25
ན༌ཆུང༌ རྕུའི༌ རུངས༌།
25:1 ནེ༌ 13
1 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ སྐྱོང༌ཙེ༌ ཁུར༌ཏེ༌ མག༌པའ༌ སུས༌ཏེ༌ ཆའ༌ཁན༌ནི༌ ན༌ཆུང༌ རྕུ༌ ཙོགས༌ ཨིན༌།
2 ཁོང༌གུན༌ནི༌ ནང༌ང༌ སམ༌མེད༌ ལྔ༌ དང༌ སམ༌བ༌ཅན༌ ལྔ༌ ཡོད༌པིན༌།
3 སམ༌མེད༌ ལྔ༌ཀོའེ༌ སྐྱོང༌ཙེ༌ཏ༌ ཁུརས༌, ཨིན༌ནའང༌ སྐྱོང༌ཙེ༌ ནང༌ང༌ ནན༌ཅེས༌སི༌ ཕིའ༌ ཐེ༌བ༌ མར༌ནག༌ ཁུར༌ར༌ལ༌ ཞེད༌།
4 སམ༌བ༌ཅན༌གུན༌ནི༌ སྐྱོང༌ཙེ༌ ཉམ༌པོ༌ སྐྱོང༌ཙེ༌ ནང༌ང༌ ནན༌ཅེས༌སི༌ ཕིའ༌ ཐེ༌བ༌ མར༌ནག༌གའང༌ ཁུརས༌།
5 མག༌པ༌ ལེབ༌བ༌ལ༌ ཏུས༌ མང༌པོ༌ གོར༌པ༌ ཁོང༌ ཚང༌མ༌ ངལ༌ཏེ༌ ཉིད༌ལ༌ སོང༌།"
6 "ཚན༌ཕེད༌ཤིག༌ག༌ 'མག༌པ༌ ལེབ༌དུག༌, ཐུག༌ག༌ལ༌ ཡོང༌ཤིག༌' ཟེར༌ཏེ༌ སྐད༌ ཚོར༌།"
7 "ན༌ཆུང༌ ཚང༌མ༌ ལངས༌ཏེ༌ འོད༌གུན༌ སལ༌པོ༌ ཅོས༌།
8 སམ༌མེད༌ མེད༌ཁན༌ ལྔ༌ཀོའེ༌ སམ༌བ༌ཅན༌ ལྔ༌ཀོའ༌ ཟེར༌, 'ང༌ཞའེ༌ འོད༌པོ༌ ཤི༌རུག༌པ༌ ཇུ༌ཇུ༌ ང༌ཞའ༌ ས༌མར༌ ཙ༌པིག༌ ཏོང༌ངའང༌།'
9 ཁོང༌གུན༌ནི༌ ཟེརས༌, 'ཏང༌ང༌མེད༌། ང༌ཞའེ༌ ཁྱོ༌ཞའ༌ ཏང༌ན༌ ང༌དང༌ ཚང༌མ༌ལ༌ ཉུ༌ངུན༌ ཆེན༌, ཏེ༌སང༌ མར༌ནག༌ ཙོང༌ཁན༌ནི༌ཀ༌ སོང༌ཏེ༌ ཁྱོ༌ཞ༌རང༌ངི༌ ཕིའ༌ ཉོས༌།'
10 ཁོང༌གུན༌ མར༌ནག༌ ཉོའ༌ལ༌ སོང༌ཏེ༌ མེད༌ ཟ༌ནེ༌ མག༌པ༌ ལེབ༌། གྲལ༌གྲིག༌ ཡོད༌ཁན༌ ན༌ཆུང༌གུན༌ མག༌པ༌ ཉམ༌པོ༌ བག༌སྟོན༌ནི༌ གྲོན༌ལ༌ སོང༌ ཡང༌ སྒོ༌བོ༌ ཅུགས༌།"
