10
མ༌ཤི༌ཀའེ༌ ཚང༌མའེ༌ ཏོན༌ལ༌ ལན༌ཅིག༌ ཁོང༌རང༌ སྲོག༌གི༌ ཆོད༌པ༌ ཕུལ༌ལ༌ ཛདས༌།
10:1 ནེ༌ 18
1 མོ༌ཟེས༌སི༌ ཁྲིམས༌ ནི༌ ཡོང༌ཅེས༌ཅན༌ནི༌ ཟང༌པོའེ༌ ཀྲིབ༌ཀྱག༌པོ༌ ཨིན༌ནོག༌ ངོས༌པོ༌བོ༌ མ༌ནོག༌། ཏེན༌ན༌བོའེ༌ཕིའ༌ ཁྲིམས༌པོའེ༌, ལོ༌ཞུང༌ ཙོགས༌ སྲོག༌གི༌ ཆོད༌པ༌གུན༌ ཕུལ༌ཅེས༌ གྱུད༌ཏེ༌ ཅོལ༌ལ༌ ཡོང༌ཁན༌གུན༌, ཅི༌ས༌ཐོག༌ནེ༌ རྩང༌མ༌ ཅོ༌ མ༌ནེ༌ མ༌ཉན༌ན༌ ཨིན༌ནོག༌།
2 གལ༌ཏེས༌ རྩང༌མ༌ ཅོ༌ཉན༌པིན༌ན༌, ཏེ༌ནེ༌ སྲོག༌གི༌ ཆོད༌པ༌ ཕུལ༌ཅེས༌པོ༌ ཚར༌ཏེ༌ མེད༌གྲོ༌། ཅིའ༌ཟེར༌ན༌ སྲོག༌གི༌ ཆོད༌པ༌ ལན༌ཅིག༌ ཕུལ༌ཅེས༌པོའེ༌ ཅོལ༌ཁན༌གུན༌ ཏུས༌གྱུན༌ནི༌ ཕིའ༌ རྩང༌མ༌ སོང༌ཏེ༌ ཡོད༌གྲོ༌། ཡང༌ ཁོང༌གུན༌ནི༌ ནང༌ང༌ ཁོང༌རང༌གུན༌ནི༌ སྡིག༌པའེ༌ ནོངས༌པོ༌ ལུས༌ཏེ༌ མེད༌གྲོ༌།
3 ཨིན༌ནའང༌ ཏེ༌ སྲོག༌གི༌ ཆོད༌པ༌གུན༌ནི༌ ཁོང༌གུན༌ལ༌ ལོ༌ཞུང༌ ཁོ༌རང༌གུན༌ནི༌ སྡིག༌པའེ༌ ཨིད༌ཏུ༌ སྐུལ༌ལ༌ནོག༌།
4 ཅིའ༌ཟེར༌ན༌ ལང༌ཏོ༌ དང༌ ར༌མ༌ གུན༌ནི༌ ཁྲག༌གི༌, སྡིག༌པ༌ མེད༌ཁན༌ མ༌ནེ༌ ཅོ༌ཉན༌ན༌ མ༌ནོག༌།
5 ཏེན༌ན༌བོའེ༌ཕིའ༌ ནམ༌ མ༌ཤི༌ཀ༌ ཇིག༌རྟེན༌ནི༌ ནང༌ང༌ སྐྱོདས༌, ཁོང༌ངི༌ དཀོན༌མཆོག༌ག༌ མོལས༌,
"ཉེ༌རང༌ང༌ སེམས༌ཅན༌ནི༌ སྲོག༌གི༌ ཆོད༌པ༌ ཡ༌
སྡིག༌པའེ༌ ཆོད༌པ༌ གུན༌ནི༌ ཐུགས༌དོད༌ མེད༌ཏེ༌ ཨིན༌ནོག༌།
ཨིན༌ནའང༌ ཉེ༌རང༌ངི༌ ངའ༌, ཆོད༌པའ༌ ཕུལ༌ཅེས༌ལ༌ ཟུགས༌པོ༌ཞིག༌ སལས༌།
6 ཉེ༌རང༌ མེའེ༌ ནང༌ང༌ སྲག༌ཁན༌ནི༌ ཆོད༌པ༌
ཡ༌, ཞན༌ སྡིག༌པའེ༌ ཆོད༌པ༌ གུན༌ལ༌ ཐུག༌ཉེས༌ས༌ མ༌ཛདས༌།"
7 ཏེ༌ནེ༌ ངའེ༌ ཟེར༌པིན༌ 'ཟིགས༌སའང༌, ཀྱེ༌ དཀོན༌མཆོག༌,
ང༌ ཉེ༌རང༌ངི༌ ཐུག༌གོངས༌ ཅོའ༌ལ༌ ཡོངས༌པིན༌,
ཀ༌ཟུག༌ ངའེ༌ སྐོར༌ལ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ བྲིས༌ཏེ༌ དུག༌།' "
