4
ནེ༌བུ༌ཀཱ༌ནེ༌ཟཱར༌རི༌ ཉིས༌པ༌ ཉི༌ལམ༌།
4:1-18
1 གྱལ༌པོ༌ ནེ༌བུ༌ཀཱ༌ནེ༌ཟཱར༌རི༌ ཇིག༌རྟེན༌ གང༌པོའེ༌ གྱལ༌ཁམས༌, སྐད༌ དང༌ མི༌ ཚང༌མ༌ལ༌ འི༌ ལོན༌བོ༌ ཀལས༌, “ཞི༌དེ༌ དང༌ ཡར༌གྱས༌ ཇུང༌ཤིག༌།
2 ཀུན༌ཝང༌ དཀོན༌མཆོག༌གི༌ ངའ༌ ཧ༌ལས༌ཤེས༌སི༌ ལྟས༌ དང༌ སྟགས༌ སྟན༌ན༌ ཛད༌ཁན༌བོ༌ ཁྱོ༌ཞའ༌ ཤད༌ ཉིན༌རག༌།
3 ཁོང༌ངི༌ སྟགས༌གུན༌ ཀྲག༌པོ༌
ཡང༌ ཁོང༌ངི༌ ལྟས༌གུན༌ ཁྱུད༌ཅན༌ ཨིན༌ནོག༌།
ཁོང༌ངི༌ གྱལ༌སྲིད༌ ཐའ༌ མེད༌ཁན༌
ཡང༌ ཁོང༌ངི༌ ཝང༌སྲུལ༌ མི༌རབས༌ནེ༌ མི༌རབས༌ ལུས༌ཨིན༌།”
4 “ང༌ ནེ༌བུ༌ཀཱ༌ནེ༌ཟཱར༌ ང༌རང༌ངི༌ ཁར༌རི༌ ནང༌ང༌ སྐྱིད༌པོ༌ དང༌ ཚིམས༌ཏེ༌ ཡོད༌ཏུས༌
5 ངའ༌ ཇིགས༌ནང༌ཅན༌ནི༌ ཉི༌ལམ༌ཞིག༌ ཐོང༌། མལ༌ཙེ༌ཀ༌ ཉལ༌ཏེ༌ ཡོད༌ ཟ༌ནེ༌ ངའ༌ ཇིགས༌ནང༌ཅན༌ནི༌ ཞལ༌ཟིགས༌ཤིག༌ ཐོང༌།
6 ཏེ༌ནེ༌ ཏེ༌ ཉི༌ལམ༌མི༌ ཏོན༌ ཤད༌ཅེས༌ལ༌ བ༌བེ༌ལོན༌ནི༌ ཤེས༌རབ༌ཅན༌ མི༌ ཚང༌མ༌ བོད༌ཅེས༌ལ༌ ངའེ༌ བཀའ༌ ཏངས༌པིན༌།
7 མོ༌ ཏབ༌ཁན༌, ཤི༌ཁན༌ནི༌ སེམས༌ཉིད༌ བོད༌ཁན༌, སྐར༌རྩིས༌ཏང༌ཁན༌ ཏང༌ མ༌ཡོངས༌པའེ༌ ཏུས༌སི༌ སྐོར༌ལ༌ ཤད༌ཁན༌ ཚང༌མ༌ ཡོང༌ང༌ཅིག༌ ངའེ༌ ཉི༌ལམ༌བོ༌ ཤད༌པིན༌ ཨིན༌ནའང༌ ཁོང༌གུན༌ལ༌ ཏེ༌བོའེ༌ ཏོན༌ ཤད༌ མ༌ཉན༌།
8 སྟིང༌ཇུག༌པའེ༌ཀ༌ དཱ༌ནི༌ཨེལ༌ ཡོངས༌ ཡང༌ ངའེ༌ ཁོའ༌ ཉི༌ལམ༌བོ༌ ཤད༌པིན༌། ༼ངའེ༌ ལྷ༌ལྷ༌མོ༌གུན༌ནི༌ མིང༌ངི༌ གྱབ༌ནེ༌ ངའེ༌ ཁོའ༌ བེལ༌ཏེ༌ཤ༌ཟར༌ ཟེར༌རད༌པིན༌ ཡང༌ ཁོའེ༌ ནང༌ང༌ ཏམ༌པ༌ ལྷ༌ལྷ༌མོ༌གུན༌ནི༌ ཐུག༌ཉིད༌ ཡོད༌ཏེ༌ ཨིན༌ནོག༌།༽”
