10
ཅེས༌པའེ༌ སྤུན༌གུན༌, ངའེ༌ སྙིང༌ངི༌ དོད༌པ༌ དང༌ དཀོན༌མཆོག༌ག༌ མོས༌ལམ༌ ཕུལ༌ཅེས༌པོ༌ ནི༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབ༌ཅེས༌སི༌ ཕིའ༌ ཨིན༌། ཁོང༌གུན༌ནི༌ དཀོན༌མཆོག༌ ཐུགས༌ཐད༌ ཅུག༌ཅེས༌སི༌ དོད༌པའེ༌ ནང༌ང༌ རྩོན༌གྲུས༌ སྲན༌ཏྲེ༌ ཅོ༌ཁན༌བོའ༌ ངའེ༌ སྤང༌པོ༌ ཏང༌ངད༌, ཨིན༌ནའང༌ ཁོང༌གུན༌ནི༌ དཀོན༌མཆོག༌ ཙལ༌ཅེས༌སི༌ ལམ༌བོ༌ ནོར༌ཏེ༌ ཨིན༌ནོག༌། ཁོང༌གུན༌ལ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཡོང༌ཁན༌ནི༌ དྲང༌པོའེ༌ སྐོར༌ལ༌ གྱུས༌ མེད༌པ༌ ཨིན༌ནོག༌། ཁོང༌གུན༌ དཀོན༌མཆོག༌གི༌ དྲང༌པོའེ༌ ལམ༌མི༌ཀ༌ གྲུལ༌ཅེས༌ལ༌ མ༌ཐད༌ད༌, ཁོ༌རང༌གུན༌ནི༌ རྩོན༌གྲུས༌ གྱུད༌ཏེ༌, དྲང༌པོ༌ གྱུར༌ཅེས༌ལ༌ ཐད༌ད༌ནོག༌། མ༌ཤི༌ཀའེ༌ ནང༌ང༌ ཁྲིམས༌སི༌ སྒོས༌དོམ༌ ཚང༌མ༌ གྲུབ༌བ༌ ཛད༌ཏེ༌ ཨིན༌ནོག༌, ཏེ༌བོའེ༌ བྲས༌བུ༌ ཁོང༌ངི༌ ནང༌ང༌ ཏད༌པ༌ ཅོ༌ཁན༌ ཚང༌མ༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ ཅོའ༌ ཛད༌ད༌ནོག༌།
ཐར༌པ༌ ཚང༌མའེ༌ ཕིའ༌།
10:5 ནེ༌ 21
མོ༌ཟེས༌སི༌ བྲིའ༌ཛདས༌, ཁྲིམས༌ ནང༌ཞིན༌ མི༌ཞིག༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ གྱུར༌ཅེས༌སི༌ སྒོས༌དོམ༌བོ༌ ནི༌ "ཁྲིམས༌ ཚང༌མ༌ ཁའ༌ཉན༌གོ༌ཤེས༌" ཨིན༌ནོག༌། * ཨིན༌ནའང༌ ཏད༌པ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ གྱུར༌ཅེས༌སི༌ ལབ༌ཞ༌བོའེ༌ མོལས༌, "ཁྱོ༌ཞའེ༌ སྙིང༌ངི༌ ནང༌ང༌, 'སུ༌ ནམ༌ཁའ༌ ཆེན༌' ཅིའ༌ སམ༌མད༌? ༼ཡང༌ན༌ ཐུར༌ལ༌ སྐྱོད༌ཏེ༌ ཐར༌པའེ༌ ལོན༌བོ༌ ང༌དང༌གུན༌ལ༌ ཤད༌ད༌ ཛད༌ཅེས༌སི༌ ཕིའ༌ མ༌ཤི༌ཀའ༌ བོད༌ད༌ལ༌༽།" ཡ༌ ཅིའ༌ སམ༌མད༌, " 'ཡོག༌ག༌ ཤི༌ཁན༌གུན༌ནི༌ ནས༌སའེ༌ ནང༌ང༌ སུ༌ ཆེན༌?' ༼ཡང༌ན༌ ཏེ༌ནང༌ནེ༌ མ༌ཤི༌ཀ༌ བིངས༌ཏེ༌ སྐྱོད༌ཏེ༌ ཐར༌པའེ༌ ལོན༌བོ༌ ང༌དང༌གུན༌ལ༌ ཤད༌ད༌ ཛད༌ ཟེར༌ཅེས༌ལ༌༽།" ཨིན༌ནའང༌ ཏད༌པའེ༌ སྐོར༌ལ༌ ལབ༌ཞའེ༌ ཅི༌ མོལ༌དུག༌?,
"ལོན༌བོ༌ ཁྱོ༌ཞའེ༌ ལག༌ག༌ ཡོད༌ཏེ༌ ཨིན༌ནོག༌
ཏེ༌བོ༌ ཁྱོ༌ཞའེ༌ ཁལ༌པག༌ དང༌ སྙིང༌ གུན༌ནི༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌།"§
