4
དཀོན༌མཆོག༌གི༌ ཆོགས༌ནེ༌ ལྟས༌གུན༌།
4:1-17
ཨིན༌ནའང༌ མོ༌ཟེས༌སི༌ ཡང༌སྐྱར༌ ཟེརས༌, “ཀལ༌ཏེས༌ ཁོང༌གུན༌ནི༌ ‘ཁྱོ༌རང༌ང༌ ཡ༌ཝ༌ མ༌ ཇལ༌ལ༌ ཨིན༌ནོག༌’ ཟེར༌ཏེ༌ ངའེ༌ཀ༌ ཨིད༌ཤེས༌ མ༌ཅོ༌ན༌ ཡ༌ ངའེ༌ ཟེར༌ཁན༌ལ༌ མ༌ཉན༌ན༌?”
ཏེ༌ནེ༌ ཡ༌ཝའེ༌ ཁོའ༌ ཏྲིས༌, “ཁྱོ༌རང༌ངི༌ ལག༌པའེ༌ ནང༌ང༌ ཡོད༌ཁན༌བོ༌ ཅི༌ ཨིན༌?”
མོ༌ཟེས༌སི༌ ལན༌ཏངས༌, “ལུག༌རྫི༌ བེར༌ཀ༌ ཨིན༌ལེ༌།”
ཡ༌ཝའེ༌ ཁོའ༌ མོལས༌, “ཏེ༌བོ༌ སའེ༌ཀ༌ ཕངས༌ ཏོང༌།”
ཏེ༌ནེ༌ མོ༌ཟེས༌སི༌ བེར༌ཀ༌ སའེ༌ཀ༌ ཕངས༌པ༌ ཏེ༌བོ༌ རུལ༌ཞིག༌ག༌ གྱུར༌ ཡང༌ ཁོ༌ རུལ༌ནེ༌ ཐག༌རིང༌ང༌ ཤོར༌།
ཏེ༌ནེ༌ ཡ༌ཝའེ༌ ཁོའ༌ མོལས༌, “ལག༌པ༌ རྐྱངས༌ཏེ༌ རུལ༌བོ༌ རྔ༌མ༌ནེ༌ ཟུམ༌།”
མོ༌ཟེས༌སི༌ ལག༌པ༌ རྐྱངས༌ཏེ༌ རུལ༌བོ༌ ཟུམས༌པ༌ ཏེ༌བོ༌ ཡང༌སྐྱར༌ ལུག༌རྫིའི༌ བེར༌ཀ༌ གྱུར༌།
ཡ༌ཝའེ༌ མོལས༌, “འི༌ ལྟས༌པོ༌ སྟོན༌ ཏེ༌ནེ༌ ཡ༌ཝ༌ ཁོང༌གུན༌ནི༌ ཕ༌མེས༌པོ༌ ཨབ༌ར༌ཧམ༌, ཨི༌སཱག༌ དང༌ ཡ༌ཀོབ༌ གུན༌ནི༌ དཀོན༌མཆོག༌ ཁྱོ༌རང༌ང༌ ཇལ༌ཁན༌བོ༌ ཁོང༌གུན༌ནི༌ ཨིད༌ཤེས༌ ཅོ༌ཨིན༌།”
ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཁྱོ༌རང༌ངི༌ ལག༌པ༌ ཁྱོ༌རང༌ངི༌ ཀོས༌སི༌ ནང༌ཀུག༌ག༌ ཏོང༌།” མོ༌ཟེས༌སི༌ ཁོ༌རང༌ངི༌ ལག༌པ༌ ཀོས༌སི༌ ནང༌ང༌ ཏངས༌ཏེ༌ ཕི༌ལོག༌ག༌ ཕིང༌ང༌ཅིག༌ ཁོའེ༌ ལག༌པ༌ མ༌ རྩོག༌པོ༌ ཛེ༌ནད༌ ཡོངས༌ཏེ༌ ཁ༌ ཙོགས༌ ཀར༌པོ༌ གྱུར༌ཏེ༌ ཡོད༌པིན༌།