9 “ངའེ༌ ཟེར༌པིན༌, ‘ཆོས༌ངན༌ ཅོ༌ཁན༌གུན༌ནི༌ འུ༌སྐྱོང༌ བེལ༌ཏེ༌ཤ༌ཟར༌, ཏམ༌པ༌ ལྷ༌ལྷ༌མོ༌གུན༌ནི༌ ཐུག༌ཉིད༌ ཁྱོ༌རང༌ངི༌ ནང༌ང༌ ཡོད༌ཁན༌བོ༌ ང༌ གྱུས༌ཡོད༌། སང༌ཝ༌ ཅི༌ཞིག༌གའང༌ ཁྱོ༌རང༌ངི༌ ཕིའ༌ ཀགས༌པོ༌ མ༌ནོག༌། ང༌ འི༌ ཉི༌ལམ༌བོ༌ ཐོང༌, འི༌བོའེ༌ ཏོན༌ ངའ༌ ཤོད༌དའང༌།
10 མལ༌ཙའེ༌ ནང༌ང༌ ཡོད༌ཏུས༌ ངའ༌ འི༌ ཉི༌ལམ༌བོ༌ ཐོང༌, ཇིགས༌རྟེན༌ནི༌ ཞུང༌སྐྱིལ༌ལ༌ མ༌ ཆེན༌མོ༌ ལྕང༌མ༌ཞིག༌ དུག༌པིན༌།
11 ཏེ༌ ལྕང༌མ༌བོ༌ ལྡན༌ཨིན༌ སོང༌ཏེ༌ མ༌ ཤེད༌ཅན༌ གྱུར༌ཏེ༌ ནམ༌མ༌ ཐུགས༌ ཡང༌ ཇིག༌རྟེན༌ གང༌པོའེ༌ མི༌གུན༌ནི༌ ཐོང༌ངད༌པིན༌།
12 ཏེ༌བོའེ༌ ལོ༌མ༌གུན༌ མ༌ ལྡེ༌མོ༌ ཡང༌ ཚང༌མའ༌ གབ༌ཅེས༌ ཁ༌ཟས༌ མ༌མང༌པོ༌ ཆགས༌ཏེ༌ དུག༌པིན༌། ནམ༌མི༌ ཅ༌གུན༌ནི༌ ཏེ༌བོའེ༌ ཡལ༌ག༌གུན༌ནི༌ ནང༌ང༌ ཚངས༌ སགས༌ཏེ༌ ནག༌ཚོགས༌སི༌ སེམས༌ཅན༌གུན༌ ཏེ༌བོའེ༌ ཡོག༌ག༌ དུག༌དུག༌པིན༌། ཇིག༌རྟེན༌ནི༌ སྲོག༌ ཡོད༌ཁན༌ ཚང༌མའ༌ ཏེ༌ ལྕང༌མའེ༌ ཀ༌ནེ༌ ཟན༌ ཟ༌དུག༌པིན༌།’ ”
13 “མལ༌ཙའེ༌ཀ༌ ཉི༌ལམ༌མི༌ ནང༌ང༌ ལོན༌ ཁྱོང༌ཁན༌ ཏམ༌པ༌བོ༌ ནམ༌ཁའ༌ནེ༌ བབས༌ཏེ༌ སྐྱོད༌ཨིན༌ ང༌ ཐོང༌།
14 ཁོང༌ངི༌ ཤེད༌ནའང༌ མོལས༌, ‘ལྕང༌མ༌བོ༌ ཅོད༌ ཡང༌ ཡལ༌ག༌གུན༌ རྒོར༌, ལོ༌མ༌གུན༌ ཅད༌ཏེ༌ ཁ༌ཟས༌གུན༌ ཡོག༌། ཏེ༌བོའེ༌ ཡོག༌ག༌ ཡོད༌ཁན༌ནི༌ སེམས༌ཅན༌གུན༌ དང༌ ཡལ༌གའེ༌ཀ༌ ཡོད༌ཁན༌ནི༌ ཅ༌གུན༌ ཤོར༌ ཅུག༌།
