ཕི༌ལི༌པི༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌།
ཕི༌ལི༌པི༌ ཆོས༌ཚོགས༌ལ༌ པ༌འུ༌ལུའི༌ ཆག༌བྲིས༌སི༌ སྐོར༌།
འི༌ ཆག༌བྲིས༌ དང༌ སྔན༌མའེ༌ ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ གྱུད༌ཏེ༌ ང༌དང༌ང༌ འི༌ ཆག༌བྲིས༌པོ༌ གཙོ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ པ༌འུ༌ལུའི༌ ཕི༌ལི༌པི༌ ཆོས༌ཚོགས༌ལ༌ བྲིའ༌ ཛད༌ཁན༌བོ༌ གྱུས༌ ཆའ༌ནོག༌།
ཆོས༌སི༌ ཁས༌པ༌གུན༌ནི༌, འི༌ ཆག༌བྲིས༌པོ༌ ཡེ༌ཤུ༌ ཀྲོངས༌ཏེ༌ སོན༌ཏེའ༌ ཞངས༌ཏེ༌ སྟིང༌ནེ༌ ལོ༌ 28 ཉེ༌ཁོར༌ལ༌ ནམ༌ པ༌འུ༌ལུ༌ རོམ༌མི༌ ནང༌ང༌ ཏང༌པོ༌རང༌ ཙོན༌ནི༌ ནང༌ང༌ ཡོད༌ཏུས༌ བྲིའ༌ ཛད༌ཀྱག༌ ཟེར༌ར༌ནོག༌།
པ༌འུ༌ལུའི༌ ཕི༌ལི༌པི༌ ཆོས༌ཚོགས༌ལ༌ འི༌ ཆག༌བྲིས༌ བྲི༌ཅེས༌སི༌ གྱུན༌ཚན༌གུན༌ ནི༌:-
1, ཏེ༌ ཆོས༌ཚོགས༌ལ༌ པ༌འུ༌ལུ༌ ཙོན༌ནི༌ ནང༌ང༌ ཡོད༌ཁན༌བོ༌ གྱུས༌ཡོད༌པ༌, གའ༌མོའེ༌ ནས༌ཚུལ༌ ཁྱེབས༌ཤུག༌ཅེས༌སི༌ ཆག༌ལས༌པོའ༌ ཅི༌ ཆེན༌ སམ༌ཏེ༌ ཁོང༌གུན༌ལ༌ ཚེར༌ཁ༌ ཡོད༌ པ༌སང༌, པ༌འུ༌ལུའི༌ འི༌ ཆག༌བྲིས༌པོ༌ བྲིའ༌ ཛདས༌། ངོས༌པོ༌བོ༌ ནི༌ ཁོང༌ ཙོན༌ནི༌ ནང༌ང༌ ཡོད༌ཁན༌ནི༌ གྱུན༌ཚན༌བོའེ༌, གའ༌མོའེ༌ ནས༌ཚུལ༌ ཁྱེབས༌ཤེས༌སི༌ ནང༌ང༌ རོགས༌ ཛད༌ཁན༌བོ༌ ཁོང༌གུན༌ལ༌ ཤད༌ད༌ ཛདས༌།
2, ཆོས༌ཚོགས༌སི༌ ནང༌ང༌ པོ༌ མང༌པོ༌ བུད༌ཏེ༌ ཡོད༌པིན༌, ཡང༌ པ༌འུ༌ལུའི༌ ཁོང༌གུན༌ལ༌ པས༌མོ༌ གྱུར༌ཏེ༌ ཅིག༌གྲིལ༌ ཆ༌ཅེས༌ལ༌ སྤོས༌པ༌ སལས༌།
3, ཨེ༌པ༌ཕོ༌རོ༌གྲི༌ཀྲུས༌ལ༌ ཟུ༌མོ༌ ཡོད༌ཏུས༌ ཡང༌ གྱལ༌ཏེ༌ སྟིང༌ནེ༌ བྱུང༌ཁན༌ ཚང༌མ༌ ཧ༌གོ༌ཅུག༌ཅེས༌།
