན༌ གྱལ༌ལ༌ ཨིན༌ནོག༌། ཨིན༌ནའང༌ ཇིག༌རྟེན༌ནི༌ ནང༌ང༌ ལུས༌བྲེལ༌ ངན༌པ༌ མངས༌ཏེའང༌ ཡོད༌ པ༌སང༌, བུ༌ཚ༌ རེ༌རེའ༌ ན༌མ༌ ཅིག༌ ཡང༌ བུ༌མོ༌ རེ༌རེའ༌ མག༌པ༌ ཅིག༌ ཡོང༌གོ༌ཤེས༌ ཨིན༌ནོག༌།
མག༌པའེ༌ ཁོ༌རང༌ངི༌ ན༌མའེ༌ ལུས༌བྲེལ༌ལི༌ སྒོས༌དོམ༌གུན༌ གྲུབ༌ཅུག༌གོས༌, ཡང༌ ན༌མའེ༌ ཁོ༌རང༌ངི༌ མག༌པའེ༌ ལུས༌བྲེལ༌ལི༌ སྒོས༌དོམ༌གུན༌ གྲུབ༌ཅུག༌གོས༌། ཏེ༌བོ༌ ནི༌ ན༌མའེ༌ ཁོ༌རང༌ངི༌ ཟུགས༌པོའེ༌ཀ༌ ཁོ༌རང༌ངི༌ མག༌པའ༌ ཝང༌ཆ༌ ཡང༌ མག༌པའེ༌ ཁོ༌རང༌ངི༌ ཟུགས༌པོའེ༌ཀ༌ ཁོ༌རང༌ངི༌ ན༌མའ༌ ཝང༌ཆ༌ ཏང༌ང༌ནོག༌།
ཁྱོ༌ཞ༌རང༌ མང༌ང༌ མོས༌ལམ༌མི༌ ནང༌ང༌ ཏང༌ ཉན༌ཅེས༌སི༌ ཕིའ༌ ཁྱོ༌ཞའ༌ ཉིས༌ཀོའེ༌ ཁའ༌ཆམས༌ཏེ༌, ཏུས༌ ཉུ༌ངུན༌ཞིག༌ ལུས༌བྲེལ༌ མི༌ཅོ༌ སམ༌ན༌ མ༌སྟོགས༌, ཁྱོ༌ཞའ༌ ཉིས༌ཀོའེ༌ པར༌ལ༌ ཟུགས༌པོའེ༌ སྒོས༌དོམ༌གུན༌ མ༌ཅོའ༌ མ༌དུག༌ཤིག༌། ཏེ༌ཏུས༌པོའེ༌ སྟིང༌ནེ༌, ཉིས༌ཀོ༌ ཡང༌སྐྱར༌ ཉམ༌པོ༌ ཛོམ༌གོས༌, ཅིའ༌ཟེར༌ན༌ ཁྱོ༌ཞའ༌ རང༌སེམས༌ ཅུན༌ཅེས༌སི༌ ནང༌ང༌ ཤེད༌མེད༌ ཡོད༌ པ༌སང༌, ཤེ༌ཏན༌ནི༌ སྡིག༌པའེ༌ ནང༌ང༌ གྱེལ༌ ཅུག༌སྲིད༌ཅེས༌ ཨིན༌ནོག༌། ངའེ༌ ཏེ༌བོ༌ ཅོ༌ཅེས༌ལ༌ བཀའ༌ ཏངས༌ཏེ༌ ཟེར༌ར༌མེད༌, ཨིན༌ནའང༌ གོངས༌པ༌ ཏང༌ངད༌། ང༌ ཙོགས༌ལ༌ ཚང༌མ༌ ན༌མ༌ མ༌ཅོའ༌ དུགས༌ཏེ༌ ཡོད༌ཅེས༌པོ༌, ངའེ༌ དོད༌པ༌ ཅོའད༌། ཨིན༌ནའང༌ དཀོན༌མཆོག༌གི༌ ཆོགས༌ནེ༌ མི༌ རེ༌རེའ༌ མིག༌སལ༌ལི༌ ཁྱུད༌རིག༌ སལ༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌, མི༌ ཅིག༌ག༌ ཁྱུད༌དི༌ རིག༌ ཅིག༌ ཡང༌ མི༌ཞིག༌ག༌ ཡང༌ ཁྱུད༌དི༌ རིག༌ཞིག༌།