15 ཨིན༌ནའང༌ ཏེ༌བོའེ༌ ལྡིམས༌པོ༌ ལྕགས༌ དང༌ ར༌གན༌ནི༌ ཏར༌ ཉམ༌པོ༌ ལྡམས༌ཏེ༌ པ༌ཀྲག༌གུན༌ སའེ༌ ནང༌ང༌ རྩའ༌ སྔོན༌པོའེ༌ སྐོར༌ཏེ༌ བོར༌།’ ”
“ ‘ནམ༌ཁའེ༌ ཟིལ༌པའེ༌ ཆུའ༌ ཁོ༌ ཕོག༌ཅུག༌ ཡང༌ ནག༌ཚོགས༌སི༌ སེམས༌ཅན༌ དང༌ ཞིང༌ངི༌ རྩའེ༌ ཕྲོའ༌ ཁོ༌ དུག༌ཅུག༌།
16 ལོ༌ རྡུན༌ ཚར༌ཚར༌ ཁོའ༌ མི༌ ལྡད༌པའེ༌ ཚབས༌ལ༌ སེམས༌ཅན༌ནི༌ ལྡད༌པ༌ ཡོད༌ ཅུག༌།’ ”
17 “ ‘ཐག༌ཅད༌ ཛད༌ཁན༌བོ༌ ལོན༌ ཁྱོང༌ཁན༌གུན༌ནི༌ ཤད༌ད༌ ཛདས༌, ཏམ༌པ༌ ཞུགས༌ཁན༌གུན༌ནི༌ ཁོང༌ངི༌ ཁྲིམས༌ཅད༌བོ༌ ཤད༌ད༌ ཛདས༌། ཀུན༌ཝང༌ དཀོན༌མཆོག༌གི༌ ཇིག༌རྟེན༌ནི༌ གྱལ༌སྲིད༌ ཚང༌མའེ༌ཀ༌ ཝང༌སྲུལ༌ལ༌ ཛད༌ཅེས༌པོ༌ མི༌ཚང༌མ༌ལ༌ ཧོ༌གོ༌ཅུག༌ཅེས༌ལ༌ ཏེ༌བོ༌ ཛདས༌། ཁོང༌ངི༌ ཏེ༌གུན༌ ཁོང༌ ཐུགས༌ཐད༌ཁན༌བོའ༌ སལ༌ལ༌ ཛད༌ད༌ནོག༌ ཏེ༌ནང༌ང༌ སེམས༌པས༌མོ༌ཅན༌གུན༌ ཐེས༌ཏེ༌ ཨིན༌ནོག༌།’ ”
18 “བེལ༌ཏེ༌ཤ༌ཟར༌, ཏེ༌ ཉི༌ལམ༌བོ༌ ང༌ ནེ༌བུ༌ཀཱ༌ནེ༌ཟཱར༌ལ༌ ཐོང༌། ཏ༌ ཏེ༌བོའེ༌ ཏོན༌ ཤོད༌དའང༌ ཅིའ༌ཟེར༌ན༌ ངའེ༌ གྱལ༌སྲིད༌ གང༌པོའེ༌ ཤེས༌རབ༌ཅན༌ མི༌ ཅིག༌གའང༌ ཏེ༌བོའེ༌ ཏོན༌ ཤད༌ མ༌ཉན༌། ཨིན༌ནའང༌ ཁྱོ༌རང༌ང༌ ཤད༌ ཉན༌ཨིན༌ ཅིའ༌ཟེར༌ན༌ ཏམ༌པ༌ ལྷ༌ལྷ༌མོ༌གུན༌ནི༌ ཐུག༌ཉིད༌ ཁྱོ༌རང༌ངི༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌།”