ཡང༌ ཏེན༌ན༌ ལོན༌བོ༌ ནི༌, མ༌ཤི༌ཀའེ༌ ནང༌ང༌ ཏད༌པ༌ ཅོ༌ཅེས༌ལ༌ ང༌ཞའེ༌ ཆོས༌ཤད༌ཁན༌ནི༌ ལོན༌བོ༌ ཨིན༌།" གལ༌ཏེས༌ ཁྱོ༌ཞའེ༌ རང༌ངི༌ ཁའ༌ནེ༌, ཡེ༌ཤུ༌ གཙོ༌བོ༌ ཨིན༌ཁན༌བོ༌ ཟེར༌ཅེས༌ དང༌ དཀོན༌མཆོག༌གི༌ ཁོང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌པོའ༌ ལང༌ང༌ ཛད༌ཏེ༌ ཨིན༌ཁན༌བོའ༌ ཏད༌པ༌ ཅོ༌ན༌, ཁྱོ༌ཞ༌གུན༌ སྐྱོབ༌བ༌ ཛད༌ཨིན༌། 10 ཁྱོ༌ཞ༌གུན༌ནི༌ སྙིང༌ངི༌ ནང༌ང༌ ཏད༌པ༌ ཡོད༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ དྲང༌པོ༌ ཅོའ༌ ཛདས༌, ཡང༌ ཁའ༌ནེ༌ ཤད༌ཅེས༌པོའེ༌, ཁྱོ༌ཞ༌གུན༌ སྐྱོབ༌བ༌ ཛདས༌། 11 ཀ༌ཟུག༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌, "ཁོང༌ངི༌ ནང༌ང༌ ཨིད༌ཤེས༌ ཅོ༌ཁན༌གུན༌ནི༌ རེ༌ཝ༌བོ༌ མ༌ནེ༌ ཅག༌ག༌ མི༌ཛད༌།"* 12 ཡ༌ཧུ༌དཱ༌པ༌ དང༌ ཡ༌ཧུ༌དཱ༌པ༌ མན༌ཁན༌ གུན༌ནི༌ ནང༌ང༌ ཅའང༌ ཁྱད༌ མེད༌པ༌ ཨིན༌ནོག༌། ཏེན༌ན༌ གཙོ༌བོ༌བོ༌ ཚང༌མའེ༌ གཙོ༌བོ༌ ཨིན༌ནོག༌, ཡང༌ ཁོང༌ང༌ ཞུ༌ཝ༌ ཕུལ༌ཁན༌གུན༌ལ༌ སྙིང༌ ཕེས༌ཏེ༌ སལ༌ལ༌ ཛད༌ད༌ནོག༌། 13 ཅིའ༌ཞུ༌ན༌ "གཙོ༌བོའ༌ སྐྱོབ༌ཅེས༌ལ༌ ཞུ༌ཝ༌ ཕུལ༌ཁན༌ ཚང༌མ༌ ཁོང༌ངི༌ སྐྱོབ༌བ༌ ཛད༌ཨིན༌།"
14 ཏེ༌ནེ༌ ཁོང༌གུན༌ནི༌ ཀ༌ཟུག༌གི༌ ཞུ༌ཝ༌ ཕུལ༌ཨིན༌, གལ༌ཏེས༌ ཏེ༌གུན༌ནི༌ ཁོང༌ང༌ ཏད༌པ༌ མ༌ཅོ༌ན༌? ཡང༌ ཁོང༌གུན༌ནི༌ ཀ༌ཟུག༌གི༌ ཏད༌པ༌ ཅོ༌ཨིན༌, གལ༌ཏེས༌ ཏེ༌གུན༌ནི༌ ཁོང༌ངི༌ སྐོར༌ལ༌ མ༌ནེ༌ མ༌ཚོར༌ར༌ ཡོད༌ན༌? ཡང༌ ཁོང༌གུན༌ལ༌ ཀ༌ཟུག༌གི༌ ཚོར༌ཨིན༌ གལ༌ཏེས༌ སུ༌ཞིག༌གིའང༌ ཁོང༌ངི༌ སྐོར༌ལ༌ མ༌ཤད༌ན༌? 15 ཡང༌ གལ༌ཏེས༌ ཀལ༌ཏེ༌ མན༌པིན༌ན༌, ཁོང༌གུན༌ ཡོད༌ས༌ སོང༌ཏེ༌ ཆོས༌ ཀ༌ཟུག༌གི༌ ཤད༌ཨིན༌? ཏེན༌ན༌བོའེ༌ཕིའ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌, "གའ༌མོའེ༌ ནས༌ཚུལ༌ ཁྱོང༌ཁན༌གུན༌ནི༌ རྐང༌པ༌ ཙམ༌ཤིག༌གི༌ ཅིན༌ལབས༌ཅན༌ མ༌ནོག༌།"
16 ཨིན༌ནའང༌ སུ༌ཚང༌མའེ༌ གའ༌མོའེ༌ ནས༌ཚུལ༌ལ༌ གའ༌སུས༌ ཞུའ༌མ༌ནོག༌, ཅིའ༌ཟེར༌ན༌ ལུང༌སྟོན༌པ༌ ཡེ༌ཤ༌ཡཱའེ༌ ཟེརས༌, "གཙོ༌བོ༌ལེ༌, སུའི༌ ང༌དང༌ངི༌ ལོན༌བོའ༌ ཨིད༌ཤེས༌ ཅོས༌?§" 17 སོང༌པ༌སང༌ ལོན༌བོ༌ ཉན༌ཅེས༌ ཅིག༌པོ༌ གྱུད༌ཏེ༌ ཏད༌པ༌བོ༌ ཡོང༌ང༌ནོག༌, ཡང༌ ཏེ༌ ལོན༌བོ༌ ནི༌ མ༌ཤི༌ཀའེ༌ སྐོར༌རི༌ གའ༌མོའེ༌ ནས༌ཚུལ༌བོ༌ ཨིན༌ནོག༌། 18 ཨིན༌ནའང༌ ངའེ༌ ཏྲིའད༌, ཅི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ལོན༌བོ༌ མ༌ཚོར༌ར༌ ཨིན༌ནོག༌ག༌? འོ༌ན༌, ཁོང༌གུན༌ནི༌ ཚོར༌ཏེ༌ ཨིན༌ནོག༌,
"ལོན༌བོ༌ ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཕེལ༌ཏེ༌ ཨིན༌ནོག༌,