11 "སྟིང༌ནེ༌ ཞན༌ ལྔ༌ཀོའང༌ ཡོངས༌ཏེ༌ མག༌པའ༌ ཟེརས༌, 'ཨ༌ཅོ༌ལེ༌, ཨ༌ཅོ༌ལེ༌, ང༌ཞའེ༌ ཕིའ༌ སྒོ༌ ཕེའ༌ཛད༌དའང༌'
12 ཨིན༌ནའང༌ ཁོའེ༌ ལན༌ཏངས༌, 'ངའེ༌ དེན༌བ༌ ཟེར༌རད༌, ངའེ༌ ཁྱོ༌ཞའ༌ ཤེས༌ས༌མེད༌།' "
13 ཡེ༌ཤུའི༌ མོལས༌, "མི༌རིགས༌སི༌བུ༌ ཀ༌ཞག༌ དང༌ ཏུས༌ཚོད༌དི༌ཀ༌ ལོགས༌ཏེ༌ ཡོང༌ཅེས༌པོ༌, ཁྱོ༌ཞའ༌ གྱུས༌མེད༌པ༌ ཤང༌ ཅོས༌།"
ཡོག༌པོ༌ སུམ༌མི༌ རུངས༌།
25:14 ནེ༌ 30
14 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ནམ༌ཁའེ༌ གྱལ༌སྲིད༌ ནི༌ བེས༌ལ༌ ཆེ༌ སང༌ སྔུན༌ལ༌ མི༌ཞིག༌གི༌ ཁོ༌རང༌ངི༌ ཡོག༌པོ༌གུན༌ བོད༌ཏེ༌ ནོར༌ སྟད༌ཁན༌ ཙོགས༌ ཨིན༌།
15 ཁོའེ༌ ཡོག༌པོ༌ རེ༌རེའ༌ ཁྱུད༌ ནང༌ཞིན༌ མུལ༌ལི༌ པེ༌ནེ༌ སྐངས༌ཁན༌ནི༌ གི༌གུ༌, ཏང༌པོ༌བོའ༌ ལྔ༌, ཉིས༌པ༌བོའ༌ ཉིས༌, ཡང༌ སུམ༌པ༌བོའ༌ ཅིག༌ ཏངས༌ཏེ༌ ཁོ༌རང༌ བེས༌ལ༌ སོང༌།"
16 "མུལ༌ལི༌ པེ༌ནེ༌ གི༌གུ༌ ལྔ༌ ཐོབ༌ཁན༌བོའེ༌ ཏེན༌ན༌མལ༌ལ༌ སོང༌ཏེ༌, པེ༌ནེ༌བོ༌ ལས༌སི༌ ནང༌ང༌ ཏངས༌པ༌ ཐེ༌བ༌ གི༌གུ༌ ལྔ༌ ཇོར༌།
17 ཏེན༌ན༌ ཙོགས༌ གི༌གུ༌ ཉིས༌ ཐོབ༌ཁན༌བོའང༌ ཐེ༌བ༌ གི༌གུ༌ ཉིས༌ ཇོར༌།
18 ཨིན༌ནའང༌ གི༌གུ༌ ཅིག༌ ཐོབ༌ཁན༌བོའེ༌ སའ༌ བྲུས༌ཏེ༌ སྤོན༌བོའེ༌ པེ༌ནེ༌ ཏངས༌ཁན༌བོ༌ སྦས༌ཏེ༌ བོརས༌།"