4, ཁོང༌གུན༌ལ༌ ཏད༌པ༌ཅན༌ནི༌ ཡ༌ཧུ༌དཱ༌པ༌ ཁྲིམས༌ལ༌ སྟེན༌ཁན༌ནི༌ ལབ༌ཞ༌གུན༌ མི༌ཉན༌ཅེས༌ལ༌ སྤང༌པུད༌ཅེས༌།
5, ཁོང༌ངི༌ ཏད༌པ༌ཅན༌གུན༌ལ༌ ང༌དང༌ངི༌ སྙིང༌ དང༌ སམ༌བ༌ གུན༌ལ༌ ཞི༌དེ༌ སལ༌ཁན༌ནི༌ དཀོན༌མཆོག༌གི༌ དེན༌བའེ༌ཀ༌ སྟེན༌ཏེ༌ དུག༌ཅེས༌ལ༌ སྤོས༌པ༌ སལས༌།
6, ཁོང༌ང༌ ཏང༌ཁན༌ནི༌ པེ༌ནེ༌ རོགས༌སི༌ ཕིའ༌ ཁོང༌གུན༌ལ༌ ཐུག༌རྗེ༌ཆེ༌ ཞུ༌ཅེས༌།།
1
པ༌འུ༌ལུའི༌ ཇུ༌ ཞུ༌།
1:1 ནེ༌ 2
1 འི༌ ཨི༌གེ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཞབ༌སྟོག༌པ༌ པ༌འུ༌ལུ༌ དང༌ ཏི༌མོ༌ཐི༌ ཆོགས༌ནེ༌ ཨིན༌། ངའེ༌ ཕི༌ལི༌པི༌ གྲོང༌ཁྱེར༌རི༌ ནང༌ང༌ མ༌ཤི༌ཀ༌ ཡེ༌ཤུའི༌ ཨིན༌ཁན༌ནི༌ མི༌ དམ༌པ༌གུན༌, ཆོས༌ཚོགས༌སི༌ འུ༌སྐྱོང༌གུན༌ དང༌ ཞབ༌སྟོག༌ ཞུ༌ཁན༌གུན༌ལ༌ བྲིའད༌།
2 ང༌དང༌ངི༌ དཀོན༌མཆོག༌ ཡབ༌ དང༌ གཙོ༌བོ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཁྱོ༌ཞ༌གུན༌ལ༌ ཐུག༌རྗེ༌ དང༌ ཞི༌དེ༌ སལ༌ལ༌ ཛད༌ཅེས༌ལ༌ ང༌ཞའེ༌ མོས༌ལམ༌ ཞུའད༌།
པ༌འུ༌ལུའི༌ ཕི༌ལི༌པི༌ ཆོས༌ཚོགས༌སི༌ ཕིའ༌ མོས༌ལམ༌ ཞུས༌།
1:3 ནེ༌ 11
3 ཁྱོ༌ཞ༌གུན༌ ཨིད༌ཏུ༌ ཅོ༌ ཟ༌ནེ༌, ངའེ༌ ང༌རང༌ངི༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུའད༌།
4 ཡང༌ ཏུས༌གྱུན༌ ངའེ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ཐད༌པོ༌ ཉམ༌པོ༌ མོས༌ལམ༌ ཕུལ༌ལད༌།
5 ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ ཅོས༌པ༌ནེ༌ ཕར༌ལ༌ དག༌ས༌ ཙུགས༌པ༌, གའ༌མོའེ༌ ནས༌ཚུལ༌ ཕེལ༌ཅེས༌སི༌ ཆག༌ལས༌སི༌ ནང༌ང༌ ངའ༌ རོགས༌ ཅོ༌ཨིན༌ཞིག༌ ཨིན༌།