ཡང༌ བཀའ༌བོ༌ ཇིག༌རྟེན༌ནི༌ ཐའ༌མ༌ ཚོག༌པའང༌ ལེབས༌ཏེ༌ ཨིན༌ནོག༌། *"
19 ཨིན༌ནའང༌ ངའེ༌ ཡང༌སྐྱར༌ ཏྲིའད༌, ཅི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཧ༌མ༌གོའ༌ ཨིན༌ནོག༌ག༌? ཁོང༌གུན༌ནི༌ ཧ༌གོ༌ཏེ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ མོ༌ཟེས༌སི༌ ཏུས༌ལའང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛདས༌,
"གྱལ༌ཁམས༌ མན༌ཁན༌ནི༌ མི༌གུན༌ གྱུད༌ཏེ༌,
ངའེ༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ ཚིག༌ཅེས༌ སྐྱེ༌ཅུག༌ཨིན༌,
སམ༌བ༌ མེད༌ཁན༌ནི༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ གྱུད༌ཏེ༌,
ངའེ༌ ཁྱོ༌ཞ༌གུན༌ནི༌ ནང༌ང༌ སྲོ༌ སྐྱེ༌ཅུག༌ཨིན༌། "
20 ཡང༌ སྟིང༌ནེ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཡེ༌ཤ༌ཡཱའེ༌ ཧམ༌པ༌ ཉམ༌པོ༌ མོལས༌,
"ངའ༌ མ༌ཙལ༌ཁན༌ནི༌ མི༌གུན༌ནི༌ ངའེ༌ ནང༌ང༌ ཏད༌པ༌ ཅོས༌།
ངའ༌ ཤེས༌ཉིན༌ མ༌གྲོ༌ཁན༌གུན༌ལ༌, ངའེ༌ ང༌རང༌ སྔོན༌ཅུགས༌པིན༌།"
21 ཨིན༌ནའང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ སྐོར༌ལ༌ དཀོན༌མཆོག༌གི༌ མོལས༌,
"ཉི༌མ༌ གང༌པོ༌ ངའེ༌ ང༌རང༌ངི༌ ལག༌པ༌ ཁོང༌གུན༌ལ༌ གའ༌སུས༌ ཞུའ༌ལ༌ རྐྱངས༌ཏེ༌ བོར༌པིན༌,
ཨིན༌ནའང༌ ཁོང༌གུན༌ ཁའ༌མི༌ཉན༌ དང༌ ངོ༌ལོག༌ ཅོ༌ཁན༌ ཡོད༌པིན༌།"§
* 10:5 ཁྲིམས༌སི༌ སྤེ༌ཆ༌ ཏང༌པོའེ༌ 18:5 10:6 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌30:13 10:7 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 30:13 § 10:8 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 30:14 * 10:11 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 28:16 10:13 ཡོ༌ཨེལ༌ལི༌ སྤེ༌ཆའེ༌ 2:32 10:15 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 52:7 § 10:16 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 53:1 * 10:18 སུང༌གུར༌རི༌ སྤེ༌ཆའེ༌ 19:4 10:19 ཁྲིམས༌སི༌ སྤེ༌ཆ༌ ཉིས༌པའེ༌ 32:21 10:20 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 65:1 § 10:21 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 65:2