ཏ༌ ངའེ༌ ན༌མ༌ མ༌ཅོ༌ཁན༌ དང༌ ཨ༌ནེ༌ མ༌རང༌མོ༌ ཡ༌ ན༌མ༌ ཀྲོང༌ཁན༌ནི༌ མག༌པ༌ གུན༌ལ༌ ཟེར༌རད༌། ན༌མ༌ མ༌ཅོའ༌ དུག༌ན༌, གྱལ༌ལ༌ ཨིན༌ནོག༌ ཀ༌ཟུག༌གི༌ ངའ༌ དུགས༌ཏེ༌ ཡོད༌། ཨིན༌ནའང༌ གལ༌ཏེས༌ ཁོང༌གུན༌ནི༌ རང༌དང༌རང༌ང༌ ཅུན༌ མ༌ཐུབ༌ན༌, ན༌མ༌ ཅོ༌གོ༌ཤེས༌ ཨིན༌ནོག༌། ལུས༌བྲེལ༌ ཅོ༌ཅེས༌སི༌ དོད༌པའེ༌ ནང༌ང༌ མེ༌ བར༌རི༌ སང༌ ན༌མ༌ ཅོ༌ན༌ གྱལ༌།
10 ཏ༌ ན༌མ༌ ཅོ༌ཁན༌གུན༌ལ༌ ངའེ༌ བཀའ༌ ཏང༌ངད༌, ཀ༌བོ༌ ང༌རང༌ངི༌ མན༌པ༌ གཙོ༌བོ༌ ཡེ༌ཤུའི༌ ཆོགས༌ནེ༌ ཨིན༌། ན༌མའེ༌ རང༌ངི༌ མག༌པ༌ ཕང༌ མ༌གོས༌། 11 ཨིན༌ནའང༌ གལ༌ཏེས༌ ཁོའེ༌ ཁོ༌རང༌ངི༌ མག༌པ༌ ཕང༌ན༌, ཏེ༌ བུ༌མོ༌བོ༌ ཅིག༌པོ༌ དུག༌གོས༌ ཡ༌ ཁོ༌རང༌ངི༌ མག༌པ༌ ཉམ༌པོ༌ ཡང༌སྐྱར༌ ཛོམ༌གོས༌། ཏེན༌ན༌ ཙོགས༌ལ༌ མག༌པའེ༌ ཁོ༌རང༌ངི༌ ན༌མ༌ ཅད༌ མ༌གོས༌།
12 ཏ༌ ཞན༌ ང༌ གཙོ༌བོའེ༌ ཆོགས༌ནེ༌ ཁ༌དྲང༌ང༌ བཀའ༌ཞིག༌ མེད༌ནའང༌, ངའེ༌ འི༌བོ༌ ཁྱོ༌ཞའ༌ ལུས༌ཏེ༌ ཡོད༌ཁན༌གུན༌ལ༌ ཟེར༌རད༌, "གལ༌ཏེས༌ མ༌ཤི༌ཀ༌པ༌ བུ༌ཚ༌ཞིག༌ག༌ ཏད༌པ༌ མེད༌ཁན༌ནི༌ ན༌མ༌ཞིག༌ ཡོད༌ན༌ ཡང༌ ཏེ༌ བུ༌མོ༌བོ༌ ཁོ༌ ཉམ༌པོ༌ དུག༌ཅེས༌ལ༌ ཐད༌དད༌ན༌, ཏེ༌ བུ༌ཚའེ༌ ཁོ༌ ཅད༌ མ༌གོས༌། 13 ཡང༌ གལ༌ཏེས༌ མ༌ཤི༌ཀ༌པ༌ བུ༌མོ༌ཞིག༌ག༌ ཏད༌པ༌ མེད༌ཁན༌ནི༌ མག༌པ༌ཞིག༌ ཡོད༌ན༌, ཡང༌ ཁོ༌ ཏེ༌ བུ༌མོ༌ ཉམ༌པོ༌ དུག༌ཅེས༌ལ༌ ཐད༌དད༌ན༌, ཏེ༌ བུ༌མོ༌བོའེ༌ ཁོ༌ ཕང༌ མ༌གོས༌། 14 ཏེ༌ མ༌ཤི༌ཀ༌པའེ༌ ན༌མའེ༌, ཁོ༌རང༌ངི༌ ཏད༌པ༌ མེད༌ཁན༌ནི༌ མག༌པ༌བོ༌ རྩང༌མ༌ ཅོའ༌ནོག༌། ཡང༌ ཏེ༌ མ༌ཤི༌ཀ༌པའེ༌ མག༌པའེ༌, ཁོ༌རང༌ངི༌ ཏད༌པ༌ མེད༌ཁན༌ནི༌ ན༌མ༌བོ༌ རྩང༌མ༌ ཅོའ༌ནོག༌། གལ༌ཏེས༌ ཏེ༌ཟུག༌ མན༌པིན༌ན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཁོང༌ངི༌ ཕྲུ༌གུ༌གུན༌ དམ༌པ༌ཞིག༌ མེད༌གྲོ༌། ཨིན༌ནའང༌ ཁོང༌གུན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དམ༌པ༌ རིག༌ ཨིན༌ནོག༌། 15 གལ༌ཏེས༌ ཏད༌པ༌ མེད༌ཁན༌ནི༌ མག༌པ༌ ཡ༌ ན༌མ༌ གུན༌ རང༌ངི༌ ཞིད༌མད༌ ཉམ༌པོ༌ དུག༌ག༌ལ༌ ཐད༌ད༌ མེད༌ན༌, ཏེ༌ནེ༌ ཆ༌ཅུག༌ཤིག༌། ཏེ༌ཙོགས༌སི༌ ནས༌ལུག༌གི༌ ནང༌ང༌ མ༌ཤི༌ཀ༌པ༌ མག༌པ༌ ཡ༌ ན༌མ༌ གུན༌ནི༌ ཉམ༌པོ༌ དུག༌ཅེས༌སི༌ ཕིའ༌, ནའ༌ ཁུར༌ཁན༌གུན༌ལ༌ སྟེན༌ཏེ༌ དུག༌གོས༌ མེད༌པ༌ ཨིན༌ནོག༌། དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ ཞི༌དེའེ༌ ནང༌ང༌ དུག༌ཅེས༌སི༌ ཕིའ༌, བོད༌ད༌ ཛད༌ཏེ༌ ཨིན༌ནོག༌། 16 ན༌མ༌གུན༌, ཁྱོ༌ཞའེ༌ ཞས༌ཏེ༌ ཁྱོ༌ཞའེ༌ མག༌པ༌གུན༌ ཏད༌པའེ༌ ནང༌ང༌ ཡོང༌སྲིད༌ཅེས༌པོ༌ གྱུས༌ཆའ༌ མེ༌རག༌ག༌? ཡང༌ མག༌པ༌གུན༌ ཁྱོ༌ཞའེ༌ ཞས༌ཏེ༌, ཁྱོ༌ཞའེ༌ ན༌མ༌གུན༌ ཏད༌པའེ༌ ནང༌ང༌ ཡོང༌སྲིད༌ཅེས༌པོ༌ གྱུས༌ཆའ༌ མེ༌རག༌ག༌?