6 ཡང༌ ཁྱོ༌ཞ༌གུན༌ནི༌ སེམས༌སི༌ ནང༌ང༌ འི༌ ཆག༌ལས༌ ཟང༌པོ༌བོ༌ གོ༌ཟུག༌ ཛད༌ཁན༌ནི༌ དཀོན༌མཆོག༌གི༌, ཡེ༌ཤུ༌ མ༌ཤི༌ཀ༌ ལོགས༌ཏེ༌ ཕེབ༌ཅེས༌སི༌ ཞག༌ག༌, ཏེ༌ ཆག༌ལས༌པོ༌ དྲན༌དྲ༌ གྲུབ༌ ཅུག༌ག༌ ཛད༌ཅེས༌པོ༌ ང༌ ལོ༌ཁྱེལ༌ རག༌།
7 ཁྱོ༌ཞའ༌ ངའེ༌ སྙིང༌ངི༌ ནང༌ང༌ ལུས༌ པ༌སང༌, ངའེ༌ ཁྱོ༌ཞའ༌ ཚང༌མའེ༌ སྐོར༌ལ༌ ཏེ༌ཟུག༌ སམ༌ཅེས༌པོ༌ རང༌ཞིན༌ ཨིན༌ནོག༌། ང༌ ཙོན༌ནི༌ ནང༌ང༌ ཡ༌ ཁྲིམས༌ཁུང༌ང༌ གའ༌མོའེ༌ ནས༌ཚུལ༌ སྐྱོབ༌ཨིན༌, ཡང༌ ཏེ༌བོ༌ དེན༌བ༌ ཨིན༌ཁན༌བོ༌ ལྟན༌ཨིན༌ ཡོད༌གྲོ༌, དཀོན༌མཆོག༌གི༌ ཐུག༌རྗེ༌ གྱུད༌ཏེ༌ ཁྱོ༌ཞ༌གུན༌ནའང༌ ང༌ ཉམ༌པོ༌ ཁོང༌ངི༌ ཞབ༌སྟོག༌གི༌ ནང༌ང༌ དྲེས༌ཏེ༌ ཨིན༌ནོག༌།
8 ངེའང༌ ཁྱོ༌ཞའ༌, མ༌ཤི༌ཀ༌ ཡེ༌ཤུ༌ ཙོགས༌ལ༌ ཅམས༌པ༌ ཅོ༌ཅེས༌པོའེ༌, ངའ༌ ཁྱོ༌ཞའ༌ ཚང༌མ༌ ཡང༌སྐྱར༌ ཐུག༌ཅེས༌ལ༌ རིངས༌ཨིན༌ ཡོད༌ཁན༌བོའེ༌, སྤང༌པོ༌ དཀོན༌མཆོག༌ ཨིན༌།
9 ངའེ༌ མོས༌ལམ༌ ཞུའད༌, དཀོན༌མཆོག༌གི༌ ཁྱོ༌ཞའ༌ ཅིག༌ དང༌ ཅིག༌ག༌ ཅམས༌པ༌ ཅོ༌ཅེས༌སི༌ ནང༌ང༌ ཤེས༌རབས༌ དང༌ ཧ༌གོ༌ མང༌ང༌ སལ༌ལ༌ ཛད༌ཤིག༌།
10 མ༌ཤི༌ཀ༌ ལོགས༌ཏེ༌ ཕེབ༌ཅེས༌སི༌ ཏུས༌ ཚག༌པ༌, སེམས༌ ལག༌མོ༌ དང༌ ནོངས༌མེད༌ ལུས༌ཤེས༌སི༌ ཕིའ༌, ཚང༌མའེ༌སང༌ ཁག༌ཅན༌ ཅི༌ ཨིན༌ཁན༌བོ༌ ཁྱོ༌ཞའ༌ གྱུས༌ ཆ༌ཅེས༌ལ༌, ངའེ༌ དོད༌པ༌ ཅོའད༌།
11 ཡེ༌ཤུ༌ མ༌ཤི༌ཀ༌ གྱུད༌ཏེ༌ ཡོང༌ཁན༌ནི༌ དྲང༌པོ༌ བྲས༌བུ༌ ཉམ༌པོ༌ ཁྱོ༌ཞའེ༌ རང༌ངི༌ མི༌ཚེའེ༌ སྐོང༌ཤིག༌, ཏེ༌བོའེ༌ དཀོན༌མཆོག༌ག༌ སྤལ༌ དང༌ སྟོད༌པ༌ ཁྱོང༌ང༌ནོག༌།
གའ༌མོའེ༌ ནས༌ཚུལ༌ལི༌ ཡར༌གྱས༌།
1:12 ནེ༌ 17
12 སྤུན༌གུན༌, ངའེ༌ སམ༌མ༌རག༌ ཁྱོ༌ཞ༌གུན༌ལ༌ འི༌བོ༌ གྱུས༌ ཆ༌གོས༌། ངའ༌ བྱུང༌ཁན༌ ཚང༌མའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཡར༌གྱས༌སི༌ ནང༌ང༌ རོགས༌ ཅོས༌ཏེ༌ ཨིན༌།
