7
རྩང༌མ༌ དང༌ ཚི༌ཏུ༌།
7:1 ནེ༌ 23
ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ནེ༌ ཡོངས༌ཁན༌ནི༌ ཕ༌རུ༌ཤི༌པ༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌ ཁ༌ཅིག༌ གཙོ༌བོ༌ ཡེ༌ཤུ༌ ཡོད༌ས༌ ཛོམས༌། ཁོང༌གུན༌ནི༌ ཡེ༌ཤུའི༌ ལོབ༌ཕྲུགས༌ ཁ༌ཅིག༌གི༌ ཁར༌ཇི༌ ཟའེ༌ སང༌ སྔུན༌ལ༌ ཡ༌ཧུ༌དཱ༌པའེ༌ ལུག༌སྲོལ༌ ནང༌ཞིན༌ ལག༌པ༌ མ༌ཁྲུ༌ཁན༌བོ༌ ཐོང༌། ༼ཡ༌ཧུ༌དཱ༌པ༌, མིག༌སལ༌ལི༌ ཕ༌རུ༌ཤི༌པ༌གུན༌ནི༌, ཁོ༌རང༌གུན༌ནི༌ ཕ༌མེས༌པོའེ༌ ལུག༌སྲོལ༌ ནང༌ཞིན༌ ལག༌པ༌ ཁྲུས༌ཏེ༌ མ༌ནེ༌ ཟན༌ ཟའ༌མེད༌པིན༌། ཁོང༌གུན༌ ཁྲོམས༌ནེ༌ ཡོངས༌ཏེ༌, ཁོ༌རང༌གུན༌ནི༌ ལུག༌སྲོལ༌ ནང༌ཞིན༌ ལག༌པ༌ ཁྲུས༌ཏེ༌ མ༌ནེ༌, ཟན༌ ཟའ༌མེད༌པིན༌། ཁོང༌གུན༌ནི༌ ཡང༌ ལུག༌སྲོལ༌ མང༌པོ༌ཞིག༌ སྲུང༌ངད༌པིན༌ སྤེར༌ན༌, ཀོ༌རེ༌, ཆུ༌ནོད༌ དང༌ ཁྲ༌གུ༌ ཁྲུ༌ཅེས༌གུན༌༽།
ཏེ༌བོའེ༌ཕིའ༌ ཕ༌རུ༌ཤི༌པ༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌ གུན༌ནི༌ ཡེ༌ཤུའ༌ ཏྲིས༌, "ཉེ༌རང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ལག༌པ༌ ཚི༌ཏུ༌ ཉམ༌པོ༌ ཟན༌ ཟོས༌ཏེ༌ ཅིའ༌ ང༌དང༌ངི༌ ཕ༌མེས༌པོའེ༌ ལམ༌ ལུག༌སྲོལ༌ལི༌ཀ༌ གྲུལ༌ལ༌ མ༌ནོག༌?"
ཡེ༌ཤུའི༌ ལན༌སལ༌ལ༌ ཛདས༌, "ཁ༌ཆོས༌པ༌ ཁྱོ༌ཞའེ༌ སྐོར༌ལ༌ དཀོན༌མཆོག༌གི༌ ཡེ༌ཤ༌ཡཱ༌ གྱུད༌ཏེ༌ ལུང༌སྟན༌ སལ༌ཁན༌བོ༌ དེན༌བ༌ ཨིན༌ནོག༌, ཀ༌བོའེ༌ ནང༌ང༌,
'འི༌ མི༌གུན༌ནི༌ ཁའ༌ནེ༌ ངའ༌ རྩི༌ཝ༌ ཅོ༌ནའང༌
ཁོང༌གུན༌ནི༌ སྙིང༌གུན༌ ང༌ནེ༌ ཐག༌རིང༌ དུག༌།
ཁོང༌གུན༌ནི༌ ངའ༌ ཅོལ༌ཅེས༌པོ༌ ཕན༌མི༌ཐོགས༌ ཨིན༌ནོག༌,
ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ དཀོན༌མཆོག༌གི༌ བཀའ༌ཁྲིམས༌སི༌ ཚབས༌ལ༌
ཁོང༌རང༌གུན༌ནི༌ ཅོ༌ཁན༌ནི༌ ཁྲིམས༌གུན༌ ལབ༌དུག༌། *'
ཁྱོ༌ཞ༌གུན༌ནི༌, དཀོན༌མཆོག༌གི༌ བཀའ༌ཁྲིམས༌ སྣང༌མེད༌ ཅོས༌ཏེ༌ ཏེ༌བོའེ༌ ཚབས༌ལ༌ ཁྱོ༌ཞ༌རང༌ངི༌ ལུག༌སྲོལ༌གུན༌ སྲུང༌དུག༌།"
ཏེ༌ནེ༌ ཡེ༌ཤུའི༌ མོལས༌, "ཁྱོ༌ཞའེ༌, ཁྱོ༌ཞ༌རང༌ངི༌ ལམ༌ལུག༌སྲོལ༌ སྲུང༌ཅེས༌ལ༌ ཐབས༌ ཁས༌པ༌ ཉམ༌པོ༌ དཀོན༌མཆོག༌གི༌ བཀའ༌ཁྲིམས༌གུན༌ ཕང༌དུག༌། 10 སྤེར༌ན༌ མོ༌ཟེས༌སི༌ ཟེརས༌, རང༌ངི༌ ཨ༌བ༌ དང༌ ཨ༌མའ༌ རྩི༌ཝ༌ ཅོས༌, ཡང༌ རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌ ངན༌ ཏབ༌ཁན༌གུན༌ སད༌གོས༌། 11 ཨིན༌ནའང༌ ཁྱོ༌ཞའེ༌ མི༌གུན༌ལ༌ ཁོ༌རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌, 'ངའེ༌ ཉེ༌རང༌ང༌ རོགས༌ ཅོ༌གོ༌ཤེས༌པོ༌ ཀོར༌བན༌' ༼ཡང༌ན༌ དཀོན༌མཆོག༌ག༌ ཕུལ༌ཨིན༌ ཟེར༌ཏེ༌ ཞལ༌ཆད༌༽ ཅོས༌ཏེ༌ ཨིན༌ ཟེར༌ཅེས༌ ལབ༌དུག༌།' 12 ཏེ༌ཟུག༌ ཅོ༌ཅེས༌ནེ༌ ཁྱོ༌ཞ༌གུན༌ནི༌ ཁོང༌གུན༌ལ༌ རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌ རོགས༌ ཅོ༌ མ༌ཅུག༌ག༌ ཨིན༌ནོག༌, 13 ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌རང༌ངི༌ ལམ༌ལུག༌སྲོལ༌ སྲུང༌ཅེས༌སི༌ ནང༌ང༌ ཁྱོ༌ཞའེ༌ དཀོན༌མཆོག༌གི༌ བཀའ༌ ཅག༌ཅེས༌ མ༌ཚད༌ ཞན༌ ཏེ༌ཙོགས༌སི༌ ལས༌ མང༌པོ༌ ཅོའ༌ནོག༌།"