དཱ༌ནི༌ཨེལ༌ལི༌ ཉི༌ལམ༌མི༌ ཏོན༌ ཤདས༌།
4:19-37
19 ཏེ༌ནེ༌ ཏུས༌ བན༌ཤིག༌གི༌ ཕིའ༌ དཱ༌ནི༌ཨེལ༌ ཐེ༌ཚོམས༌ སོང༌ ཡང༌ ཉི༌ལམ༌མི༌ ཏོན༌བོ༌ སམས༌ཏེ༌ ཁོའེ༌ སེམས༌ལ༌ སྲན༌ཏྲེ༌ བར༌དོ༌ ཐོང༌། ཏེ༌ནེ༌ གྱལ༌པོའེ༌ ཟེརས༌, “བེལ༌ཏེ༌ཤ༌ཟར༌, ཉི༌ལམ༌ ཡ༌ ཏེ༌བོའེ༌ ཏོན༌བོ༌ སམས༌ཏེ༌ ཁྱོ༌རང༌ངི༌ སེམས༌ལ༌ ནགས༌ མ༌སྟན༌།”
ཁོའེ༌ ལན༌ ཏངས༌, “སྤོན༌བོ༌ ལེ༌, ཉི༌ལམ༌བོ༌ ཉེ༌རང༌ མན༌པ༌ ཉེ༌རང༌ངི༌ གྲ༌འོ༌གུན༌ ཡང༌ ཏེ༌བོའེ༌ ཏོན༌བོ༌ ཉེ༌རང༌ང༌ གྱབ༌གལ༌ ཅོ༌ཁན༌གུན༌ལ༌ ཇུང༌ཤིག༌པིའང༌།
20 ཉེ༌རང༌ང༌ ཐོང༌ཁན༌ནི༌ ལྕང༌མ༌ ལྡན༌ཏེ༌ ཤེད༌ཅན༌ གྱུར༌ ཡང༌ ཇིག༌རྟེན༌ནི༌ མི༌ ཚང༌མའེ༌ ཐོང༌ཅེས༌སི༌ ཕིའ༌ ཏེ༌བོའེ༌ གོ༌ ནམ༌མ༌ ཐུག༌,
21 ཏེ༌བོའེ༌ ལོ༌མ༌གུན༌ མ༌ ལྡེ༌མོ༌, ཏེ༌བོའེ༌ཀ༌ ཚང༌མའ༌ གབ༌ཅེས༌ ཁ༌ཟས༌ མ༌མང༌པོ༌ ཆགས༌ཏེ༌ ནམ༌མི༌ ཅ༌གུན༌ནི༌ ཏེ༌བོའེ༌ ཡལ༌ག༌གུན༌ནི༌ ནང༌ང༌ ཚངས༌ སགས༌ཏེ༌ ནག༌ཚོགས༌སི༌ སེམས༌ཅན༌གུན༌ ཏེ༌བོའེ༌ ཡོག༌ག༌ དུག༌དུག༌པིན༌།
22 གྱལ༌པོ༌ལེ༌ ཏེ༌ ལྕང༌མ༌བོ༌ ཉེ༌རང༌ ཨིན༌ནོག༌། ཉེ༌རང༌ ཀྲག༌པོ༌ དང༌ ཤེད༌ཅན༌ ཡང༌ ཉེ༌རང༌ངི༌ སྤལ༌ ནམ༌ཁའ༌ ཚོག༌པ༌ ལེབ༌ཏེ༌ ཇིག༌རྟེན༌ གང༌པོའ༌ ཉེ༌རང༌ངི༌ ཝང༌སྲུལ༌ལ༌ནོག༌།”