17 གཙོ༌བོའེ༌ ཁྱོ༌ཞ༌གུན༌ ཀ༌ཟུག༌ ནས༌ལུག༌ ཤིག༌གི༌ ནང༌ང༌ བོར༌ར༌ ཛད༌ཏེ༌ ཡོད༌ནའང༌, ཁྱོ༌ཞའ༌ རེ༌རེ༌ ཏེ༌ནང༌ང༌ དུག༌གོ༌ཤེས༌ ཨིན༌ནོག༌། ཡང༌ ཀ༌ཟུག༌ ནས༌ལུག༌གི༌ ནང༌ང༌ ཁྱོ༌ཞའ༌, དཀོན༌མཆོག༌གི༌ གོ༌མ༌རང༌ ཏད༌པའེ༌ ནང༌ང༌ བོད༌ད༌ ཛད༌ ཟ༌ནེ༌ ཡོད༌པིན༌, ཏེན༌ན༌ ནས༌ལུག༌ ཙོགས༌སི༌ ནང༌ང༌ དུག༌གོས༌། འི༌བོ༌ ཆོས༌ཚོགས༌ ཚང༌མའེ༌ ཕིའ༌ ངའེ༌ ཁྲིམས༌པོ༌ ཨིན༌། 18 སྤེར༌ན༌ ཡ༌ཧུ༌དཱ༌པ༌ཞིག༌གི༌ ཏད༌པ༌ཅན༌ གྱུར༌རི༌ སང༌ སྔུན༌ལ༌, ཁོ༌རང༌ང༌ སུན༌ནད༌ ཅོས༌ཏེ༌ ཡོད༌ན༌, ཏེ༌བོ༌ གྱུར༌ཅེས༌སི༌ རྩོན༌གྲུས༌ མ༌ཅོ༌ཤིག༌། ཡང༌ སུན༌ནད༌ མ༌ཅོ༌ཁན༌ནི༌ མི༌ཞིག༌ ཏད༌པ༌ཅན༌ གྱུར༌ན༌, ཁོའེ༌ ཁོ༌རང༌ང༌ སུན༌ནད༌ ཅོ༌གོས༌ མེད༌པ༌ ཨིན༌ནོག༌། 19 ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ སུན༌ནད༌ ཅོ༌ཁན༌ ཡ༌ མ༌ཅོ༌ཁན༌བོའེ༌ ནང༌ང༌ ཅའང༌ ཁྱད༌ མེད༌ཏེ༌ ཨིན༌ནོག༌། ཁག༌ཅན༌བོ༌ ནི༌ དཀོན༌མཆོག༌གི༌ བཀའ༌རྒྱ༌གུན༌ སྲུང༌ཅེས༌པོ༌ ཨིན༌ནོག༌།
20 འོ༌ན༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ བོད༌ད༌ ཛད༌ ཟ༌ནེ༌ ཡོད༌ཁན༌ནི༌ ནས༌ལུག༌པོའེ༌ ནང༌ང༌ ཁྱོ༌ཞའ༌ རེ༌རེ༌ དུག༌གོ༌ཤེས༌ ཨིན༌ནོག༌། 21 དཀོན༌མཆོག༌གི༌ བོད༌ད༌ ཛད༌ ཟ༌ནེ༌, ཁྱོ༌ཞ༌ ཚེ༌ཡོག༌ ཨིན༌པིན༌ན༌? གལ༌ཏེས༌ ཨིན༌ན༌ ཚེར༌ཁ༌ མ༌ཅོ༌ཤིག༌, ཨིན༌ནའང༌ གལ༌ཏེས༌ ཁྱོ༌ཞ༌གུན༌ལ༌ ཚེ༌ཡོག༌ནེ༌ ཐར༌ཅེས༌སི༌ སྐབས༌ ཐོབ༌ན༌, ཏེ༌ སྐབས༌པོ༌ ལེན༌ཤིག༌། 22 ཡང༌ གལ༌ཏེས༌ ཁྱོ༌ཞའ༌ གཙོ༌བོའེ༌ བོད༌ད༌ ཛད༌ ཟ༌ནེ༌ ཚེ༌ཡོག༌ ཨིན༌ན༌, ཏ༌ ཁྱོ༌ཞ༌གུན༌ གཙོ༌བོའེ༌ ནང༌ང༌ སྡིག༌པའེ༌ ཚེ༌ཡོག༌ནེ༌ ཐར༌ཏེ༌ ཨིན༌ནོག༌། ཡང༌ གལ༌ཏེས༌ ཁྱོ༌ཞ༌གུན༌ གཙོ༌བོའེ༌ བོད༌ད༌ ཛད༌ ཟ༌ནེ༌ ཚེ༌ཡོག༌ མན༌པིན༌ན༌ ཏ༌ ཁྱོ༌ཞ༌གུན༌ མ༌ཤི༌ཀའེ༌ ཚེ༌ཡོག༌ གྱུར༌ཏེ༌ ཨིན༌ནོག༌། 23 དཀོན༌མཆོག༌གི༌ རིན༌ ཆེན༌མོ༌ཞིག༌ ཤལ༌ལ༌ ཛད༌ཏེ༌ ཉོའ༌ ཛད༌པ༌, ཁྱོ༌ཞའ༌ ཟུས༌མའེ༌ ལོབ༌པོན༌གུན༌ནི༌ ཚེ༌ཡོག༌ གྱུར༌ མ༌ཅུག༌ཤིག༌། 24 སྤུན༌གུན༌ ཁྱོ༌ཞའ༌ རེ༌རེ༌ ཏེན༌ན༌ ཙོགས༌ ལུས༌གོས༌ ནམ༌ ཁྱོ༌ཞ༌གུན༌ དཀོན༌མཆོག༌གི༌ བོད༌ད༌ ཛད༌ ཟ༌ནེ༌ ཡོད༌པིན༌།
25 ཏ༌ ཁྱོ༌ཞའེ༌ ན༌མ༌ མ༌ཅོ༌ཁན༌གུན༌ནི༌ སྐོར༌ལ༌ ཏྲི༌ཝ༌ ཏྲི༌ཁན༌བོའ༌, ཏེ༌གུན༌ལ༌ ཏང༌ཅེས༌ལ༌ གཙོ༌བོའེ༌ ངའ༌ བཀའ༌ཞིག༌ སལ༌ལ༌ མ༌ཛདས༌, ཨིན༌ནའང༌ གཙོ༌བོའེ༌ ཁོང༌རང༌ངི༌ སྙིང༌རྗེའེ༌ ནང༌ང༌ ཨིད༌ཤེས༌ ཅོ༌ཉན༌ཅེས༌སི༌ ངའ༌ ཤེས༌རབས༌ སལ༌ལ༌ ཛདས༌, ཡང༌ ངའེ༌ ཏེ༌བོ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ བགོའད༌། 26 དག༌ས༌ ང༌དང༌གུན༌ ཏུས༌ སྐྱོ༌མོའེ༌ ནང༌ང༌ ཡོད༌ཅེས༌པོའེ༌, ངའེ༌ སམ༌མ༌རག༌ ཁྱོ༌ཞ༌གུན༌ ཀ༌ཟུག༌ ནས༌ལུག༌ཤིག༌གི༌ ནང༌ང༌ ཡོད༌ནའང༌, ཏེན༌ནེ༌ ནང༌ང༌ དུག༌གོ༌ཤེས༌ ཨིན༌ནོག༌། 27 གལ༌ཏེས༌ ཁྱོ༌ཞ༌གུན༌ལ༌ ན༌མ༌ ཡོད༌ན༌, ན༌མ༌ ཅད༌ཅེས༌ ཡང༌ གལ༌ཏེས༌ ན༌མ༌ མེད༌ན༌, ན༌མ༌ ཅོ༌ཅེས༌སི༌ རྩོན༌གྲུས༌ མ༌ཅོ༌ཤིག༌། 28 ཨིན༌ནའང༌ གལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ན༌མ༌ ཅོ༌ན༌, ཏེ༌བོ༌ སྡིག༌པ༌ཞིག༌ མ༌ནོག༌། ཡང༌ གལ༌ཏེས༌ བུ༌མོ༌ ན༌ཆུང༌ཞིག༌གི༌ ན༌མ༌ ཅོ༌ན༌, ཏེ༌བོའང༌ སྡིག༌པ༌ཞིག༌ མ༌ནོག༌། ཅི༌ཨིན༌ནའང༌ འི༌ སྐྱོ༌མོའི༌ ཏུས༌ལ༌ *, ན༌མ༌ ཅོ༌ཁན༌གུན༌ལ༌ མང༌ང༌ ནགས༌ ཐོང༌ཨིན༌, ཡང༌ ངའེ༌ ཁྱོ༌ཞ༌གུན༌ འི༌ ནགས༌གུན༌ནེ༌ ཐར༌ཅུག༌ཅེས༌སི༌ རྩོན༌གྲུས༌ ཅོའད༌།