ཡ༌ཝའེ༌ མོལས༌, “ཏ༌ ལག༌པ༌བོ༌ ལོགས༌ཏེ༌ ཀོས༌སི༌ ནང༌ང༌ ཏོང༌།” མོ༌ཟེས༌སི༌ ལག༌པ༌ ལོགས༌ཏེ༌ ནང༌ཀུག༌ག༌ ཏངས༌ཏེ༌ ཕིང༌ང༌ཅིག༌ ཏེ༌བོ༌ ཁོའེ༌ ཟུགས༌པོའེ༌ ཡང༌ ཡན༌ལག༌གུན༌ ཙོགས༌ལ༌ ཁྲངས༌པོ༌ གྱུར༌།
ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཀལ༌ཏེས༌ ཁོང༌གུན༌ནི༌ ཁྱོ༌རང༌ངི༌ཀ༌ ཨིད༌ མ༌ཤེས༌ན༌ ཡ༌ ལྟས༌ ཏང༌པོ༌བོའ༌ ནང༌སྟག༌ མ༌ཏང༌ན༌, ཁོང༌གུན༌ནི༌ ལྟས༌ ཉིས༌པ༌བོའ༌ ཨིད༌ཤེས༌ ཅོ༌སྲིད༌ཅེས༌ ཨིན༌ནོག༌། ཨིན༌ནའང༌ ཀལ༌ཏེས༌ ཁོང༌གུན༌ནི༌ འི༌ ལྟས༌ ཉིས༌ཀོའ༌ ཨིད༌ མ༌ཅོ༌ན༌ ཡ༌ ཁྱོ༌རང༌ངི༌ ཟེར༌ཁན༌བོ༌ མ༌ཉན༌ན༌ ཏེ༌ནེ༌ ནཱའེལ༌ ལྩངས༌པོ༌ནེ༌ ཆུ༌ ཁུར༌ཏེ༌ ས༌ སྐམ༌པོའེ༌ཀ༌ ལུག༌། ཁྱོ༌རང༌ངི༌ ལྩངས༌པོའེ༌ ཆུ༌ ཁྱོང༌ཁན༌བོ༌ སའི༌ཀ༌ ཁྲག༌ གྱུར༌ཨིན༌།”
10 མོ༌ཟེས༌སི༌ ཡ༌ཝ༌ ཟེརས༌, “ཡ༌ཝ༌ལེ༌, སྤེ༌ར༌ ཏང༌ཅེས༌སི༌ ནང༌ང༌ ངའ༌ ཁས༌པ༌ མེད༌, བུད༌ཁན༌ནི༌ ཏུས༌སི༌ ནང༌ང༌ ཡང༌ དག༌ས༌ ཉེ༌རང༌ ཉམ༌པོ༌ སྤེ༌ར༌ ཏང༌ ཟ༌ནེའང༌། ངའེ༌ ལྕའེ༌ ལྡམས༌ཏེ༌ ངའ༌ ཟེར༌གོ༌ཤེས༌པོ༌ ཟེར༌ ཉན༌ན༌མེད༌།”
11 ཡ༌ཝའེ༌ ཁོའ༌ མོལས༌, “མིའ༌ ཁའ༌ སུའི༌ ཏང༌ཏེ༌ ཨིན༌ནོག༌? སུའི༌ མི༌ རྒུད༌ ཡ༌ ཧན༌གྲང༌ ཅོས༌? སུའི༌ ཁོའ༌ ཐོང༌ཅེས༌ལ༌ མིག༌ ཡ༌ ཞ༌ར༌ ཅོས༌? ཏེ༌བོ༌ ང༌, ཡ༌ཝའེ༌ ཅོས༌ཏེ༌ མ༌ནོག༌ག༌? 12 ཏ༌ སོང༌, ངའེ༌ ཁྱོ༌རང༌ང༌ སྤེ༌ར༌ ཏང༌ཅེས༌ལ༌ རོགས༌ ཅོ༌ཨིན༌ ཡང༌ ངའེ༌ ཁྱོ༌རང༌ང༌ ཟེར༌གོ༌ཤེས༌པོ༌ ལབ༌ཨིན༌།”
13 ཨིན༌ནའང༌ མོ༌ཟེས༌སི༌ ཡང༌སྐྱར༌ ཞུ༌ཝ༌ ཕུལས༌, “ཡ༌ཝ༌ལེ༌ ཇུ༌ཇུ༌ ཡང༌ སུ༌ཞིག༌ ལམ༌ཅུག༌ག༌ ཛད༌དའང༌།”