14 ཏེ༌ནེ༌ ཡེ༌ཤུའི༌ མི༌ཚོགས༌ལ༌ བོད༌ད༌ ཛད༌ཏེ༌ མོལས༌, "ཁྱོ༌ཞའ༌ ཚང༌མའེ༌, ངའེ༌ ཟེར༌ཁན༌བོ༌ ཉན༌ཏེ༌ ཧ༌གོ༌ཅེས༌སི༌ རྩོན༌གྲུས༌ ཅོས༌། 15 ཕི༌ལོག༌ནེ༌ ཟུགས༌པོའེ༌ ནང༌ང༌ ཆའ༌ཁན༌གུན༌ནི༌, ཁྱོ༌ཞའ༌ ཚི༌ཏུ༌ གྱུར༌ཅུག༌ག༌ མ༌ནོག༌, ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ སེམས༌ནེ༌ བིང༌ཁན༌བོའེ༌, ཁྱོ༌ཞ༌གུན༌ ཚི༌ཏུ༌ གྱུར༌ཅུག༌ག༌ ནོག༌།" 16 
17 ཏེ༌ནེ༌ ཡེ༌ཤུ༌ མི༌ཚོགས༌ནེ༌ བེ༌ཏེ༌ ཁང༌པ༌ཞིག༌གི༌ ནང༌ང༌ སྐྱོདས༌, ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཁོང༌ང༌, སྤེ༌ སལ༌ཁན༌བོ༌ ཧ༌གོ༌ཅུག༌ཅེས༌ལ༌ ཟེརས༌། 18 ཁོང༌ངི༌ ཏྲིའ༌ ཛདས༌, "ཁྱོ༌ཞའ༌ ཧ༌མ༌གོའ༌? ཐོང༌ང༌ མི༌དུག༌ག༌, ཁྱོ༌ཞའེ༌ ཟའ༌ཁན༌ནི༌ ཁར༌ཇི༌བོའེ༌ ཁྱོ༌ཞ༌གུན༌ ཚི༌ཏུ༌ གྱུར༌ཅུག༌ག༌ མ༌ནོག༌, 19 ཁར༌ཇི༌ ཁྱོ༌ཞའེ༌ སྙིང༌ངི༌ ནང༌ང༌ མ༌ཆའ༌ གྲོད༌པའེ༌ ནང༌ང༌ ལེབས༌ཏེ༌ ཟུགས༌པོ༌ནེ༌ ཕི༌ལོག༌ག༌ བིང༌ང༌ནོག༌།" ༼ཏེ༌ཟུག༌ མོལ༌ཅེས༌པོའེ༌ ཡེ༌ཤུའི༌ ཟའ༌ཅེས༌སི༌ རིགས༌ ཚང༌མ༌ རྩང༌མ༌ ཨིན༌ཁན༌བོ༌, ཧ༌གོ༌ཅུག༌ག༌ ཛདས༌༽།
20 ཁོང༌ངི༌ མོལས༌, "ཁྱོ༌ཞའེ༌ ནང༌ནེ༌ བིང༌ཁན༌བོའེ༌ ཁྱོ༌ཞ༌གུན༌ ཚི༌ཏུ༌ གྱུར༌ ཅུག༌ག༌ནོག༌, 21 ཅིའ༌ཟེར༌ན༌ མི༌ཞིག༌གི༌ སེམས༌ནེ༌ སམ༌བ༌ ངན༌པ༌, ལུས༌བྲེལ༌ ངན༌པ༌, རྐུ༌ཅེས༌, མི༌ སད༌ཅེས༌, 22 རང༌ངི༌ ཞིད༌མད༌ མན༌པ༌ ཞན༌མ༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཅེས༌, ནབས༌, ངན༌སེམས༌, གོབ༌སྐོར༌ཅེས༌, ཏུས༌གྱུན༌ ལུས༌བྲེལ༌ ངན༌པའེ༌ དོད༌པ༌, ཚིག༌ཅེས༌, ཞན༌མའེ༌ སྕོད༌པའེ༌ སྐོར༌ལ༌ ངན༌པ༌ ཟེར༌ཅེས༌, ཕོ༌སོ༌ དང༌ སམ༌བ༌ མེད༌ཁན༌ གུན༌ བིང༌ང༌ནོག༌། 23 ཏེ༌ ཚང༌མ༌ ནང༌ཀུག༌ནེ༌ བིངས༌ཏེ༌ ཁྱོ༌ཞ༌གུན༌ ཚི༌ཏུ༌ གྱུར༌ཅུག༌ག༌ ནོག༌།"
ཡ༌ཧུ༌དཱ༌པ༌ མན༌ཁན༌ནི༌ བུ༌མོ༌ཞིག༌གི༌ ཏད༌པ༌།