13 གྱལ༌པོའེ༌ ཁར༌རི༌ ནང༌ང༌ ཡོད༌ཁན༌ནི༌ མག༌མི༌ དང༌ ཞན༌མི༌ ཚང༌མའ༌, ཡེ༌ཤུའ༌ ཞབ༌སྟོག༌ ཞུ༌ཅེས༌པོའེ༌, ངའ༌ ཙོན༌ལ༌ ཀགས༌ཁན༌བོ༌ ཧ༌གོ༌ཏེ༌ ཨིན༌ནོག༌།
14 ཡང༌ ང༌ ཙོན༌ལ༌ ཀག༌ཅེས༌པོའེ༌, གཙོ༌བོ༌ ཡེ༌ཤུའི༌ཀ༌ ཏད༌པ༌ བོར༌ཁན༌ སྤུན༌ མང༌པོ༌ཞིག༌གའང༌ སེམ༌སྟོབས༌ སྐྱེས༌ཏེ༌, ཧམ༌པ༌ ཉམ༌པོ༌ ཇིག༌ཤེས༌ མེད༌པ༌, དཀོན༌མཆོག༌གི༌ བཀའ༌ ཞན༌མ༌གུན༌ལ༌ ཤད༌ཨིན༌ ཨིན༌ནོག༌།
15 ཁ༌ཅིག༌གི༌ ངའེ༌ཀ༌ ཚིག༌ཅེས༌ ཡོངས༌ཏེ༌ མིང༌ཅན༌ གྱུར༌ཅེས༌སི༌ དོད༌པ༌ བོར༌ཏེ༌ མ༌ཤི༌ཀའེ༌ སྐོར༌ལ༌ ཤད༌ཅེས༌པོ༌ དེན༌བ༌ ཨིན༌ནོག༌། ཨིན༌ནའང༌ ཞན༌ ཁ༌ཅིག༌གི༌ མ༌ཤི༌ཀའེ༌ སྐོར༌ལ༌ སེམས༌ ཟང༌པོའེ༌ ཐོག༌ནེ༌ ཤད༌ཨིན༌ ཨིན༌ནོག༌།
16 ཡ༌ཤའེ༌ ནང༌ང༌ མ༌ཤི༌ཀའེ༌ སྐོར༌ལ༌ ཤད༌ཁན༌གུན༌ལ༌, དཀོན༌མཆོག༌གི༌ གའ༌མོའེ༌ ནས༌ཚུལ༌ སྐྱོབ༌ཅེས༌ལ༌ ང༌ འི༌རུ༌ བོར༌ར༌ ཛད༌ཁན༌བོ༌ ཧ༌གོ༌ཏེ༌ ཨིན༌ནོག༌།
17 ཨིན༌ནའང༌ ངའེ༌ཀ༌ ཚིག༌ཅེས༌ ཡང༌ མིང༌ཅན༌ གྱུར༌དོད༌ ཡོད༌ཏེ༌ མ༌ཤི༌ཀའེ༌ སྐོར༌ལ༌ ཤད༌ཁན༌གུན༌ནི༌ སེམས༌ ཟང༌པོའེ༌ ཐོག༌ནེ༌ མ༌ཤད༌ད༌, ང༌ ཙོན༌ནི༌ ནང༌ང༌ ཡོད༌ཏུས༌ ནགས༌ མང༌ང༌ ཐོང༌ཅུག༌ཅེས༌སི༌ ཕིའ༌ ཤད༌ཨིན༌ ཨིན༌ནོག༌།
མ༌ཤི༌ཀའེ༌ ཕིའ༌ པ༌འུ༌ལུའི༌ མི༌ཚེ༌།
1:18 ནེ༌ 26
18 གྱུན༌ཚན༌བོ༌ ཟང༌པོ༌ ཨིན༌གྲོ༌ ཡ༌ ངན༌པ༌, ཏེ༌བོ༌ ཁག༌ཅན༌ཞིག༌ མ༌ནོག༌, ཁག༌ཅན༌བོ༌ ནི༌ མ༌ཤི༌ཀའེ༌ སྐོར༌ལ༌ གའ༌མོའེ༌ ནས༌ཚུལ༌ ཤད༌ཨིན༌ ཡོད༌ཁན༌བོ༌ ཨིན༌ནོག༌, ཏེན༌ན༌བོའེ༌ཕིའ༌ ང༌ ཐད༌པོ༌ ཨིན༌། འོ༌ན༌ ངའེ༌ ཏ༌རུང༌ངའང༌ ཐད༌པོ༌ ཅོ༌ཨིན༌།