14 ཏེ༌ནེ༌ ཡ༌ཝའ༌ མོ༌ཟེས༌སི༌ཀ༌ ཐུགས༌སྲོ༌ སྐྱོད༌ཏེ༌ མོལས༌, “ཁྱོ༌རང༌ངི༌ ཨ༌ཅོ༌ ལི༌ཝི༌པ༌ ཨ༌རོན༌ནི༌ སྐོར༌ལ༌ ཅི༌ སམ༌བ༌ ཨིན༌? ཁོའ༌ སྤེ༌ར༌ གྱལ༌ལ༌ ཏང༌ཉན༌ཁན༌བོ༌ ང༌ གྱུས༌ཡོད༌, ཡང༌ དག༌ས༌ ཁོ༌ ཁྱོ༌རང༌ང༌ ཐུག༌ག༌ལ༌ ཡོང༌དུག༌། ཁྱོ༌རང༌ ཐུགས༌ཏེ༌ ཁོ༌ མ༌ཐད༌པོ༌ ཆེན༌། 15 ཁྱོ༌རང༌ངི༌ ཁོ༌ ཉམ༌པོ༌ སྤེ༌ར༌ ཏངས༌ཏེ༌ ཁོའ༌ ཟེར༌གོ༌ཤེས༌སི༌ སྤེ༌ར༌གུན༌ ཤོད༌། ངའེ༌ ཁྱོ༌ཞའ༌ སྤེ༌ར༌ ཏང༌ཅེས༌ལ༌ རོགས༌ ཅོས༌ཏེ༌ ཁྱོ༌ཞའ༌ ཅོ༌གོ༌ཤེས༌གུན༌ ལབ༌ཨིན༌། 16 ཨ༌རོན༌ནི༌ ཁྱོ༌རང༌ངི༌ ཚབས༌ ཅོས༌ཏེ༌ མི༌གུན༌ལ༌ སྤེ༌ར༌ ཏང༌ཨིན༌། ཁོ༌ ཁྱོ༌རང༌ངི༌ ཁའ༌ ཡང༌ ཁྱོ༌རང༌ ཁོའེ༌ ཕིའ༌ དཀོན༌མཆོག༌ ཙོགས༌ གྱུར༌ཨིན༌། 17 ཨིན༌ནའང༌ ལྟས༌གུན༌ སྟན༌ཅེས༌སི༌ ཕིའ༌ ཁྱོ༌རང༌ངི༌ ལུག༌རྫིའི༌ བེར༌ཀ༌བོ༌ ལག༌པའེ༌ ནང༌ང༌ ཁུར༌ཏེ༌ སོང༌།”
མོ༌ཟེས༌ ཨི༌ཇིབ༌བ༌ ལོགས༌ཏེ༌ སོང༌།
4:18-31
18 ཏེ༌ནེ༌ མོ༌ཟེས༌ ལོགས༌ཏེ༌ ཡེ༌ཐོརོ༌ ཁོ༌རང༌ངི༌ ན༌མའེ༌ ཨ༌བ༌ ཡོད༌ས༌ སོང༌ཏེ༌ ཟེརས༌, “ཇུ༌ཇུ༌ ངའ༌ ང༌རང༌ངི༌ སྤུན༌གུན༌ སོན༌ཏེའ༌ དུག༌ག༌ མི༌དུག༌ ལྟའ༌ལ༌ ཨི༌ཇིབ༌བ༌ ལོགས༌ཏེ༌ ཆ༌ཅུག༌ག༌ ཛད༌།”
ཡེ༌ཐོརོའེ༌ ལན༌ཏངས༌, “ཞི༌དེ༌ ཉམ༌པོ༌ སོང༌།”
19 མོ༌ཟེས༌ལ༌ མི༌དི༌ཡའན༌ནི༌ ནང༌ང༌ ཡ༌ཝའེ༌ མོལས༌, “ཨི༌ཇིབ༌བ༌ ལོགས༌ཏེ༌ སོང༌ ཅིའ༌ཟེར༌ན༌ ཁྱོ༌རང༌ སད༌ཨིན༌ སམ༌ཁན༌ ཚང༌མ༌ ཤི༌ཏེ༌ མེད༌།”