7:24 ནེ༌ 30
24 ཏེ༌ཀ༌ནེ༌ བིང༌ཏེ༌ གཙོ༌བོ༌ ཡེ༌ཤུ༌ ཏཱ༌ཡིར༌ གྱལ༌སའེ༌ ཆོགས༌ལ༌ སྐྱོདས༌། ཁོང༌ ཞུགས༌ཏེ༌ ཡོད༌སའེ༌ ཁང༌པ༌བོ༌ སུ༌ཞིག༌གའང༌ གྱུས༌ ཆ༌ཅུག༌ཉིན༌ མེད༌པིན༌, ཨིན༌ནའང༌ ཏེ༌བོ༌ སང༌ཝའེ༌ ནང༌ང༌ བོར༌ མ༌ཉན༌། 25 རྡུད༌ ཞུགས༌ཏེ༌ ཡོད༌ཁན༌ བུ༌མོ༌ ཆུ༌ངུན༌ནི༌ ཨ༌མའ༌ ཡེ༌ཤུ༌ སྐྱོད༌ཏེ༌ དུག༌ ཟེར༌ཏེ༌ ཚོར༌ར༌ཅིག༌, ཁོ༌ ཡོངས༌ཏེ༌ ཁོང༌ངི༌ ཞབས༌སི༌ དུན༌ལ༌ གྱེལ༌ཏེ༌ 26 ཁོའེ༌ ཕྲུ༌གུའི༌ ནང༌ནེ༌ རྡུད༌པོ༌ ཕིང༌ང༌ ཛད༌ཅེས༌ལ༌ ཇུ༌ཇུ༌ ཞུ༌ཨིན༌ ཁོང༌ང༌ ཞུ༌ཝ༌ ཕུལས༌། ཁོ༌ སི༌རི༌ཡཱའེ༌ ཡུལ༌ཇོངས༌སི༌ ཕོ༌ནི༌ཤི༌འེ༌ གྱལ༌སའེ༌ ནང༌ང༌ སྐྱེས༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌པིན༌།
27 ཡེ༌ཤུའི༌ ཁོའ༌ མོལས༌, "གོ༌མ༌ ངའེ༌ དཀོན༌མཆོག༌གི༌ ཕྲུ༌གུ༌, ཨིས༌ར༌ཨེལ༌པ༌གུན༌ལ༌ གྲང༌གྲངས༌ ཟའ༌ཅུག༌ གོས༌། ཕྲུ༌གུའི༌ ཏ༌གི༌བོ༌ ལེན༌ཏེ༌ ཁྱིའ༌ ཕང༌ན༌ མ༌གྲིག༌ག༌ ཨིན༌ནོག༌།"
28 ཁོའེ༌ ལན༌ཏངས༌, "དེན༌བ༌ ཨིན༌ནོག༌ གཙོ༌བོ༌ལེ༌, ཨིན༌ནའང༌ ཕྲུ༌གུ༌གུན༌ནི༌ ཁར༌ཇི༌ བུད༌ཁན༌གུན༌ ཅོག༌ཙེ༌ ཡོག༌ག༌ ཡོད༌ཁན༌ནི༌ ཁྱི༌ ཆུ༌ངུན༌གུན༌ནིའང༌ ཟའ༌དུག༌།"
29 ཁོང༌ངི༌ མོལས༌, "ཏ༌ ཁང༌པ༌ སོང༌, ཁྱོ༌རང༌ངི༌ ལན༌ གྱལ༌ལ༌ ཏང༌ཅེས༌པོའེ༌, རྡུད༌ ཁྱོ༌རང༌ངི༌ བུ༌མོའེ༌ ནང༌ནེ༌ བིང༌ཏེ༌ མེད༌།" 30 ཁོ༌ ཁང༌པ༌ ལེབ༌བ༌ཅིག༌, ཁོའེ༌ བུ༌མོ༌ ཆུ༌ངུན༌བོ༌ མལ༌ཙའེ༌ཀ༌ ཉལ༌ཏེ༌ རྡུད༌ བིངས༌ཏེ༌ མེད༌ཁན༌བོ༌ ཐོང༌།
ཡེ༌ཤུའི༌, རྒུད༌ཤིག༌ ཕན༌ཅུག༌ག༌ ཛདས༌།
7:31 ནེ༌ 37