19 "ཏུས༌ མང༌པོའེ༌ སྟིང༌ནེ༌ སྤོན༌བོ༌ ལོགས༌ཏེ༌ ཡོངས༌ ཡང༌ ཡོག༌པོ༌ སུམ༌ཀོའེ༌ ཀ༌ནེ༌ རྩི༌རུག༌ ལེནས༌།
20 གི༌གུ༌ ལྔ༌ སྐངས༌ཏེ༌ མུལ༌ ཐོབ༌ཁན༌བོའེ༌ ཡང༌ ཐེ༌བ༌ གི༌གུ༌ ལྔ༌ ཁྱོངས༌ཏེ༌ ཟེརས༌, 'སྤོན༌བོ༌ལེ༌ ཉེ༌རང༌ངི༌ ངའ༌ གི༌གུ༌ ལྔ༌ སལས༌, ཟིགས༌སའང༌ ང༌ ཐེ༌བ༌ ལྔ༌ ཇོར༌།' "
21 "སྤོན༌བོའེ༌ ཟེརས༌, 'གྱལ༌ལ༌ ཅོས༌, ཡོག༌པོ༌ ཟང༌པོ༌ དང༌ ཨིད༌ཤེས༌ཅན༌, ཁྱོ༌རང༌ ཉུ༌ངུན༌ཞིག༌གི༌ ནང༌ང༌ ཨིད༌ཤེས༌ཅན༌ ལུས༌པ༌, ངའེ༌ ཁྱོ༌རང༌ང༌ ནོར༌ མང༌པོའེ༌ཀ༌ ཝང༌ཆ༌ ཏང༌ཨིན༌, ཡོང༌ ང༌ ཉམ༌པོ༌ གའ༌མོ༌ ཅོས༌།' "
22 "གི༌གུ༌ ཉིས༌ སྐངས༌ཏེ༌ མུལ༌ ཐོབ༌ཁན༌བོའེ༌ ཟེརས༌, 'སྤོན༌བོ༌ལེ༌ ཉེ༌རང༌ངི༌ ང༌ གི༌གུ༌ ཉིས༌ སལས༌, ཟིགས༌སའང༌ ངའ༌ ཐེ༌བ༌ གི༌གུ༌ ཉིས༌ ཇོར༌།' "
23 "སྤོན༌བོའེ༌ ཟེརས༌, 'མ༌ གྱལ༌ལ༌ སོང༌, ཡོག༌པོ༌ ཟང༌པོ༌ དང༌ ཨིད༌ཤེས༌ཅན༌, ཁྱོ༌རང༌ངི༌ ཉུ༌ངུན༌ཞིག༌གི༌ ནང༌ང༌ དྲང༌པོ༌ ཅོས༌པ༌, ངའེ༌ ཁྱོ༌རང༌ང༌ ནོར༌ མང༌པོའེ༌ཀ༌ ཝང༌ཆ༌ ཏང༌ཨིན༌, ཡོང༌ ང༌ ཉམ༌པོ༌ གའ༌མོ༌ ཅོས༌།' "
24 "ཏེ༌ནེ༌ གི༌གུ༌ ཅིག༌ སྐངས༌ཏེ༌ མུལ༌ ཐོབ༌ཁན༌བོའེ༌ ཟེརས༌, 'སྤོན༌བོ༌ལེ༌, ཉེ༌རང༌ སྙིང༌རྗེ༌ མེད༌ཁན༌, ཁོ༌རང༌ངི༌ མ༌ཏབ༌ཁན༌ནི༌ ས༌ཀྱད༌དི༌ ཀ༌ནེ༌ རྔ༌ཁན༌ དང༌ ས༌འོན༌ མ༌ཡོག༌ཁན༌ནི༌ ས༌ཀྱད༌དི༌ ཀ༌ནེ༌ ལྡུ༌ཁན༌ ཨིན༌ཁན༌བོ༌ ང༌ གྱུས༌ཡོད༌ པ༌སང༌