20 ཏེ༌བོའེ༌ཕིའ༌ མོ༌ཟེས༌སི༌, ཁོ༌རང༌ངི༌ ན༌མ༌ དང༌ བུ༌ཚ༌གུན༌ བུང༌བུའི༌ཀ༌ སྐྱོནས༌ ཡང༌ ལོགས༌ཏེ༌ ཨི༌ཇིབ༌བི༌ ས༌ཆ༌ སོང༌། ཁོའེ༌ ལག༌པའེ༌ ནང༌ང༌ དཀོན༌མཆོག༌གི༌ མོལ༌ཁན༌ནི༌ བེར༌ཀ༌ ཁུར༌ཏེ༌ ཡོད༌པིན༌།
21 ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཁྱོ༌རང༌ ཨི༌ཇིབ༌བ༌ ལོགས༌ཏེ༌ ལེབ༌བ༌ཅིག༌, གྱལ༌པོའེ༌ དུན༌ལ༌ ལྟས༌ ཚང༌མ༌ ལྟོན༌ ཀ༌གུན༌ ཅོ༌ཅེས༌ལ༌ ངའེ༌ ཁྱོ༌རང༌ང༌ ཝང༌ཆ༌ ཏངས༌ཏེ༌ ཨིན༌། ཨིན༌ནའང༌ ཁོའེ༌ མི༌གུན༌ ཆ༌ མི༌ཅུག༌ ཅིའ༌ཟེར༌ན༌ ངའེ༌ ཁོའེ༌ སྙིང༌སྐྱོང༌པོ༌ གྱུར༌ཅུག༌ཨིན༌། 22 ཏེ༌ནེ༌ ཁྱོ༌རང༌ངི༌ ཁོའ༌ ཟེར༌གོས༌, ‘ཡ༌ཝའེ༌ འི༌ཟུག༌ མོལས༌, ཨིས༌ར༌ཨེལ༌པ༌གུན༌ ངའེ༌ གོ༌མ༌ སྐྱེ༌ཁན༌ནི༌ བུ༌ཚ༌བོ༌ ཨིན༌། 23 ངའེ༌ ཁྱོ༌རང༌ང༌ ཟེར༌པིན༌, “ངའ༌ ཅོལ༌ཅེས༌ལ༌ ངའེ༌ བུ༌ཚ༌ ཆ༌ཅུག༌།” ཨིན༌ནའང༌ ཁྱོ༌རང༌ངི༌ ཁོ༌ ཆ༌ མ༌ཅུགས༌ པ༌སང༌ ངའེ༌ ཁྱོ༌རང༌ངི༌ གོ༌མའེ༌ བུ༌ཚ༌བོ༌ སད༌ཨིན༌།’ ”
24 ཨི༌ཇིབ༌བ༌ ཆ༌ ཟ༌ནེ༌ མོ༌ཟེས༌ དང༌ ཁོའེ༌ ནང༌ཚངས༌ ཚན༌ལ༌ དུགས༌ཏེ༌ ཡོད༌སའེ༌ ནས༌སའེ༌ཀ༌, ཡ༌ཝའ༌ མོ༌ཟེས༌སི༌ཀ༌ ཐུགས༌སྲོ༌ སྐྱོད༌ཏེ༌ ཡ༌ཝའེ༌ ཁོ༌ སད༌ཅེས༌ ཡོད༌པིན༌། 25 ཨིན༌ནའང༌ མོ༌ཟེས༌སི༌ ན༌མ༌ ཟི༌པོ༌རའེ༌ རྡོའ༌ སྲ༌མོ༌ ནོན༌པོ༌ཞིག༌ ཉམ༌པོ༌ ཁོ༌རང༌ངི༌ བུ༌ཚའ༌ སུན༌ནད༌ * ཅོས༌ཏེ༌ ཏེ༌ ཅད༌ཁན༌ནི༌ པགས༌པ༌ མོ༌ཟེས༌སི༌ རྐང༌པ༌ ཐུག༌ཅུགས༌ཏེ༌ ཟེརས༌, “འི༌ ཁྲག༌ཕོ༌ཁན༌བོ༌ གྱུད༌ཏེ༌ ཁྱོ༌རང༌ ཡ༌ཝའེ༌ ཐུག༌སྲོ༌ ནེ༌ ཐར༌ཏེ༌ ཨིན༌ནོག༌། 26 ཏེ༌ནེ༌ མོ༌ཟེས༌ སོན༌ཏེའ༌ བོར༌ཏེ༌ ཡ༌ཝ༌ སྐྱོདས༌། ༼བུ༌མོའེ༌ “ཁྲག༌ཕོ༌ཁན༌བོ༌ གྱུད༌ཏེ༌ ཁྱོ༌རང༌ ངའེ༌ ཞིད༌མད༌ ཨིན༌” ཟེར༌ཅེས༌པོ༌ ནི༌ ཁོ༌རང༌ངི༌ བུ༌ཚ༌ སུན༌ནད༌ ཅོ༌ཁན༌བོའེ༌ སྐོར༌ལ༌ ཨིན༌ནོག༌།༽