19 ཁྱོ༌ཞ༌གུན༌ནི༌ མོས༌ལམ༌ དང༌ ཡེ༌ཤུ༌ མ༌ཤི༌ཀའེ༌ ཐུག༌ཉིད༌དི༌ རོགས༌ གྱུད༌ཏེ༌, ངའ༌ ཏེ༌ རྡུག༌ངལ༌གུན༌ནེ༌ ཐར༌པ༌ ཐོབ༌ཅེས༌པོ༌ ང༌ གྱུས༌ཡོད༌།
20 ངའེ༌ སེམས༌སི༌ དོད༌པ༌ དང༌ རེ༌ཝ༌ ཆེན༌མོ༌བོ༌ མ༌ཤི༌ཀའེ༌ སྐོར༌ལ༌ ཤད༌ཅེས༌ལ༌ ཁྲེལ༌ མ༌ཁྲེལ༌ལ༌ སེམ༌སྟོབས༌ ཉམ༌པོ༌ ཤད༌ཅེས༌པོ༌ ཨིན༌, ཀ༌ཟུག༌ ངའེ༌ ཅོ༌ཨིན༌ ཡོངས༌ཏེ༌ ཨིན༌། ཏ༌ ང༌ ཤི༌ན༌ ཡ༌ ང༌ སོན༌ནའང༌, ང༌རང༌ངི༌ མི༌ཚེའེ༌ ནང༌ང༌ མ༌ཤི༌ཀ༌ རྩི༌ཝ༌ ཁྱོང༌ཅེས༌པོ༌ ངའེ༌ དོད༌པ༌ ཨིན༌།
21 ངའ༌ སོན༌ཏེའ༌ དུག༌ཅེས༌པོ༌ ནི༌ མ༌ཤི༌ཀའ༌ རྩི༌ཝ༌ ཁྱོང༌ཅེས༌སི༌ ཕིའ༌ ཨིན༌, ཡང༌ ཤི༌ཅེས༌པོ༌ ནི༌ ངའེ༌ ཕིའ༌ ཏེ༌སང༌ མང༌ང༌ ཕན༌ཐོགས༌ཅན༌ཞིག༌ ཨིན༌, ཅིའ༌ཟེར༌ན༌ ང༌ ཁོང༌ ཉམ༌པོ༌ ལུས༌ཨིན༌།
22 ང༌ འི༌ ཟུགས༌པོའེ༌ ནང༌ང༌ དུག༌ན༌, ངའེ༌ མ༌ཤི༌ཀའེ༌ ཕིའ༌ བྲས༌བུ༌ སྨིན༌ ཅུག༌ཨིན༌, ཨིན༌ནའང༌ ང༌ ཅའང༌ གྱུས༌མེད༌ ཏེ༌ ཉིས༌ཀོའེ༌ ནང༌ནེ༌ ཀ༌བོ༌ གྱལ༌ལ༌ ཨིན༌།
23 ངའེ༌ སེམས༌སི༌ ནང༌ང༌ ཐེ༌ཚོམས༌ རག༌, ཏེ༌ ཉིས༌ཀོའེ༌ ནང༌ནེ༌ ཀ༌བོ༌ ངའེ༌ ལྡམ༌ཨིན༌། ང༌ འི༌ ཇིག༌རྟེན༌བོ༌ ཕངས༌ཏེ༌ མ༌ཤི༌ཀ༌ ཉམ༌པོ༌ ནམ༌ཁའེ༌ ནང༌ང༌ ལུས༌ཤེས༌སི༌ དོད༌པ༌ རག༌, ཀ༌བོ༌ ངའེ༌ ཕིའ༌ མང༌ང༌ གྱལ༌ལ༌ཞིག༌ ཨིན༌།
24 ཨིན༌ནའང༌ ང༌ ཏ༌རུང༌ངའང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ལུས༌ཤེས༌པོ༌, ཁྱོ༌ཞ༌གུན༌ནི༌ ཕིའ༌ མང༌ང༌ ཕན༌ཐོགས༌ ཆེའ༌ ཨིན༌ནོག༌།
25 ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ ལྡན༌ཅེས༌ དང༌ ཐད༌པོ༌ ཅོ༌ཅེས༌སི༌ ཕིའ༌, ང༌ ཁྱོ༌ཞ༌གུན༌ ཉམ༌པོ༌ དུག༌ཅེས༌ ཡང༌ འི༌ ཟུགས༌པོའེ༌ ནང༌ང༌ ཏ༌རུང༌ངའང༌ ལུས༌ཤེས༌པོ༌, ངའ༌ ཐེ༌ཚོམས༌ མེད༌པ༌ གྱུས༌ཡོད༌།