25 ང༌ ཉེ༌རང༌ང༌ ཇིགས༌ཏེ༌, ཉེ༌རང༌ངི༌ མུལ༌ལི༌ པེ༌ནེ༌ གི༌གུ༌ སའེ༌ ཡོག༌ག༌ སྦས༌ཏེ༌ བོར༌པིན༌, ཉེ༌རང༌ངི༌ པེ༌ནེ༌བོ༌ ལོགས༌ཏེ༌ ནམས༌།' "
26 "སྤོན༌བོའེ༌ ཟེརས༌, 'ཡོག༌པོ༌ ངན༌པ༌, ལས༌མི༌ལམ༌། ང༌ ང༌རང༌ངི༌ མ༌ཏབ༌ཁན༌ནི༌ ས༌ཀྱད༌དི༌ ཀ༌ནེ༌ རྔ༌ཁན༌ དང༌ ངའེ༌ ས༌འོན༌ མ༌ཡོག༌ཁན༌ནི༌ ས༌ཀྱད༌དི༌ ཀ༌ནེ༌ ལྡུ༌ཁན༌ ཨིན༌ཁན༌བོ༌ ཁྱོ༌རང༌ང༌ གྱུས༌ཡོད༌ཏེའང༌,
27 ཁྱོ༌རང༌ངི༌ ངའེ༌ པེ༌ནེ༌བོ༌ མུལ༌ཛོད༌ཁང༌ངི༌ ནང༌ང༌ ཅི༌ཕིའ༌ མ༌ཏངས༌པིན༌? གལ༌ཏེས༌ ཏངས༌པིན༌ན༌, ང༌ ཡོངས༌ཏེ༌ ཕར༌ཉམ༌པོ༌ ང༌རི༌ པེ༌ནེ༌ ལེན༌ཏེ༌ ཡོད༌གྲོ༌།' "
28 "སྤོན༌བོའེ༌ ཟེརས༌, 'ཁོའེ༌ ཀ༌ནེ༌ གི༌གུ༌ སྐངས༌ཁན༌ནི༌ པེ༌ནེ༌བོ༌ ལེན༌ཏེ༌ གི༌གུ༌ རྕུ༌ ཡོད༌ཁན༌བོའ༌ ཏོང༌
29 ཏངས༌ཁན༌བོ༌ གྱལ༌ལ༌ ཅོས༌ཏེ༌ ཀོལ༌ཁན༌གུན༌ལ༌ མང༌ང༌ ཏང༌ཅེས༌ མ༌ཚད༌ ཁོང༌ངི༌ ནང༌ནེ༌ ལུད༌ཏེ༌ ཆེན༌, ཨིན༌ནའང༌ མ༌ཀོལ༌ཁན༌གུན༌ནི༌ ཀ༌ནེ༌ ཉུ༌ངུན༌ ཡོད༌ཁན༌བོའང༌ ཁྱེར༌ཨིན༌།
30 འི༌ ཕན༌མི༌ཐོགས༌སི༌ ཡོག༌པོ༌ ཕི༌ལོག༌ག༌ མུན༌གྲིག༌གི༌ ནང༌ང༌ ཕོང༌, ཏེ༌རུ༌ ནགས༌ སྲན༌ཏྲེ༌ ཞས༌ཏེ༌ ངུ༌ཅེས༌ དང༌ སོ༌ སྲིག༌ཅེས༌ ཡོང༌ཨིན༌' "
སྟིང༌ཇུག༌གི༌ ཁྲིམས༌ཅད༌།
25:31 ནེ༌ 46
31 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "མི༌རིགས༌སི༌བུ༌ ཟིར༌རྗིད༌དི༌ ནང༌ང༌ ཕོ༌ཉ༌ ཚང༌མ༌ ཉམ༌པོ༌ ཡོང༌ངི༌ ཏུས༌, ཁོ༌ གྱལ༌པོའེ༌ ཚུལ༌ལ༌ ཁོ༌རང༌ངི༌ ཟིར༌རྗིད༌དི༌ ཁྲིས༌སི༌ཀ༌ དུག༌ཨིན༌།
