10
ཆད༌པ༌ རྒྱད༌པ༌
10:1-20
1 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “གྱལ༌པོ༌ ཡོད༌ས༌ ཡང༌སྐྱར༌ སོང༌, ངའེ༌ ཁོ༌ དང༌ ཁོའེ༌ སྤོན༌བོ༌གུན༌ནི༌ ཕྲོའ༌ ང༌རང༌ངི༌ ཧ༌ལས༌ཤེས༌སི༌ སྟགས༌གུན༌ སྟན༌ཅེས༌ལ༌ ངའེ༌ ཁོང༌གུན༌ནི༌ སྙིང༌ སྐྱོང༌པོ༌ གྱུར༌ཅུགས༌ཏེ༌ ཨིན༌།
2 ཏེ༌ནེ༌ ཁྱོ༌ཞའེ༌ ཕྲུ༌གུ༌གུན༌ དང༌ ཚ༌འོ༌ ཚ༌མོ༌ གུན༌ལ༌ ངའེ༌ ཨི༌ཇིབ༌པ༌གུན༌ སམ༌བ༌ མེད༌ཁན༌ གྱུར༌ཅུགས༌ཏེ༌ ཁོང༌གུན༌ལ༌ ཧ༌ལས༌ཤེས༌སི༌ སྟགས༌ སྟན༌ཁན༌གུན༌ ཁྱོ༌ཞ༌རང༌ངི༌ ཤད༌ཉན༌ཨིན༌ ཡང༌ ཁྱོ༌ཞའ༌ ཚང༌མའེ༌ ང༌ ཡ༌ཝ༌ ཨིན༌ཁན༌བོ༌ ཤེས༌ཨིན༌།”
3 ཏེ༌ནེ༌ མོ༌ཟེས༌ དང༌ ཨ༌རོན༌ གྱལ༌པོ༌ ཡོད༌ས༌ སོང༌ཏེ༌ ཁོའ༌ ཟེརས༌, “ཡ༌ཝ༌ ཨིབ༌རི༌པ༌གུན༌ནི༌ དཀོན༌མཆོག༌གི༌ འི༌ཟུག༌ མོལས༌, ‘ཏ༌རུང༌ ཙམ༌ཤིག༌ ཁྱོ༌རང༌ ངའེ༌ དུན༌ལ༌ བོལ༌མོ༌ མི༌གྱུར༌? ང༌ ཅོལ༌ཅེས༌ལ༌ ངའེ༌ མི༌གུན༌ ཆ༌ཅུག༌།
4 ཀལ༌ཏེས༌ ཁྱོ༌རང༌ངི༌ ཁོང༌གུན༌ ཆ༌ མ༌ཅུག༌ན༌, ཐོ༌རེ༌ ངའེ༌ ཁྱོ༌རང༌ངི༌ ཡུལ༌ལ༌ པར༌པར༌ཙེ༌ ཁྱོང༌ཨིན༌།
5 སུ༌ཞིག༌གིའང༌ ས༌ སྟོང༌པ༌ མི༌ཐོང༌ ཅིའ༌ཟེར༌ན༌ ཏེ༌གུན༌ནི༌ ས༌ཀྱད༌ གང༌པོ༌ ཀབ༌ཨིན༌། སེར༌ར༌རུའི༌ ཁྲེས༌ཏོར༌ མ༌ཅོའ༌ ལུས༌ཏེ༌ ཡོད༌ཁན༌ ཚང༌མ༌ མ༌ཚད༌ ཞིང༌ངི༌ཀ༌ ཡོད༌ཁན༌ནི༌ ལྕང༌མ༌ ཚང༌མའང༌ ཏེ༌གུན༌ནི༌ ཟེན༌།
6 ཏེ༌གུན༌ ཁྱོ༌རང༌ངི༌ ཁར༌, ཁྱོ༌རང༌ངི༌ སྤོན༌བོ༌ ཚང༌མ༌ དང༌ མི༌ ཚང༌མའེ༌ ཁང༌པ༌གུན༌ནི༌ ནང༌ང༌ གང༌ཨིན༌། ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ འི༌ ས༌ཆའེ༌ ནང༌ང༌ ཚུགས༌པ༌ནེ༌ ཕར༌ལ༌ འི༌ཙོགས༌ མ༌ཐོང༌ང༌ ཨིན༌ནོག༌།’ ” ཏེ༌ནེ༌ མོ༌ཟེས༌ གྱལ༌པོའེ༌ དུན༌ནེ༌ སོང༌།
7 ཏ༌ གྱལ༌པོའེ༌ སྤོན༌བོ༌གུན༌ནི༌ ཁོའ༌ ཟེརས༌, “ཏ༌རོང༌ ཙམ༌ཤིག༌ འི༌ མི༌བོའ༌ ང༌ཞ༌གུན༌ལ༌ ནགས༌ སྟན༌ཅུག༌གད༌? ཨིས༌ར༌ཨེལ༌པ༌གུན༌ ཡ༌ཝ༌ ཁོང༌གུན༌ནི༌ དཀོན༌མཆོག༌ག༌ ཅོལ༌ཅེས༌ལ༌ ཆ༌ཅུག༌ག༌ ཛད༌། ཨི༌ཇིབ༌ ཁྲེས༌ཏོར༌ ཆའ༌ཁན༌བོ༌ ཉེ༌རང༌ངི༌ ཟིགས༌ས༌ མི༌དུག༌ག༌?”