29 ངའེ༌ སྤུན༌གུན༌ ངའེ༌ ཟེར༌ཅེས༌སི༌ དོན༌བོ༌ ནི༌, མ༌ཤི༌ཀ༌ ལོགས༌ཏེ༌ ཕེབ༌ཅེས༌སི༌ ཏུས༌པོ༌ ཉུ༌ངུན༌ཞིག༌ མ༌ནེ༌ ལུས༌ཏེ༌ མེད༌ པ༌སང༌, དག༌ས༌ནེ༌ ཕར༌ལ༌ ན༌མ༌ ཅོ༌ཁན༌གུན༌ནི༌ དཀོན༌མཆོག༌གི༌ ཞབ༌སྟོག༌གི༌ ནང༌ང༌ ན༌མ༌ ཅོའེ༌ སང༌ སྔུན༌ལ༌ ཏང༌ཁན༌ནི༌ ཏེན༌ན༌ ཏུས༌པོ༌ དག༌སའང༌ ཏང༌གོས༌། 30-31 སྐྱོ༌མོ༌ ཡོད༌ཁན༌ ཡ༌ སྐྱིད༌པོ༌ ཡོད༌ཁན༌ ཡ༌ ཉོབ༌ཚོང༌ ཏང༌ཨིན༌ དུག༌ཁན༌ ཡ༌ ནོར༌ མང༌པོ༌ ཡོད༌ཁན༌ གུན༌ནི༌ ཏེ༌གུན༌ནི༌ སྐོར༌ལ༌ ཏུས༌གྱུན༌ སམ༌ཨིན༌ མ༌དུག༌ཤིག༌, ཅིའ༌ཟེར༌ན༌ འི༌ ཇིག༌རྟེན༌ནི༌ ནང༌ང༌ ཡོད༌ཁན༌ ཚང༌མ༌ གྱོགས༌པ༌ མེད༌ཁན༌ ཆ༌ཅེས༌ ཨིན༌ནོག༌།
32 ཁྱོ༌ཞ༌གུན༌ ཏེ༌ མི༌ཚེའེ༌ ཚེར༌ཁ༌གུན༌ནེ༌ ཐར༌གོ༌ཤེས༌པོ༌ ངའེ༌ དོད༌པ༌ ཨིན༌། སྤེར༌ན༌, ན༌མ༌ མ༌ཅོ༌ཁན༌ནི༌ བུ༌ཚ༌ཞིག༌གི༌ ཁོ༌རང༌ངི༌ ཏུས༌པོ༌ གཙོ༌བོའ༌ ཞབ༌སྟོག༌ ཞུ༌ཅེས༌སི༌ ནང༌ང༌ ཕུད༌ཉན༌ན༌ནོག༌ ཡང༌ ཁོང༌ ཐུག༌ཉེས༌ཤུག༌ཅེས༌སི༌ སྐོར༌ལ༌ སམ༌བ༌ ཏང༌ང༌ནོག༌། 33 ཨིན༌ནའང༌ ན༌མ༌ ཅོ༌ཁན༌ནི༌ བུ༌ཚའེ༌ ཁོ༌རང༌ངི༌ ཇིག༌རྟེན༌ནི༌ ཁག༌ དང༌ རང༌ངི༌ ན༌མ༌ ཐད༌ཅུག༌ཅེས༌སི༌ སྐོར༌ལ༌ སམ༌མ༌ནོག༌, 34 ཡང༌ ཁོའེ༌ སེམས༌པོ༌ ཁག༌ཉིས༌སི༌ ནང༌ང༌ བགོ༌གོས༌ས༌ནོག༌། ཏེན༌ན༌ ཙོགས༌ལ༌ མག༌པ༌ ཤི༌ཁན༌ ཡ༌ ན༌མ༌ མ༌ནེ༌ མ༌ཅོའ༌ དུག༌ཁན༌ནི༌ བུ༌མོ༌ གུན༌ནི༌, ཟུགས༌པོ༌ དང༌ སེམས༌ཉིད༌ ཉིས༌ཀོ༌ ཉམ༌པོ༌ ཏུས༌ གང༌པོ༌ གཙོ༌བོའ༌ ཞབ༌སྟོག༌ ཞུ༌ཉན༌ན༌ནོག༌། ཨིན༌ནའང༌ ན༌མ༌ ཅོ༌ཁན༌ནི༌ བུ༌མོ༌ཞིག༌གི༌ ཁོ༌རང༌ངི༌ ཇིག༌རྟེན༌ནི༌ ཁག༌གུན༌ དང༌ ཁོ༌རང༌ངི༌ མག༌པ༌ ཐད༌ཅུག༌ཅེས༌སི༌ སྐོར༌ལ༌ སམ༌མ༌ནོག༌། 35 