27 ཡ༌ཝའེ༌ ཨ༌རོན༌ལ༌ མོལས༌, “མོ༌ཟེས༌ལ༌ ཐུག༌ག༌ལ༌ རི༌སྟོང༌ངི༌ ནང༌ང༌ སོང༌།” ཨ༌རོན༌ སོང༌ ཡང༌ དཀོན༌མཆོག༌གི༌ རིའི༌ཀ༌ མོ༌ཟེས༌ ཉམ༌པོ༌ ཐུག༌ ཡང༌ ཁོའ༌ པུག༌ ཏངས༌། 28 ཏེ༌ནེ༌ མོ༌ཟེས༌སི༌ ཁོ༌ ཨི༌ཇིབ༌བ༌ ཀལ༌ལ༌ ཛད༌ཁན༌ནི༌ ཡ༌ཝའེ༌ མོལ༌ཁན༌ ཚང༌མ༌ དང༌ ཁོའ༌ ཅོ༌ཅེས༌ལ༌ བཀའ༌ སལ༌ཁན༌ནི༌ ལྟས༌ ཚང༌མའེ༌ སྐོར༌ ཨ༌རོན༌ལ༌ ཤདས༌།
29 མོ༌ཟེས༌ དང༌ ཨ༌རོན༌ནི༌ ཨིས༌ར༌ཨེལ༌པའེ༌ སྤོན༌བོ༌ ཚང༌མ༌ བོད༌ཏེ༌ ཛོམ༌ཅུགས༌། 30 ཨ༌རོན༌ནི༌ ཁོང༌ ཚང༌མ༌ལ༌ ཡ༌ཝའེ༌ མོ༌ཟེས༌ལ༌ ཤད༌ད༌ ཛད༌ཁན༌གུན༌ ཤདས༌ ཡང༌ ཁོའེ༌ ཁོང༌གུན༌ནི༌ དུན༌ལ༌ ལྟས༌གུན༌ སྟནས༌། 31 ཏེ༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཡ༌ཝའེ༌ ཁོང༌གུན༌ནི༌ རྡུག༌ངལ༌གུན༌ ཟིགས༌ཏེ༌ ཁོང༌ངི༌ སྐོར༌ལ༌ ཚེར༌ཁ༌ ཛད༌ཁན༌བོ༌ ཚོར༌ཏེ༌ ཨིད༌ཤེས༌ ཅོས༌པ༌ ཁོང༌གུན༌ནི༌ ས༌ ཐུག༌ ཅུགས༌ཏེ༌ གོ༌ སྒུས༌ ཡང༌ ཡ༌ཝའ༌ ཅོལས༌།
* 4:25 ཅུ༌ཅུའི༌ གོའེ༌ ཀ༌ནེ༌ ཐེ༌བ༌ པགས༌པ༌ ཅད༌ཅེས༌པོའ༌ སུན༌ནད༌ ཟེར༌ར༌ནོག༌། 4:25 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ འི༌ ཚིགས༌པོ༌ “ཉེ༌རང༌ ངའེ༌ ཁྲག༌གི༌ ཞིད༌མད༌ ཨིན༌” བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌།