22
སྲོག༌ ཏང༌ཁན༌ནི༌ ལྩངས༌པོ༌།
22:1 ནེ༌ 6
1 ཏེ༌ནེ༌ ཕོ༌ཉ༌བོའེ༌ ང༌, སྲོག༌ ཏང༌ཁན༌ནི༌ ཆུ༌ གྱུག༌ཁན༌ ལྩངས༌པོ༌, ཤེལ༌ ཙོགས༌སི༌ ལག༌མོ༌, དཀོན༌མཆོག༌ དང༌ ལུ༌གུའི༌ ཞུགས༌ཁྲིས༌སི༌ ཀ༌ནེ༌ བིང༌ཁན༌བོ༌ ལྟན༌ན༌ ཛདས༌།
2 ཏེ༌བོ༌ ཐུར༌ལ༌ གྱལ༌སའེ༌ གྱ༌ལམ༌མི༌ སྐྱིལ༌ནེ༌ གྱུག༌དུག༌, ཡང༌ ལྩངས༌པོའེ༌ ལྡ༌ལྡོ༌ ཉིས༌ཀོའ༌ སྲོག༌ ཏང༌ཁན༌ནི༌ ལྕང༌མ༌ སྐྱེས༌ཏེ༌ དུག༌, ཀ༌བོའ༌ ལོ༌ ཅིག༌གི༌ ནང༌ང༌ སྟོན༌ཐོག༌ ཅུག༌ཉིས༌ སྨིན༌དུག༌། ཟླ༌ཝ༌ རེ༌རེ༌ ནང༌ང༌ སྟོན༌ཐོག༌ རེ༌རེ༌, ཡང༌ ཏེ༌བོའེ༌ ལོ༌མ༌གུན༌, གྱལ༌ཁམས༌གུན༌ ཕན༌ཅེས༌སི༌ ཕིའ༌ སྨན༌ནི༌ ཚུལ༌ལ༌ ཀོལ༌དུག༌།
3 དཀོན༌མཆོག༌གི༌ རྔན༌ཏབ༌བ༌ ཛད༌ཁན༌བོ༌ མེད༌ཁན༌ ཆེན༌, ཅིའ༌ཟེར༌ན༌ དཀོན༌མཆོག༌ དང༌ ལུ༌གུའི༌ ཞུགས༌ཁྲིས༌གུན༌ ཏེ༌རུ༌ ཡོད༌ཏེ༌ ཨིན༌ནོག༌, ཡང༌ ཁོང༌ངི༌ ཞབ༌སྟོག༌པ༌གུན༌ནི༌ ཁོང༌ང༌ ཅོལ༌ཨིན༌།
4 ཁོང༌གུན༌ནི༌ དཀོན༌མཆོག༌གི༌ ཞལ༌དོང༌ ཇལ༌ཨིན༌, ཡང༌ ཁོང༌ངི༌ ཚན༌ ཁོང༌གུན༌ནི༌ ཐོད༌པའེ༌ཀ༌ བྲི༌ཨིན༌།
5 ཏེ༌རུ༌ ཚན༌ མ༌ནེ༌ མི༌ཡོང༌, ཡང༌ ཁོང༌གུན༌ལ༌ སྐྱོང༌ཙེ༌ ཡ༌ ཉི༌མའེ༌ འོད༌དི༌ སྒོས༌དོམ༌ མི༌ཆའ༌, ཅིའ༌ཟེར༌ན༌ གཙོ༌བོ༌ དཀོན༌མཆོག༌ ཁོང༌གུན༌ནི༌ འོད༌པོ༌ ཨིན༌ནོག༌། ཁོང༌གུན༌ནི༌ གྱལ༌པོ༌གུན༌ ཙོགས༌ལ༌ ཏུས༌གྱུན༌ནེ༌གྱུན༌ ཝང༌སྲུལ༌ཨིན༌།
6 ཏེ༌ནེ༌ ཕོ༌ཉ༌བོའེ༌ ང༌ མོལས༌, "ཁྱོ༌རང༌ང༌ ཚོར༌ཁན༌གུན༌ ཨིད༌ཤེས༌ཅན༌ དང༌ དྲང༌པོ༌ ཨིན༌། ལུང༌སྟོན༌པ༌གུན༌ལ༌ ཤད༌ཅེས༌སི༌ ལོན༌གུན༌ སལ༌ལ༌ ཛད༌ཁན༌ནི༌ གཙོ༌བོ༌ དཀོན༌མཆོག༌གི༌, གྱོགས༌པ༌ བྱུང༌ཅེས༌ཅན༌གུན༌ ཤད༌ཅེས༌ལ༌ ཁོང༌ངི༌ ཕོ༌ཉ༌བོ༌, ཁོང༌རང༌ངི༌ ཞབ༌སྟོག༌པ༌གུན༌ལ༌ ཀལ༌ལ༌ ཛདས༌།"
ཡེ༌ཤུ༌ སྐྱོད༌དུག༌།
22:7 ནེ༌ 21
7 ལུ༌གུའི༌ མོལས༌, "ལྟོས༌ཤིག༌ ང༌ ནི༌ གྱོགས༌པ༌ ཡོང༌ཨིན༌། འི༌ སྤེ༌ཆའེ༌ མ༌ཡོང༌ ལུང༌སྟན༌ ཛད༌ཁན༌གུན༌, ཁའ༌ཉན༌ཁན༌གུན༌ ཅིན༌ལབས༌ཅན༌ ཨིན༌།"