ངའེ༌ འི༌བོ༌ གག༌སྐྱིལ༌ ཏང༌ཅེས༌སི༌ ཕིའ༌ མན༌པ༌, ཁྱོ༌ཞ༌གུན༌ནི༌ ཕན༌ཐོགས༌སི༌ ཕིའ༌, ཟེར༌རད༌། ངའེ༌ དོད༌པ༌བོ༌ ནི༌, ཅི༌ས༌ཐོག༌ནེ༌ ཁྱོ༌ཞ༌གུན༌ནི༌ སེམས༌པོ༌ ཡན༌ མ༌ཡན༌ན༌ གཙོ༌བོའ༌ ཞབ༌སྟོག༌ གྱལ༌ལ༌ ཅོས༌ཏེ༌ ཞུ༌ཅུག༌ཅེས༌པོ༌ ཨིན༌།
36 ཨིན༌ནའང༌ གལ༌ཏེས༌ བུ༌ཚ༌ཞིག༌གི༌ ཁོ༌རང༌ངི༌ ན༌མ༌ ཅོ༌ཅེས༌ཅན༌བོ༌ ཉམ༌པོ༌ མི༌འོས༌པ༌ ཅོས༌ཏེ༌ ཨིན༌ནོག༌ སམ༌ཅེས༌, མ༌ཚད༌ ཁོའ༌ ལུས༌བྲེལ༌ལི༌ དོད༌པ༌ སྲན༌ཏྲེ༌ ཡོད༌ན༌, ཏེ༌ བུ༌ཚའེ༌ ཁོ༌རང༌ངི༌ དོད༌པ༌ ནང༌ཞིན༌ ཏེ༌ བུ༌མོ༌ ཉམ༌པོ༌ ན༌མ༌ ཅོ༌གོས༌། ཁོའེ༌ སྡིག༌པ༌ ཅོས༌ཏེ༌ མ༌ནོག༌། 37 ཨིན༌ནའང༌ ཞན༌མའེ༌ ཝང༌ ཏངས༌ཏེ༌ མན༌པ༌ གལ༌ཏེས༌ ཁོའེ༌ ཁོ༌རང༌ངི༌ དོད༌པ༌བོ༌ ཅུན༌ཉན༌ཏེ༌ ཏེ༌ བུ༌མོ༌ ཉམ༌པོ༌ ན༌མ༌ མི༌ཅོ༌ཅེས༌ ཏན༌ཏན༌ ཐག༌ཅད༌ན༌, གྱལ༌ལ༌ ཨིན༌ནོག༌། 38 ཏེ༌ནེ༌ ན༌མ༌ ཅོ༌ཁན༌བོའེ༌ གྱལ༌ལ༌ ཅོས༌ཏེ༌ ཨིན༌ནོག༌, ཡང༌ ན༌མ༌ མ༌ཅོ༌ཁན༌བོའེ༌ ཏེ༌སང༌ གྱལ༌ལ༌ ཅོས༌ཏེ༌ ཨིན༌ནོག༌།
39 མག༌པ༌ སོན༌ཏེའ༌ ཡོད༌ཏུས༌ ན༌མ༌ ཁོ༌རང༌ངི༌ མག༌པ༌ ཉམ༌པོ༌ དུག༌གོས༌། གལ༌ཏེས༌ ཁོའེ༌ མག༌པ༌ ཀྲོངས༌ན༌, ཏེ༌ བུ༌མོ༌བོའེ༌ ཁོ༌རང༌ ཐད༌ཁན༌ནི༌ བུ༌ཚ༌ ཉམ༌པོ༌ ན༌མ༌ ཅོ༌ནའང༌, གྲིགས༌ཏེ༌ ཨིན༌ནོག༌, ཨིན༌ནའང༌ ཏེ༌ བུ༌ཚ༌བོ༌ གཙོ༌བོའེ༌ཀ༌ ཏད༌པ༌ ཅོ༌ཁན༌ཞིག༌ ཡོང༌གོས༌། 40 ངའེ༌ སམ༌བའེ༌ ནང༌ང༌, ཏེ༌ བུ༌མོ༌བོའ༌ ཅིག༌པོ༌ དུག༌ན༌ མང༌ང༌ ཅིན༌ལབས༌ ཐོབ༌ཨིན༌། ཡང༌ ངའེ༌ སམ༌མ༌རག༌, ངེའང༌ དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ གྱུད༌ཏེ༌ ཁ༌ད༌ ཏངས༌ཏེ༌ ཨིན༌།
* 7:28 ཏེ༌བོ༌ མ༌ཤི༌ཀ༌པ༌གུན༌ལ༌ ནགས༌ ལྟན༌ནི༌ ཏུས༌པོ༌ ཨིན༌ནོག༌