28
ཏེ༌ནེ༌ ཨི༌སཱག༌གི༌ ཡ༌ཀབ༌བ༌ བོད༌ཏེ༌ ཅིན༌ལབས༌ ཏངས༌ ཡང༌ ཁོའ༌ བཀའ༌ ཏངས༌ཏེ༌ ཟེརས༌, "ཀེ༌ནན༌མ༌ བུ༌མོ༌ ཉམ༌པོ༌ བག༌སྟོན༌ མ༌ཅོ༌། དག༌ས༌རང༌ ཁྱོ༌རང༌ངི༌ མེ༌མེ༌ བེ༌ཐུལ༌ དུག༌སའེ༌ ཡུལ༌ པ༌དན༌ ཨ༌རམ༌མ༌ སོང༌ཏེ༌ ཁྱོ༌རང༌ངི༌ ཨ༌ཞང༌ ལ༌བན༌ནི༌ བུ༌མོ༌ ཞིག༌ ཉམ༌པོ༌ བག༌སྟོན༌ ཅོས༌། དཀོན༌མཆོག༌ ཀུན༌ཝང༌ངི༌ ཅིན༌ལབས༌ སལ༌ཏེ༌ ཁྱོ༌རང༌ང༌ ཕྲུ༌གུ༌ མང༌པོ༌ ཇོར༌ཤིག༌ ཡང༌ ཁྱོ༌རང༌ངི༌ མིར༌གྱུད༌ མང༌པོ༌ གྱུར༌ཤིག༌། ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ པུར༌གྱུད༌ ཚང༌མ༌ལ༌ ཁོང༌ངི༌ ཨབ༌ར༌ཧམ༌མ༌ སལ༌ཁན༌ནི༌ ཅིན༌ལབས༌པོ༌ སལ༌ཤིག༌, ཡང༌ ཁྱོ༌རང༌ ཞན༌ཡུལ༌ལི༌ མི༌ ཚུལ༌ལ༌ དུག༌ཁན༌ནི༌ ས༌ཀྱད༌ ཀ༌བོ༌ དཀོན༌མཆོག༌གི༌ ཨབ༌ར༌ཧམ༌མ༌ སལ༌ལ༌ ཛདས༌ ཏེ༌བོ༌ ཁྱོ༌རང༌ངི༌ གྱུར༌ཤིག༌།" ཏེ༌ནེ༌ ཨི༌སཱག༌གི༌ ཡ༌ཀོབ༌ ལམ༌ཅུགས༌ ཡང༌ ཁོ༌ པ༌དན༌ ཨ༌རམ༌མ༌ སོང༌ཏེ༌ ཨ༌རམ༌པ༌ བེ༌ཐུལ༌ལི༌ བུ༌ཚ༌ ར༌བེ༌ཀའེ༌ མིང༌བོ༌ ལ༌བན༌ ཉམ༌པོ༌ དུགས༌, ར༌བེ༌ཀ༌ ནི༌ ཨི༌སུ༌ དང༌ ཡ༌ཀོབ༌བི༌ ཨ༌མ༌ ཨིན༌པིན༌།
ཨི༌སཱག༌གི༌ ཡ༌ཀོབ༌བ༌ ཅིན༌ལབས༌ ཏང༌ཏེ༌ པ༌དན༌ ཨ༌རམ༌མ༌ ན༌མ༌ ཙལ༌ལ༌ ལམ༌ཅུག༌ཁན༌ ཡང༌ ཀེ༌ནན༌མ༌ བུ༌མོ༌ ཉམ༌པོ༌ ན༌མ༌ མི༌ཅོ༌ཅེས༌ལ༌ ཁོའ༌ བཀའ༌ ཏང༌ཁན༌བོ༌ ཡང༌ ཡ༌ཀོབ༌བི༌ ཁོ༌རང༌ངི༌ ཨ༌བ༌ དང༌ ཨ༌མའེ༌ ཁའ༌ ཉན༌ཏེ༌ པ༌དན༌ ཨ༌རམ༌མ༌ ཆའ༌ཁན༌བོ༌ ཨི༌སུའ༌ གྱུས༌སོང༌། ཏེ༌ནེ༌ ཨི༌སུའ༌ ཁོའེ༌ ཨ༌བའ༌ ཀེ༌ནན༌མ༌ བུ༌མོའ༌ མ༌ ཐད༌ཁན༌བོ༌ ཧ༌གོ༌། ཁོའེ༌ སྔུན༌ནི༌ ན༌མ༌གུན༌ནི༌ཀ༌ ནན༌མ༌ ཨབ༌ར༌ཧམ༌མི༌ བུ༌ཚ༌ ཨིཤ༌མ༌ཨེལ༌ ཡོད༌ས༌ སོང༌ཏེ༌ ཁོའེ༌ བུ༌མོ༌ མ༌ཧ༌ལད༌ ཉམ༌པོ༌ བག༌སྟོན༌ ཅོས༌ ཀ༌བོ༌ ནི༌བེ༌འོད༌དི༌ ནོ༌མོ༌ ཨིན༌པིན༌།
བེ༌ཐེལ༌ལི༌ ནང༌ང༌ ཡ༌ཀོབ༌བི༌ ཉི༌ལམ༌།
10 ཡ༌ཀོབ༌ བེར༌ཤེ༌བའེ༌ གྲོང༌ཁྱེར༌ནེ༌ བིང༌ཏེ༌ ཧ༌རན༌ ཆོགས༌ལ༌ སོང༌། 11 ཁོ༌ ས༌ཆ༌ཞིག༌གི༌ཀ༌ ལེབ༌བ༌ཅིག༌ ཁོའེ༌ ཏེ༌རུ༌ ཚན༌བོ༌ དུག༌ཨིན༌ སམ༌ ཅིའ༌ཟེར༌ན༌ ཉི༌མ༌ སྐྱོད༌ཏེ༌ ཡོད༌པིན༌། ཏེ༌རུ༌ རྡོའ༌ཞིག༌ ཁོ༌རང༌ངི༌ གོའེ༌ ཡོག༌ག༌ བོར༌ཏེ༌ ཉིད༌ ཏངས༌། 12 ཁོའ༌ ཉི༌ལམ༌ཞིག༌ ཐོང༌ ཀ༌བོའེ༌ ནང༌ང༌ ཁོའ༌ ཇིག༌རྟེན༌ནི༌ ཀ༌ནེ༌ ནམ༌ཁའ༌ ཚོག༌པ༌ སྲེས༌ཀ༌ཞིག༌ རྐྱངས༌ཏེ༌ ཐོང༌ ཡང༌ ཏེ༌བོའེ༌ཀ༌ དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ ཛགས༌བབས༌ ཏང༌ངད༌ པིན༌། 13 སྲེས༌ཀའེ༌ གོའེ༌ཀ༌ ཡ༌ཝ༌ ཞངས༌ཏེ༌ ཁོང༌ངི༌ མོལས༌, "ང༌ ནི༌ ཨབ༌ར༌ཧམ༌ དང༌ ཨི༌སཱག༌གི༌ དཀོན༌མཆོག༌ ཡ༌ཝ༌ ཨིན༌། ངའེ༌ ཁྱོ༌རང༌ ཉིད༌ལོགས༌ཏེ༌ ཡོད༌ཁན༌ནི༌ ས༌ཆ༌བོ༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ལ༌ ཏང༌ཨིན༌། 14 ཁོང༌གུན༌ ཇིག༌རྟེན༌ནི༌ཀ༌ ཡོད༌ཁན༌ནི༌ ཐལ༌བ༌ ཙོགས༌ལ༌ ཇིག༌རྟེན༌ནི༌ ཆོགས༌ ཚང༌མ༌ལ༌ ཁྱེད༌ཨིན༌ ཡང༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ པུར༌གྱུད༌ གུན༌ གྱུད༌ཏེ༌ མི༌ཚང༌མ༌ལ༌ ཅིན༌ལབས༌ ཐོབ༌ཨིན༌། 15 ངའ༌ ཁྱོ༌རང༌ ཉམ༌པོ༌ ཡོད༌, ཀ༌རུ༌ ཆ༌ནའང༌ ངའེ༌ ཁྱོ༌རང༌ སྐྱོབས༌ཏེ༌ བོར༌ཨིན༌ ཡང༌ ངའེ༌ ཁྱོ༌རང༌ འིན༌ན༌ ས༌ཆའེ༌ཀ༌ ལོགས༌ཏེ༌ ཁྱོང༌ཨིན༌, ནམ༌ཚོག༌པ༌ ངའེ༌ ཁ༌ཆད༌ ཅོ༌ཁན༌ ཚང༌མ༌ གྲུབ༌ མི༌གྲུབ༌ ངའེ༌ ཁྱོ༌རང༌གུན༌ ཕང༌མི༌ཕང༌།
16 ཡ༌ཀོབ༌བ༌ ཉིད༌ཚད༌ ཡང༌ ཁོའེ༌ སམ༌, "ཡ༌ཝ༌ འི༌ ནས༌སའེ༌ ནང༌ང༌ ནས༌ཏེ༌ ཨིན༌ནོག༌ ཡང༌ ངའ༌ དག༌ས༌ མ༌ནེ༌ གྱུས༌ མ༌སོང༌།" 17 ཁོ༌ ཇིགས༌ ཡང༌ ཟེརས༌, "འི༌ ནས༌ས༌བོ༌ ཙམ༌ཤིག༌གི༌ ཇིགས༌པོ༌ མ༌ནོག༌། ཏན༌ཏན༌ལ༌ འི༌བོ༌ དཀོན༌མཆོག༌གི༌ ཞུགས༌ཁང༌ ཡང༌ ནམ༌ཁའེ༌ གྱས༌སྒོ༌ ཨིན༌ནོག༌།"
18 ཐོ༌རེ༌ཟུག༌པོ༌ ཡ༌ཀོབ༌ ང༌མོ༌ནེ༌ ལངས༌ཏེ༌ གོ༌ བོར༌ཁན༌ནི༌ རྡོའ༌བོ༌ ཁུརས༌ ཡང༌ ཏེ༌བོ༌ ཀ༌ཝ༌ ཙོགས༌ལ༌ ལངས༌ཏེ༌ ཏེ༌བོའེ༌ཀ༌ ཨོ༌ལིཝ༌ཝི༌ མར༌ནག༌ ལུགས༌། 19 ཏེ༌ནེ༌ ཁོའེ༌ ཏེ༌ ནས༌ས༌བོའ༌ བེ༌ཐེལ༌ མིང༌ང༌ ཏགས༌ སྔུན༌ལ༌ ཏེ༌ གྱལ༌ས༌བོའ༌ ལུཟ༌ ཟེར༌རད༌པིན༌། 20 ཏེ༌ནེ༌ ཡ༌ཀོབ༌བི༌ ནའ༌ ཁུརས༌, "གལ༌ཏེས༌ དཀོན༌མཆོག༌ ང༌ ཉམ༌པོ༌ ཞུགས༌ཏེ༌ འི༌ བེས༌སི༌ ནང༌ང༌ ང༌ སྐྱོབ༌ཏེ༌ ངའ༌ ཁར༌ཇི༌ དང༌ ཀོས༌ལག༌ སལ༌ན༌, 21 ཡང༌ ང༌ ང༌རང༌ངི༌ ཨ༌བའེ༌ ཁང༌པ༌ ལོགས༌ཏེ༌ ཁམ༌ཟང༌ ལེབ༌ན༌ ཏེ༌ནེ༌ ངའེ༌ དཀོན༌མཆོག༌ ཡ༌ཝ༌ ཉེ༌རང༌ ཨིན༌། 22 ངའེ༌ འི༌ རྡོའ༌ ལངས༌ཁན༌ནི༌ ནས༌ས༌བོ༌ ཉེ༌རང༌ངི༌ ཞུགས༌ཁང༌ གྱུར༌ཨིན༌ ཡང༌ ཉེ༌རང༌ངི༌ སལ༌ཁན༌ ཚང༌མའེ༌ ནང༌ནེ༌ ངའེ༌ ཉེ༌རང༌ང༌ རྕུ༌ཁག༌པོ༌ ཕུལ༌ཨིན༌།"