26 ངའ༌ ཡོང༌ང༌ཅིག༌, ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀ༌ ཡེ༌ཤུའ༌ མང༌ང༌ སྟོད༌པ༌ ཕུལ༌ཨིན༌, ཅིའ༌ཟེར༌ན༌ ཁོང༌ངི༌ ང༌ ཁྱོ༌ཞ༌གུན༌ནི༌ཀ༌ ལོགས༌ཏེ༌ ཁྱོང༌ང༌ ཛདས༌།
ནམ༌ཁའེ༌ ཡུལ༌མི༌ ཙོགས༌ལ༌ དུག༌གོས༌།
1:27 ནེ༌ 30
27 ཚང༌མའེ༌སང༌ ཁག༌ཅན༌བོ༌, ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀའེ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཕིའ༌ འོས༌པ༌ཅན༌ནི༌ མི༌ཚེ༌ཞིག༌ ཕུད༌གོ༌ཤེས༌ ཨིན༌ནོག༌། ང༌ ཁྱོ༌ཞ༌གུན༌ ཡོད༌ས༌ ཡོངས༌ཏེ༌ ཐོང༌ཨིན༌ ཡ༌ ང༌ ཁྱོ༌ཞ༌གུན༌ནི༌ སྐོར༌ལ༌ ཚོར༌ཨིན༌, གའ༌མོའེ༌ ནས༌ཚུལ༌ལི༌ ལོན༌བོའེ༌ ཕིའ༌, ཁྱོ༌ཞ༌གུན༌ སེམས༌སི༌ ནང༌ང༌ ཅིག༌གྲིལ༌ སོང༌ཏེ༌ མག༌མི༌ ཅིག༌གི༌ ཚུལ༌ལ༌ ནོལ༌ཨིན༌ དུག༌ཅེས༌པོ༌ ང༌ གྱུས༌ཆེན༌།
28 ཅི༌ཚང༌མའེ༌ ནང༌ང༌ གྱབ༌གལ༌ ཅོ༌ཁན༌གུན༌ནི༌ ཀ༌ནེ༌ ཇིགས༌ མ༌ཇིགས༌། ཁོང༌གུན༌ལ༌ མི༌ཇིགས༌ཤེས༌པོ༌ ནི༌ ཁོང༌གུན༌ མེད༌ཁན༌ ཅོའ༌ ཛད༌ཅེས༌, ཡང༌ ཁྱོ༌ཞ༌གུན༌ སྐྱོབ༌བ༌ ཛད༌ཅེས༌སི༌ སྟགས༌ཤིག༌ ཨིན༌ནོག༌, དཀོན༌མཆོག༌གི༌ ཏེ༌ ཚང༌མ༌ བྱུང༌ ཅུག༌ག༌ ཛད༌ཨིན༌།
29 དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ མ༌ཤི༌ཀ༌ ཏད༌པ༌ ཅོ༌ཅེས༌ ཅིག༌པོ༌ མན༌པ༌, ཁོང༌ངི༌ ཕིའ༌ ནགས༌བར༌དོ༌ ཐོང༌ཅེས༌སི༌ རྩི༌ཝ༌བོ༌ སལ༌ལ༌ ཛད༌ཏེ༌ ཨིན༌།
30 ཁྱོ༌ཞ༌གུན༌ནའང༌ ངའ༌ བྱུངས༌ཁན༌ནི༌ ནགས༌ ཙོགས༌ ཐོང༌ཨིན༌ ཨིན༌ནོག༌, ངའ༌ ནགས༌ ཐོང༌ཁན༌བོ༌ ཁྱོ༌ཞ༌གུན༌ནི༌ ཐོང༌ཏེ༌ ཨིན༌ནོག༌, ཡང༌ ངའ༌ ཏ༌རུང༌ངའང༌ ཐོང༌ཨིན༌ ཡོད༌ཁན༌བོ༌ ཁྱོ༌ཞའེ༌ ཚོར༌ཨིན༌ ཨིན༌ནོག༌།