8 འི༌ ཚང༌མ༌ ང༌ ཡོ༌ཧཱ༌ནན༌ནི༌ ཚོར༌ ཡང༌ ཐོང༌། ཏེ༌གུན༌ ཚོར༌ར༌ཅིག༌ ཡང༌ ཐོང༌ང༌ཅིག༌, ངའ༌ ཏེ༌གུན༌ ལྟན༌ན༌ ཛད༌ཁན༌ནི༌ ཕོ༌ཉ༌བོའེ༌ ཞབས༌སི༌ དུན༌ལ༌ ཆག༌ཕུལ༌ཅེས༌ལ༌ གྱེལ༌པིན༌།
9 ཨིན༌ནའང༌ ཁོང༌ངི༌ ང༌ མོལས༌, "མན༌! ངའ༌ ཏེ༌ཟུག༌ མ༌ཅོ༌། ངའང༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ སྤུན༌ ལུང༌སྟོན༌པ༌གུན༌ ཙོགས༌ལ༌, དཀོན༌མཆོག༌གི༌ ཞབ༌སྟོག༌པ༌ཞིག༌ ཨིན༌, མ༌ཚད༌ འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ སྲུང༌ཁན༌གུན༌ནའང༌། དཀོན༌མཆོག༌ ཅིག༌པོའ༌ ཅོལ༌།"
10 ཏེ༌ནེ༌ ཁོང༌ངི༌ ང༌ མོལས༌, "འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ནི༌ མ༌ཡོང༌ ལུང༌སྟན༌གུན༌ སང༌ཝའེ༌ ནང༌ང༌ མ༌བོར༌ ཅིའ༌ཟེར༌ན༌ འི༌གུན༌ དྲན༌དྲ༌ གྲུབ༌ཅེས༌སི༌ ཏུས༌པོ༌ ཉེ༌མོ༌ དུག༌།
11 ངན༌པ༌ ཅོ༌ཁན༌གུན༌ལ༌ ངན༌པ༌ ཅོ༌ཅེས༌ནེ༌ མ༌སྒག༌, ལས༌ རྩོག༌པོ༌ ཅོ༌ཁན༌གུན༌ལ༌ ལས༌ རྩོག༌པོ༌ ཅོ༌ཅེས༌ནེ༌ མ༌སྒག༌, དྲང༌པོ༌ ཅོ༌ཁན༌གུན༌ལ༌ དྲང༌པོ༌ ཅོ༌ཅེས༌ནེ༌ མ༌སྒག༌, དམ༌པ༌ ཨིན༌ཁན༌གུན༌ དམ༌པ༌ གྱུར༌ཅེས༌ནེ༌ མ༌སྒག༌།
12 ཡེ༌ཤུའི༌ མོལས༌, "ལྟོས༌ཤིག༌, ང༌ གྱོགས༌པ༌ ཡོང༌ཨིན༌, ཡང༌ མི༌ རེ༌རེའ༌ རང༌རང༌ངི༌ ལས༌ ནང༌ཞིན༌ལ༌ ཏང༌ཅེས༌སི༌ སོལ༌རས༌ ངའེ༌ ལག༌ག༌ ཡོད༌།
13 ང༌ ནི༌ ཨལ༌ཕཱ༌ དང༌ ཨོ༌མེ༌ག༌, ཏང༌པོ༌ དང༌ ཐའ༌མ༌, གོ༌ཟུག༌ དང༌ སྟིང༌ཇུག༌ ཨིན༌།
14 ཀོས༌གུན༌ ཁྲུས༌ཏེ༌ ཁོ༌རང༌ རྩང༌མ༌ ཅོ༌ཁན༌གུན༌ ཅིན༌ལབས༌ཅན༌ ཨིན༌། ཁོང༌གུན༌ གྱལ༌སའེ༌ ནང༌ང༌ གྱས༌སྒོ༌གུན༌ གྱུད༌ཏེ༌ ཆ༌ཅུག༌ག༌ ཛད༌ཏེ༌ སྲོག༌ སལ༌ཁན༌ནི༌ ལྕང༌མའེ༌ ཀ༌ནེ༌ ཁ༌ཟས༌གུན༌ ཟེན༌།
15 ཇའ༌དུ༌ ཅོ༌ཁན༌, ལུས༌བྲེལ༌ ངན༌པ༌ ཅོ༌ཁན༌, མི༌སད༌, སྐུན༌དྲ༌ ཅོལ༌ཁན༌, ཟུན༌མ༌ དམ༌པའེ༌ མི༌ཚེ༌ ཕུད༌ཁན༌, ཏེ༌ ཁྱི༌ ཙོགས༌གུན༌ གྱལ༌སའེ༌ ཕི༌ལོག༌ག༌ ལུས༌ཨིན༌།