32 གྱལ༌ཁམས༌ ཚང༌མའེ༌ མི༌གུན༌ ཁོའེ༌ དུན༌ལ༌ ལྡུས༌ཨིན༌, ལུག༌རྫི༌ ར༌མའེ༌ ཕྲོ༌ནེ༌ ལུག༌གུན༌ ཕེའ༌ ཙོགས༌ལ༌ ཁོའེ༌ མི༌གུན༌ སོ༌སོ༌ ཕེ༌ཨིན༌།
33 ཁོའེ༌ ཡས༌པ༌ ཆོགས༌ལ༌ ལུག༌ དང༌ ཡོ༌མ༌ ཆོགས༌ལ༌ ར༌མ༌ གུན༌ བོར༌ཨིན༌།"
34 "ཏེ༌ནེ༌ གྱལ༌པོའེ༌ ཡས༌ལ༌ ཡོད༌ཁན༌གུན༌ལ༌ ཟེར༌ཨིན༌ ངའེ༌ ཡབ༌བི༌ ཅིན༌ལབས༌ སལ༌ཁན༌གུན༌, ཁྱོ༌ཞའེ༌ ནོར༌སྐལ༌ ནམ༌ཁའེ༌ གྱལ༌སྲིད༌པོ༌ ལེན༌ན༌ལ༌ ཡོང༌, ཀ༌བོ༌ ཁྱོ༌ཞའེ༌ ཕིའ༌ ཇིག༌རྟེན༌ ཛད༌པ༌ནེ༌ ཕར༌ལ༌ གྲལ༌གྲིག༌ ཛད༌ཏེ༌ ཨིན༌།
35 ང༌ སྟོགས༌ ཟ༌ནེ༌ ཁྱོ༌ཞའེ༌ ཟན༌ ཏངས༌ ཡང༌ ང༌ སྐོམས༌ ཟ༌ནེ༌ ཁྱོ༌ཞའེ༌ ཐུང༌ཅེས༌ ཏངས༌, ངོ༌མ༌ཤེས༌ནའང༌ ངའ༌ ཁྱོ༌ཞའེ༌ ཁང༌པའེ༌ ནང༌ང༌ གའ༌སུས༌ ཞུས༌།
36 ང༌ ལྗེར༌ཉལ༌ལ༌ ཡོད༌ ཟ༌ནེ༌ ཀོས༌ལག༌ སྐོནས༌, ང༌ ཟུ༌མོ༌ ཡོང༌ ཟ༌ནེ༌ ལྟ༌སྟོག༌ ཅོས༌, ཡང༌ ང༌ ཙོན༌ཁང༌ང༌ ཡོད༌ ཟ༌ནེ༌ ཐུག༌ག༌ལ༌ ཡོངས༌།"
37 "ཏེ༌ནེ༌ ཏེ༌ མི༌ དྲང༌པོ༌གུན༌ནི༌ ཟེར༌ཨིན༌, 'གཙོ༌བོ༌ལེ༌, ནམ༌ ཉེ༌རང༌ སྟོག༌རིའ༌ ཐོང༌ཏེ༌ ང༌ཞའེ༌ ཁར༌ཇི༌ ཏངས༌ ཡ༌ སྐོམ༌ས༌ ཐོང༌ཏེ༌ ཐུང༌ཅེས༌ ཏངས༌?
38 ནམ༌ ཉེ༌རང༌ ང༌ཞའེ༌ ཐོང༌ཏེ༌ ངོ༌མ༌ཤེས༌ནའང༌ ཁང༌པའེ༌ ནང༌ང༌ གའ༌སུས༌ ཞུས༌, ཡ༌ ལྗེར༌ཉལ༌ལ༌ ཐོང༌ཏེ༌ ཀོས༌ལག༌ སྐོནས༌?