8 ཏེ༌ནེ༌ མོ༌ཟེས༌ དང༌ ཨ༌རོན༌ གྱལ༌པོའེ༌ ཡོད༌ས༌ ཡང༌སྐྱར༌ ཁྱོངས༌ ཡང༌ ཁོའེ༌ ཟེརས༌, “ཡ༌ཝ༌ ཁྱོ༌ཞའེ༌ དཀོན༌མཆོག༌ག༌ ཅོལ༌ཅེས༌ལ༌ སོང༌། ཨིན༌ནའང༌ ཁྱོ༌ཞའེ༌ ཕྲོ༌ནེ༌ སུ༌ ཆའད༌?”
9 མོ༌ཟེས༌སི༌ ལན༌ཏངས༌, “ང༌ཞའ༌ ཚང༌མ༌ ཆའད༌། ཕྲུ༌གུ༌གུན༌ དང༌ རྒད༌པོ༌གུན༌, བུ༌ཚ༌གུན༌ དང༌ བུ༌མོ༌གུན༌ ཡང༌ ང༌ཞའེ༌ ར༌ལུག༌ དང༌ ཞན༌ སེམས༌ཅན༌ནི༌ ཁྱུ༌ གུན༌ནའང༌ ཁྱེར༌ཨིན༌ ཅིའ༌ཟེར༌ན༌ ང༌ཞའ༌ ཚང༌མ༌ ཛོམ༌ཏེ༌ གའ༌སྟོན༌ རྩི༌ཨིན༌ ཡ༌ཝ༌ སྟོད༌པ༌ དང༌ ཆོད༌པ༌ ཕུལ༌གོས༌།”
10 གྱལ༌པོའེ༌ ཟེརས༌, “ངའེ༌ བུ༌མོ༌གུན༌ དང༌ ཕྲུ༌གུ༌གུན༌ ཁྱོ༌ཞའ༌ ཉམ༌པོ༌ མ༌ནེ༌ ཆ༌ མི༌ཅུག༌, ཅིའ༌ཟེར༌ན༌ ཁྱོ༌རང༌གུན༌ ལོག༌ཏེ༌ མི༌ཡོང༌ཅེས༌སི༌ ཅུས༌ངན༌ ལྡིངས༌ཁན༌བོ༌ ངའ༌ ཧ༌གོ༌།
11 ཆ༌ མི༌ཅུག༌། ཡ༌ཝ༌ ཆོད༌པ༌ ཕུལ༌ཏེ༌ ཅོལ༌གོ༌ཤེས༌ ཁག༌ཅན༌ ཨིན༌ན༌ བུ༌ཚ༌གུན༌ ཅིག༌པོ༌ སོང༌།” ཏེ༌ནེ༌ མོ༌ཟེས༌ དང༌ ཨ༌རོན༌ གྱལ༌པོའེ༌ དུན༌ནེ༌ ཁྱེརས༌།
12 ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཨི༌ཇིབ༌བི༌ ས༌ཆ༌ གང༌པོ༌ པར༌པར༌ཙེ༌ གང༌ཅེས༌ལ༌ ཁྱོ༌རང༌ངི༌ ལག༌པ༌ ཏེ༌ ས༌ཆའེ༌ཀ༌ སྐྱོང༌། ཞིང༌ངི༌ སྟོན༌ཐོག༌ སེར༌ར༌རུའི༌ ཁྲེས༌ཏོར༌ མ༌ཅོའ༌ ལུས༌ཏེ༌ ཡོད༌ཁན༌ དང༌ སྔོན༌པོ༌ ཡོད༌ཁན༌ ཚང༌མ༌ ཏེ༌གུན༌ནི༌ ཟེན༌།”
13 ཏེ༌ནེ༌ མོ༌ཟེས༌སི༌ ཁོ༌རང༌ངི༌ བེར༌ཀ༌ ཨི༌ཇིབ༌བི༌ཀ༌ རྐྱངས༌ ཡང༌ ཡ༌ཝའེ༌ ཏེ༌ ཉི༌མ༌ དང༌ ཚན༌ གང༌པོ༌ ཤར༌ ཆོགས༌ནེ༌ ལུངས༌པོ༌ ཡོང༌ ཅུག༌ག༌ ཛདས༌། ང༌མོ༌ ཆའ༌ཅིག༌ ལུངས༌པོའེ༌ པར༌པར༌ཙེ༌གུན༌ ཁྱོངས༌ཏེ༌ ཡོད༌པིན༌།