23 “གྱལ༌པོ༌ ཉེ༌རང༌ང༌ ལོན༌ ཁྱོང༌ཁན༌ ཏམ༌པ༌བོ༌ ནམ༌ཁའ༌ནེ༌ ཡོག༌ག༌ ཡོང༌ཨིན༌ ཐོང༌ ཡང༌ ཁོང༌ངི༌ མོལས༌, ‘ལྕང༌མ༌ ཅད༌ཏེ༌ མེད༌ཁན༌ ཅོས༌ ཨིན༌ནའང༌ ལྡིམས༌པོ༌ བོར༌ཏེ༌ ལྕགས༌ དང༌ ར༌གན༌ནི༌ ཏར༌ ཉམ༌པོ༌ ལྡོམ༌ ཡང༌ རྩའ༌ སྔོན༌པོའེ༌ སྐོར༌ཏེ༌ པ༌ཀྲག༌ སའེ༌ ནང༌ང༌ བོར༌། ནམ༌ཁའེ༌ ཟིལ༌པའེ༌ ཆུ༌ ཁོའ༌ ཕོག༌ཅུག༌ ཡང༌ ཁོ༌ ལོ༌ རྡུན༌ ནག༌ཚོགས༌སི༌ སེམས༌ཅན༌ ཉམ༌པོ༌ དུག༌ཅུག༌།’ ”
24 “གྱལ༌པོ༌ ཁྱེན༌ ཉི༌ལམ༌མི༌ ཏོན༌བོ༌ ནི༌, ཀུན༌ཝང༌ དཀོན༌མཆོག༌གི༌ ཐག༌ཅད༌ ཛད༌ཁན༌བོ༌ ཉེ༌རང༌ངི༌ཀ༌ ཇུང༌ཅེས༌ ཨིན༌ནོག༌།
25 ཉེ༌རང༌ མི༌གུན༌ནི༌ ཕྲོ༌ནེ༌ བིང༌ཏེ༌ སེམས༌ཅན༌གུན༌ ཉམ༌པོ༌ དུག༌ཨིན༌, རྩའ༌ ཟེན༌ ཡང༌ ནམ༌ཁའེ༌ ཟིལ༌པའེ༌ ཆུ༌ ཉེ༌རང༌ང༌ ཕོག༌ཨིན༌། ཀུན༌ཝང༌ དཀོན༌མཆོག༌ གྱལ༌སྲིད༌ ཚང༌མའེ༌ཀ༌ ཝང༌སྲུལ༌ལ༌ ཛད༌ཁན༌ ཡང༌ ཏེ༌བོ༌ ཁོང༌རང༌ ཐུགས༌ཐད༌ཁན༌བོའ༌ སལ༌ལ༌ ཛད༌ཅེས༌པོ༌, ཉེ༌རང༌ངི༌ ལོ༌ རྡུན༌ནི༌ སྟིང༌ནེ༌ མན༌ནེ༌ ཁས༌ལེན༌ མི༌ཅོ༌།
26 ལྕང༌མའེ༌ ལྡིམས༌ དང༌ པ༌ཀྲག༌ བོར༌ཅེས༌ལ༌ བཀའ༌ སལ༌ཁན༌ནི༌ ཏོན༌ནི༌ ཉེ༌རང༌ངི༌ དཀོན༌མཆོག༌ ཀུན༌ཝང༌ ཞུགས༌ཁན༌བོ༌ ཁས༌ལེན༌ ཅོའ༌ཅིག༌ ཉེ༌རང༌ང༌ ཉེ༌རང༌ངི༌ གྱལ༌སྲིད༌ ལོགས༌ཏེ༌ ཐོབ༌ཅེས༌པོ༌ ཨིན༌ནོག༌།
27 གྱལ༌པོ༌ ནེ༌བུ༌ཀཱ༌ནེ༌ཟཱར༌ ཁྱེན༌, ངའེ༌ ལབ༌ཞའ༌ ཉན༌ན༌ ཛད༌, སྡིག༌པ༌ ཅོ༌ཅེས༌ ཕངས༌ཏེ༌ ཀྲང༌པོ༌ ཅོའ༌ ཛད༌། ངན༌པའེ༌ སྕོད༌པ༌ ཕངས༌ཏེ༌ ཉལ༌བ༌ཅན༌གུན༌ལ༌ སྙིང༌རྗེ༌ སྟན༌ན༌ ཛད༌། ཅི༌པ༌ཏ༌ ཉེ༌རང༌ངི༌ འི༌ སྐྱིད༌པོ༌ མི༌ཚེ༌བོ༌ ཡུན༌རིངས༌ ལུས༌ སྲིད༌ཅེས༌ ཨིན༌ནོག༌།”