16 འི༌ ལོན༌གུན༌ ཆོས༌ཚོགས༌གུན༌ལ༌ ཤད༌ཅེས༌སི༌ ཕིའ༌ ང༌ ཡེ༌ཤུའི༌, ང༌རང༌ངི༌ ཕོ༌ཉ༌ ཁྱོ༌རང༌ངི༌ཀ༌ ཀལ༌པིན༌། ང༌ ནི༌ གྱལ༌པོ༌ དཱ༌བིད༌ དང༌ ཁོའེ༌ པུར༌གྱུད༌ བྱུང༌ཅུག༌ཁན༌, ཡང༌ ནམ༌ལངས༌སི༌ སྐར༌མ༌ ལྡང༌ཤན༌བོ༌ ཨིན༌།"
17 དམ༌པའེ༌ ཐུག༌ཉིད༌ དང༌ མ༌ཤི༌ཀའེ༌ བག༌མ༌ ༼ཡང༌ན༌ ཁོང༌ངི༌ ཆོས༌ཚོགས༌༽ གུན༌ནི༌ ཟེར༌དུག༌, "ཡོང༌ཤིག༌།" འི༌ ལོན༌ ཚོར༌ཁན༌གུན༌ལའང༌ ཟེར༌ཅུག༌, "ཡོང༌ཤིག༌།" སྐོམས༌ཁན༌གུན༌ ཡོང༌ཅུག༌ཤིག༌, ཡང༌ ཐུང༌ང༌ ཐད༌ཁན༌གུན༌ལ༌ སྲོག༌ ཏང༌ཁན༌ནི༌ ཆུ༌ ཆོན༌ལ༌ ཐུང༌ཅུག༌ཤིག༌།
18 འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ནི༌ མ༌ཡོང༌ ལུང༌སྟན༌ནི༌ སྤེ༌ར༌ ཚོར༌ཁན༌གུན༌ལ༌ ང༌ ཡོ༌ཧཱ༌ནན༌ནི༌ སྤང༌པུད༌ཨིན༌ ཟེར༌རད༌། འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཁན༌གུན༌ནི༌ཀ༌ ཐེ༌བ༌ སགས༌ཏེ༌ བྲི༌ཁན༌གུན༌ལ༌ དཀོན༌མཆོག༌གི༌ འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ནི༌ རྡུག༌ངལ༌གུན༌ སལ༌ཨིན༌།
19 ཡང༌ འི༌ སྤེ༌ཆའེ༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ནི༌ མ༌ཡོང༌ ལུང༌སྟན༌གུན༌ནི༌ ནང༌ནེ༌ ཐེན༌ཏེ༌ མ༌བྲི༌ཁན༌གུན༌ནི༌ ཀ༌ནེ༌ དཀོན༌མཆོག༌གི༌ འི༌ སྤེ༌ཆའེ༌ ནང༌ང༌ མོལ༌ཁན༌ནི༌ སྲོག༌ ཏང༌ཁན༌ནི༌ ལྕང༌མའེ༌ སྐལ༌ལ༌ དང༌ དམ༌པའེ༌ གྱལ༌སའེ༌ ནང༌ང༌ དུག༌ཅེས༌སི༌ ཐོབ༌ཏང༌བོ༌ ཐེན༌ན༌ ཛད༌ཨིན༌།
20 འི༌ བྲིས༌ཁན༌ ཚང༌མའེ༌ སྤང༌པོ༌ སལ༌ལ༌ ཛད༌ཁན༌ནི༌ ཡེ༌ཤུའི༌ མོལ༌ལ༌ ཛདས༌, "འོ༌ན༌ ང༌ གྱོགས༌པ༌ ཡོང༌ཨིན༌།"
ངའེ༌ ལན༌ཏངས༌པིན༌, "ཨ༌མེན༌, ཀྱེ༌ གཙོ༌བོ༌ ཡེ༌ཤུ༌ སྐྱོད༌ད༌ ཛད༌།"
21 གཙོ༌བོ༌ ཡེ༌ཤུའི༌ ཐུག༌རྗེ༌ དཀོན༌མཆོག༌གི༌ མི༌གུན༌ ཉམ༌པོ༌ ལུས༌ཤིག༌, ཨ༌མེན༌།།