14 ཏེ༌གུན༌ ཡུལ༌ གང༌པོའེ༌ ནང༌ང༌ ཀ༌རུང༌ས༌ གང༌། དག༌ས༌ ཚག༌པ༌ མ༌ཐོང༌ཁན༌ ཡ༌ ཡོང༌ཅེས༌ཅན༌ནི༌ ཏུས༌སི༌ ནང༌ངའང༌ མ༌ནེ༌ མི༌ཐོང༌, ཏེ༌ཟམ༌ མང༌པོ༌ པར༌པར༌ཙེ༌ ནས༌ས༌ ཚང༌མ༌ གངས༌ཏེ༌ ཡོད༌པིན༌།
15 ཏེ༌གུན༌ གངས༌ཏེ༌ ས༌ཀྱད༌ ནག༌པོ༌ སོང༌། ཏེ༌གུན༌ནི༌ ལྕང༌མའེ༌ ཁ༌ཟས༌ དང༌ ཞིང༌ངི༌ སྟོན༌ཐོག༌ སེར༌ར༌རུའི༌ ཁྲེས༌ཏོར༌ མ༌ཅོའ༌ ལུས༌ཁན༌ ཚང༌མ༌ ཟོས༌། ཨི༌ཇིབ༌བི༌ ས༌ཆ༌ གང༌པོའེ༌ ནང༌ང༌ ལྕང༌མ༌ དང༌ ཞིང༌གུན༌ནི༌ཀ༌ སྔོན༌པོ༌ ཅིག༌གའང༌ མ༌ལུས༌།
16 ཏེ༌ནེ༌ གྱལ༌པོའེ༌ གྱོགས༌པ༌ མོ༌ཟེས༌ དང༌ ཨ༌རོན༌ བོད༌ཏེ༌ ཁྱོངས༌ ཡང༌ ཟེརས༌, “ངའེ༌ ཡ༌ཝ༌ ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌ དང༌ ཁྱོ༌ཞའེ༌ གྱབ༌གལ༌ལ༌ སྡིག༌པ༌ ཅོས༌ཏོག༌།
17 ཏ༌ འིན༌ན༌ ལན༌ ངའེ༌ སྡིག༌པ༌བོའ༌ ཤགས༌པ༌ ཏོང༌ ཡང༌ ཡ༌ཝ༌ ཁྱོ༌ཞའེ༌ དཀོན༌མཆོག༌ག༌ ངའེ༌ ཀ༌ནེ༌ ཤི༌ཅེས༌སི༌ འི༌ རྡུག༌ངལ༌བོ༌ ཐེན༌ན༌ ཛད༌ཅེས༌ལ༌ མོས༌ལམ༌ ཞུས༌།”
18 མོ༌ཟེས༌ གྱལ༌པོ༌ ཡོད༌ས༌ནེ༌ སོང༌ ཡང༌ ཡ༌ཝ༌ མོས༌ལམ༌ ཞུས༌།
19 ཡ༌ཝའེ༌ ནུབ༌ ཆོགས༌ནེ༌ ལུངས༌པོ༌ ཤེད༌ཅན༌ ཡོང༌ ཅུག༌ག༌ ཛདས༌ ཀ༌བོའེ༌ པར༌པར༌ཙེ༌གུན༌ ཚོ༌ མར༌པོའེ༌ ནང༌ང༌ ཁྱེརས༌། ཨི༌ཇིབ༌བི༌ ནང༌ང༌ པར༌པར༌ཙེ༌ ཅིག༌གའང༌ མ༌ལུས༌།
20 ཨིན༌ནའང༌ ཡ༌ཝའེ༌ གྱལ༌པོའེ༌ སྙིང༌ སྐྱོང༌པོ༌ ལུས༌ ཅུག༌ག༌ ཛདས༌ ཡང༌ ཁོའེ༌ ཨིས༌ར༌ཨེལ༌པ༌གུན༌ ཆ༌མ༌ཅུགས༌།
ཆད༌པ༌ རྒུ༌པ༌།
10:21-29
21 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཁྱོ༌རང༌ངི༌ ལག༌པ༌ ནམ༌ཁའ༌ ཆོགས༌ལ༌ སྐྱོང༌ ཡང༌ ཨི༌ཇིབ༌བི༌ ས༌ཆ༌ གང༌པོ༌ མུན༌གྲིག༌ ཆེན༌ ཏེ༌ཟམ༌ མུན༌ནག༌ ཀ༌བོ༌ ཁོང༌གུན༌ནི༌ ཚོར༌ ཐུབ༌ཨིན༌།”