39 ཡང༌ ཟུ༌མོ༌ ཡ༌ ཙོན༌ཁང༌ང༌ ཡོད༌ད༌ ཐོང༌ཏེ༌ ནམ༌ ཐུག༌ག༌ལ༌ ཡོངས༌?' "
40 "ཏེ༌ནེ༌ གྱལ༌པོའེ༌ ཟེར༌ཨིན༌, 'ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌ ཁྱོ༌ཞའེ༌ ངའེ༌ སྤུན༌ འུ༌ཐུགས༌ ཆུང༌ཤོག༌ ཅིག༌ག༌ ཅོས༌ཁན༌གུན༌ ངའ༌ ཅོས༌ཏེ༌ ཨིན༌།' "
41 "ཏེ༌ནེ༌ ཡོ༌མ༌ ཆོགས༌ལ༌ ཡོད༌ཁན༌གུན༌ལ༌ ཟེར༌ཨིན༌, 'རྔན༌ ཕོག༌ཁན༌, ཁྱོ༌ཞ༌གུན༌ ང༌ནེ༌ ཐག༌རིང༌ང༌ མ༌ནེ༌ མི༌ཤི༌ཅེས༌སི༌ མེའེ༌ ནང༌ང༌ སོང༌ ཀ༌བོ༌ ཤེ༌ཏན༌ དང༌ ཁོའེ༌ ཕོ༌ཉ༌ ངན༌པ༌གུན༌ནི༌ ཕིའ༌ ཅོའ༌ ཛད༌ཏེ༌ ཨིན༌།
42 ང༌ སྟོགས༌ ཟ༌ནེ༌ ཁྱོ༌ཞའེ༌ ཟའ༌ཅེས༌ལ༌ ཅའང༌ མ༌ཏངས༌, ང༌ སྐོམས༌ ཟ༌ནེ༌ ཐུང༌ཅེས༌ལ༌ ཅའང༌ མ༌ཏངས༌།
43 ཁྱོ༌ཞའེ༌ ང༌ ངོ༌མ༌ཤེས༌ ཟ༌ནེ༌ ཁང༌པའེ༌ ནང༌ང༌ གའ༌སུས༌ མ༌ཞུས༌, ལྗེར༌ཉལ༌ ཡོད༌ ཟ༌ནེ༌ ཀོས༌ལག༌ མ༌སྐོནས༌, ཟུ༌མོ༌ ཡ༌ ཙོན༌ཁང༌ང༌ ཡོད༌ ཟ༌ནེ༌ ང༌ ལྟ༌སྟོག༌ མ༌ཅོས༌།' "
44 "ཁོང༌གུན༌ནི༌ ལན༌ཏང༌ཨིན༌, 'གཙོ༌བོ༌ལེ༌, ནམ༌ ང༌ཞའ༌ ཉེ༌རང༌ སྟོག༌རིའ༌, སྐོམས༌རིའ༌, ངོ༌མ༌ཤེས༌ས༌, ཡ༌ ལྗེར༌ཉལ༌ལ༌, ཡ༌ ཟུ༌མོ༌, ཡ༌ ཙོན༌ཁང༌ང༌ ཡོད༌ད༌ ཐོང༌ཏེ༌ ཉེ༌རང༌ང༌ རོགས༌ མ༌ཅོས༌?' "
45 "ཏེ༌ནེ༌ གྱལ༌པོའེ༌ ཟེར༌ཨིན༌, 'ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, ངའེ༌ སྤུན༌ འུ༌ཐུགས༌ ཆུང༌ཤོག༌ ཅིག༌ག༌ ཡ༌ཏོ༌ མ༌ཅོས༌པ༌, ངའ༌ མ༌ཅོའ༌ཨིན༌།' "
46 "ཁོང༌གུན༌ ཐའ༌མེད༌པའེ༌ ཆད༌པའེ༌ ནང༌ང༌ ཁྱེར༌ཨིན༌ ཨིན༌ནའང༌ མི༌ དྲང༌པོ༌གུན༌ ཐའ༌མེད༌པའེ༌ མི༌ཚེ༌ ནང༌ང༌ ཆེན༌།"