31 གཙོ༌བོ༌ ཡེ༌ཤུ༌ ཏཱ༌ཡིར༌ནེ༌ བིངས༌ཏེ༌ སི༌དཱོན༌ ཡུལ༌ཇོངས༌ གྱུད༌ཏེ༌ གྱལ༌ས༌ རྕུའི༌ ཡུལ༌ཇོངས༌སི༌ ནང༌ང༌ གཱ༌ལིལ༌ལིའི༌ ཚོ༌ ཆོགས༌ལ༌ སྐྱོདས༌། 32 མི༌ ཁ༌ཅིག༌གི༌ མ༌ཚོར༌ཁན༌ དང༌ སྤེ༌ར༌ སལ༌པོ༌ ཏང༌ མ༌ཉན༌ཁན༌ནི༌ མི༌ཞིག༌ ཁོང༌ ཡོད༌ས༌ ཁྱོངས༌, ཡང༌ ཡེ༌ཤུའ༌ ཇུ༌ཇུ༌ ཞུ༌ཨིན༌ ཁོང༌ངི༌ ཆག༌ ཁོའེ༌ཀ༌ བོར༌ར༌ ཛད༌ཅེས༌ལ༌ ཞུ༌ཝ༌ ཕུལས༌།
33 ཡེ༌ཤུའི༌ མི༌བོ༌ མི༌ཚོགས༌ནེ༌ འ༌ཟམ༌མ༌ ཁྱེར༌ར༌ ཛད༌ཏེ༌ ཁོང༌རང༌ངི༌ ཛི༌གུ༌གུན༌ ཁོའེ༌ ནམ༌ཅོག༌གུན༌ནི༌ ནང༌ང༌ ཅུགས༌, ཏེ༌སྟིང༌ནེ༌ ཁོང༌རང༌ངི༌ ཛི༌གུ༌གུན༌ནི༌ཀ༌ ཐུ༌མག༌ གྱབས༌ཏེ༌ ཁོའེ༌ ལྕེའ༌ ཐུག༌ཅུག༌ག༌ ཛདས༌། 34 ཏེ༌ནེ༌ ཁོང༌ངི༌ ཀེན༌ལ༌ ནམ༌ཁའ༌ ཟིགས༌ཏེ༌ སྙིང༌ཤུགས༌ ཉམ༌པོ༌ མོལས༌, "ཨེ༌ཕ༌ཐའ༌" ཀ༌བོའེ༌ ཏོན༌ཏག༌པོ༌ "བེ༌ཤིག༌" ཨིན༌ནོག༌། 35 ཏེན༌ན༌མལ༌ལ༌ མི༌བོའ༌ གྱལ༌ལ༌ ཅོས༌ཏེ༌ ཚོར༌ ཡང༌ ཁོའེ༌ ལྕེ༌བོ༌ ཀྲོལ༌ཏེ༌ ཁོའ༌ སྤེ༌ར༌ སལ༌པོ༌ ཏང༌ཉན༌།
36 ཡེ༌ཤུའི༌ མི༌ཚོགས༌ལ༌ སུའང༌ མི༌ཤད༌ཅེས༌ལ༌ བཀའ༌ སལས༌། ཙམ༌ཤིག༌ མང༌ང༌ ཁོང༌ངི༌ མི༌ཤད༌ཅེས༌ལ༌ མོལ༌ནའང༌ མི༌གུན༌ནི༌ མང༌ང༌ མང༌པོ༌ ནས༌ཚུལ༌བོ༌ ཕེལ༌ཅུགས༌། 37 མི༌གུན༌ མ༌སྲན༌ཏྲེ༌ ཧ༌ལས༌ཏེ༌ ཟེརས༌, "ཁོང༌ངི༌ ཅི༌ ཛད༌ནའང༌ ཧ༌ལས༌ཤེས༌ ཡོང༌དུག༌། ཁོང༌ངི༌, མ༌ཚོར༌ཁན༌ལ༌ ཚོར༌ཅུག༌ཅེས༌ དང༌ སྤེ༌ར༌ ཏང༌ མ༌ཉན༌ཁན༌ལ༌ སྤེ༌ར༌ ཏང༌ཅུག༌ག༌ ཛད༌དུག༌།"
* 7:7 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 29:13 7:16 སྔུན༌མའེ༌ གིརིས༌སི༌ སྐད༌དི༌ མར༌ཀུས༌སི༌ སྤེ༌ཆའེ༌ ནང༌ང༌ 7:16 "ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ངའེ༌ ཟེར༌ཁན༌ལ༌ གྱལ༌ལ༌ ཅོས༌ཏེ༌ ཉོན༌ཤིག༌" མེད༌པ༌ ཨིན༌ནོག༌།