22 ཏེ༌ནེ༌ མོ༌ཟེས༌སི༌ ཁོ༌རང༌ངི༌ ལག༌པ༌ ནམ༌ཁའ༌ ཆོགས༌ལ༌ སྟགས༌ ཡང༌ ཞག༌པོ༌ སུམ༌མི༌ ཕིའ༌ ཨི༌ཇིབ༌ གང༌པོ༌ ཇིགས༌པ༌ མུན༌ནག༌གི༌ ཀབས༌།
23 ཨི༌ཇིབ༌པ༌གུན༌ལ༌ ཐོང༌ མ༌ཐུབ༌ ཡང༌ ཁོང༌གུན༌ ཁང༌པ༌ནེ༌ ཕི༌ལོག༌ག༌ ཆའ༌ མ༌ཉན༌། ཨིན༌ནའང༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ དུགས༌ཏེ༌ ཡོད༌སའེ༌ ས༌ཆའེ༌ ནང༌ང༌ འོད༌ ཡོད༌པིན༌།
24 གྱལ༌པོའེ༌ མོ༌ཟེས༌ བོད༌ཏེ༌ ཁྱོངས༌ ཡང༌ ཟེརས༌, “ཡ༌ཝའ༌ ཅོལ༌ལ༌ སོང༌། ཁྱོ༌ཞའེ༌ ན༌མ༌ དང༌ ཕྲུ༌གུ༌ ཚང༌མ༌ ཁྱོ༌ཞའ༌ ཉམ༌པོ༌ ཁྱེར༌ནའང༌ གྲིག༌། ཨིན༌ནའང༌ ཁྱོ༌ཞའེ༌ ར༌ལུག༌ དང༌ ཞན༌ སེམས༌ཅན༌ནི༌ ཁྱུ༌གུན༌ འིན༌ན༌རུ༌ བོར༌གོས༌།”
25 ཨིན༌ནའང༌ མོ༌ཟེས༌སི༌ ཟེརས༌, “ཡ༌ཝ༌ ང༌ཞའེ༌ དཀོན༌མཆོག༌ག༌ སྲོག༌ཆོད༌ དང༌ མེའ༌ སྲགས༌ཁན༌ནི༌ ཆོད༌པ༌ ཕུལ༌ཅེས༌སི༌ ཕིའ༌ ཉེ༌རང༌ངི༌ ང༌ཞའ༌ སེམས༌ཅན༌གུན༌ ཁྱེར༌ཅུག༌གོས༌།
26 ང༌ཞའེ༌ སེམས༌ཅན༌གུན༌ ཅིག༌གའང༌ མ༌བོར༌ར༌ ང༌ཞའ༌ ཉམ༌པོ༌ ཁྱེར༌གོས༌། ང༌ཞའེ༌ ཏེ༌གུན༌ནི༌ ནང༌ནེ༌ ཁ༌ཅིག༌ ཡ༌ཝ༌ ང༌ཞའེ༌ དཀོན༌མཆོག༌ག༌ ཆོད༌པ༌ ཕུལ༌ཨིན༌ ཡང༌ ཏེ༌རུ༌ ལེབ༌ཏེ༌ མ༌ནེ༌ ཆོད༌པ༌ ཕུལ༌ཅེས༌ཅན༌ནི༌ སེམས༌ཅན༌གུན༌ ང༌ཞའ༌ གྱུས༌ མི༌ཆ༌།”
27 ཨིན༌ནའང༌ ཡ༌ཝའེ༌ གྱལ༌པོའེ༌ སྙིང༌ སྐྱོང༌པོ༌ གྱུར༌ཅུག༌ག༌ ཛདས༌ ཡང༌ ཁོའེ༌ ཁོང༌གུན༌ ཆ༌ མ༌ཅུགས༌།
28 ཁོའེ༌ མོ༌ཟེས༌ལ༌ ཟེརས༌, “ང༌ནེ༌ ཐག༌རིང༌ང༌ སོང༌། ཡང༌སྐྱར༌ ཁྱོ༌རང༌ ངའེ༌ དུན༌ལ༌ མི༌ཡོང༌ཅེས༌ ཏན༌ཏན༌ ཅོས༌། ཁྱོ༌རང༌ངི༌ ལྡོང༌ ངའ༌ ཐོང༌ངི༌ ཞག༌ག༌ ཁྱོ༌རང༌ ཤི༌ཨིན༌།”
29 མོ༌ཟེས༌སི༌ ལན༌ཏངས༌, “ཉེ༌རང༌ངི༌ མོལ༌ཁན༌ ནང༌ཞིན༌, ངའ༌ ཉེ༌རང༌ངི༌ དུན༌ལ༌ ཡང༌སྐྱར༌ མ༌ནེ༌ མི༌ཡོང༌།”