28 གྱལ༌པོ༌ ནེ༌བུ༌ཀཱ༌ནེ༌ཟཱར༌རི༌ཀ༌ ཏེ༌ ཚང༌མ༌ ཇུང༌།
29 ཟླ༌ 12 སྟིང༌ནེ༌ གྱལ༌པོ༌ བ༌བེ༌ལོན༌ནི༌ ཁར༌རི༌ ཐོག༌གི༌ཀ༌ གྲུལ༌ཨིན༌ ཡོད༌ ཟ༌ནེ༌
30 ཁོའེ༌ ཟེརས༌, “ང༌ དུག༌སའེ༌ འི༌ བ༌བེ༌ལོན༌ནི༌ གྱལ༌སའ༌ ཇིགས༌པོ༌ ངའེ༌ རྩིགས༌ཏེ༌ མ༌ནོག༌ག༌? ཏེ༌བོ༌ ངའེ༌ སྤེལ༌ དང༌ ཁྱུད༌ སྟན༌ཅེས༌ལ༌ ཅོས༌ཏེ༌ མ༌ནོག༌ག༌?”
31 ཏེ༌ སྤེ༌ར༌གུན༌ ཁོའེ༌ ཁའ༌ནེ༌ བིང༌ མ༌ཚར༌ར༌ ནམ༌ཁའ༌ནེ༌ སྐད༌ཅིག༌གི༌ མོལས༌, “གྱལ༌པོ༌ ནེ༌བུ༌ཀཱ༌ནེ༌ཟཱར༌ འི༌ བཀའ༌བོ༌ ཁྱོ༌རང༌ངི༌ ཕིའ༌ ཨིན༌, གྱལ༌པོའེ༌ ཝང༌བོ༌ ངའེ༌ ཁྱོ༌རང༌ངི༌ ཀ༌ནེ༌ ཁྱེར༌རད༌།
32 ཁྱོ༌རང༌ མི༌གུན༌ནི༌ ཕྲོ༌ནེ༌ ཕིངས༌ཏེ༌ ནག༌ཚོགས༌སི༌ སེམས༌ཅན༌ནི༌ ཕྲོའ༌ དུག༌ཨིན༌ ཡང༌ བ༌ལང༌ ཙོགས༌ལ༌ རྩའ༌ ཟེན༌། ཀུན༌ཝང༌ དཀོན༌མཆོག༌ གྱལ༌སྲིད༌ ཚང༌མའེ༌ཀ༌ ཝང༌སྲུལ༌ལ༌ ཛད༌ཁན༌ ཡང༌ ཏེ༌བོ༌ ཁོང༌རང༌ ཐུགས༌ཐད༌ཁན༌བོའ༌ སལ༌ལ༌ ཛད༌ཅེས༌པོ༌ ཁས༌ལེན༌ ཅོ༌ཅོ༌ ལོ༌ རྡུན༌ ཁྱོ༌རང༌ ཏེ༌ ཙོགས༌ལ༌ དུག༌ཨིན༌།”
33 ཏེན༌ན༌མལ༌ལ༌ ནེ༌བུ༌ཀཱ༌ནེ༌ཟཱར༌རི༌ སྐོར༌ལ༌ མོལ༌ཁན༌ ཚང༌མ༌ དྲན༌དྲའ༌ གྲུབ༌། ཁོ༌ མི༌གུན༌ནི༌ ཕྲོ༌ནེ༌ ཕིངས༌ཏེ༌ བ༌ལང༌ ཙོགས༌ལ༌ རྩའ༌ ཟོས༌། ཁོའེ༌ སྲའ༌ ལག༌གི༌ ཤོག༌པ༌ ཙོགས༌ རིང༌མོ༌ ཡང༌ སེན༌མོ༌ ཅའེ༌ སེན༌མོ༌ ཙོགས༌ གྱུར༌གྱུར༌ ཚོག༌པ༌ ཁོའེ༌ ཟུགས༌པོའ༌ ནམ༌ཁའེ༌ ཟིལ༌པའེ༌ ཆུ༌ ཕོག༌།
34 “ཏེ༌ ཏུས༌པོ༌ བུད༌ཏེ༌ སྟིང༌ནེ༌ ང༌ ནེ༌བུ༌ཀཱ༌ནེ༌ཟཱར༌རི༌ ནམ༌ཁའེ༌ ཆོགས༌ལ༌ ལྟས༌པིན༌ ཡང༌ ངའེ༌ ལྡད༌པ༌ ཁྱོར༌ཁན༌བོ༌ གྱལ༌། ཏེ༌ནེ༌ ངའེ༌, ཀུན༌ཝང༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌པིན༌། ཏུས༌གྱུན༌ སོན༌པོ༌ དཀོན༌མཆོག༌ག༌ ངའེ༌ རྩི༌ཝ༌ དང༌ སྤལ༌ ཕུལ༌པིན༌།
ཁོང༌ངི༌ གྱལ༌སྲིད༌ ཐའ༌མེད༌ཁན༌ནི༌ གྱལ༌སྲིད༌,
ཡང༌ ཁོང༌ངི༌ གྱལ༌སྲིད༌ མི༌རབས༌ནེ༌ མི༌རབས༌ ལུས༌ཨིན༌།
35 ཁོང༌ངི༌ སྐུན༌དུན༌ལ༌ ཇིག༌རྟེན༌པ༌ ཚང༌མ༌ ཅའང༌ མ༌ནོག༌།
ཇིག༌རྟེན༌ནི༌ མི༌ དང༌ ནམ༌ཁའེ༌ ཝང༌གུན༌ ཉམ༌པོ༌
ཁོང༌ངི༌ ཁོང༌རང༌ ཐད༌ཁན༌ ཛད༌ད༌ནོག༌།
སུ༌ཞིག༌གའང༌ ཁོང༌ངི༌ ཆག༌ ལྡམས༌ཏེ༌ བོར༌ མི༌ཉན༌
ཡ༌ འི༌བོ༌ ཅི༌ ཛད༌ཏེ༌ ཨིན༌ ཟེར༌ མི༌ཉན༌?”
36 “ཏེན༌ན༌ ཏུས༌ལ༌ ངའེ༌ ལྡད༌པ༌ ཁྱོར༌ཁན༌བོ༌ གྱལ༌ ཡང༌ ངའ༌ སྤལ༌, རྩི༌ཝ༌ དང༌ གྱལ༌སྲིད༌ གུན༌ ལོགས༌ཏེ༌ ཐོབ༌། ངའ༌ ཁ༌དའ༌ ཏང༌ཁན༌ དང༌ ངའེ༌ ལོན༌པོ༌ གུན༌ནི༌ ང༌ ཙལ༌དུག༌པིན༌། ང༌ ང༌རང༌ངི༌ ཁྲིས༌སི༌ཀ༌ སྟགས༌ ཡང༌ ང༌ སྔུན༌ནི༌ སང༌ ཀྲག༌ག༌ གྱུར༌།
37 ཏ༌ ང༌ ནེ༌བུ༌ཀཱ༌ནེ༌ཟཱར༌རི༌ ནམ༌ཁའེ༌ གྱལ༌པོའ༌ སྟོད༌པ༌, ཀུས༌པ༌ དང༌ སྤལ༌ ཕུལ༌ལད༌ ཅིའ༌ཞུ༌ན༌ ཁོང༌ངི༌ ཆག༌ལས༌ ཚང༌མ༌ ཀྲང༌པོ༌ ཨིན༌ནོག༌ ཡང༌ ཁོང༌ངི༌ ཐག༌ཅད༌ ཚང༌མ༌ འོས༌པ༌ཅན༌ ཨིན༌ནོག༌། ཀྲག༌པོ༌ ཚོར༌ཁན༌གུན༌ ཁོང༌ངི༌ པས༌མོ༌ ཛད༌ད༌ནོག༌།”