8 ཏང༌པོ༌ མ༌ཤི༌ཀའེ༌ མོལས༌, "ཉེ༌རང༌ང༌ སེམས༌ཅན༌ནི༌ སྲོག༌གི༌ ཆོད༌པ༌ ཡ༌, སྡིག༌པའེ༌ ཆོད༌པ༌ གུན༌ ཡ༌, མེའེ༌ ནང༌ང༌ སྲག༌ཁན༌ནི༌ ཆོད༌པ༌ ཡ༌, ཞན༌ སྡིག༌པའེ༌ ཆོད༌པ༌ གུན༌ནི༌ ཐུགས༌དོད༌ མེད༌ ཡ༌, ཏེ༌གུན༌ལ༌ ཐུག༌ཉེས༌ས༌ མ༌ཛདས༌" ༼ཞན༌ ཏེ༌གུན༌ མོ༌ཟེས༌སི༌ ཁྲིམས༌ ནང༌ཞིན༌ ཕུལ༌གོས༌ནའང༌༽།
9 ཏེ༌ནེ༌ ཁོང༌ངི༌ མོལས༌, "ཟིགས༌སའང༌, ང༌ ཉེ༌རང༌ངི༌ ཐུག༌གོངས༌ ཅོའ༌ལ༌ ཡོངས༌པིན༌།" ཁོང༌ངི༌ ཆད༌དོན༌ ཉིས༌པ༌བོ༌ ལག༌ལེན༌ནི༌ ནང༌ང༌ ཁྱོང༌ང༌ ཛད༌ཅེས༌སི༌ ཕིའ༌ ཆད༌དོན༌ ཏང༌པོ༌བོ༌ མེད༌ཁན༌ ཛདས༌།
10 ཅིའ༌ཟེར༌ན༌ དཀོན༌མཆོག༌གི༌ ཐུག༌གོངས༌པོ༌ ནི༌, ལན༌ཅིག༌ ཏུས༌གྱུན༌ནི༌ ཕིའ༌ ཡེ༌ཤུ༌ མ༌ཤི༌ཀའེ༌ སྐུ༌ཟུགས༌པོ༌ སྲོག༌གི༌ ཆོད༌པ༌ ཕུལ༌ཏེ༌, ང༌དང༌གུན༌ རྩང༌མ༌ ཅོའ༌ ཛད༌ཅེས༌པོ༌ ཨིན༌ནོག༌།
11 ཆད༌དོན༌ སྙིང༌པའེ༌ ནང༌ང༌, བླ༌མའེ༌ ཞག༌ཏང༌ ཆོད༌ཁྲི༌ དུན༌ལ༌ ཆོད༌པ༌གུན༌ ཕུལ༌ཨིན༌ ཞབ༌སྟོག༌ ཞུའ༌ནོག༌, ཀ༌བོའེ༌ སྡིག༌པ༌ མེད༌ཁན༌ མ༌ནེ༌ ཅོ༌ཉན༌ན༌ མ༌ནོག༌།
12 ཨིན༌ནའང༌ ང༌དང༌གུན༌ནི༌ བླ༌མ༌ ཆེན༌མོའེ༌, ཁོང༌རང༌ ལན༌ཅིག༌ ཆོད༌པ༌ ཕུལ༌ཏེ༌ ཏུས༌གྱུན༌ནི༌ ཕིའ༌ སྡིག༌པ༌གུན༌ མེད༌ཁན༌ ཅོའ༌ ཛདས༌། ཏེ༌ནེ༌ ཁོང༌ དཀོན༌མཆོག༌གི༌ ཡས༌པ༌ ཆོགས༌ལ༌ རྩི༌ཝ༌ཅན༌ནི༌ ནས༌སའེ༌ཀ༌ ཞུགས༌ས༌ ཛདས༌།
13 ཁོང༌ ཏེ༌རུ༌ ཏེ༌ཏེ༌ཚོག༌པ༌ ཞུགས༌ཨིན༌ ནམ༌ཚོག༌པ༌ ཁོང༌ངི༌ གྲ༌འོ༌གུན༌ ཁོང༌རང༌ངི༌ ཞབས༌སི༌ ཡོག༌ག༌ བོར༌ར༌ མི༌ཛད༌།
14 ཁོང༌རང༌ངི༌ སྲོག༌, ལན༌ཅིག༌ ཆོད༌པ༌ ཕུལ༌ཅེས༌པོའེ༌, ཁོང༌ངི༌ དམ༌པ༌ ཅོའ༌ ཛད༌ཅེས༌ཅན༌གུན༌ལ༌ ཏུས༌གྱུན༌ནི༌ ཕིའ༌ ཕུན༌སུམ༌ཚོགས༌པའེ༌ མི༌ ཅོའ༌ ཛདས༌།
15 ཡང༌ དམ༌པའེ༌ ཐུག༌ཉིད༌དིའང༌ ཏེ༌བོའེ༌ སྐོར༌ལ༌ སྤང༌པོ༌ སལས༌, ཏང༌པོ༌ ནི༌,
16 "ཏེ༌ ཞག༌ག༌ ངའེ༌ ང༌རང༌ངི༌ མི༌གུན༌ ཉམ༌པོ༌ ཆད༌དོན༌ སོ༌མ༌ཞིག༌ ཅོ༌ཨིན༌།
ང༌ གཙོ༌བོའེ༌ ཟེར༌རད༌, ངའེ༌ ང༌རང༌ངི༌ ཁྲིམས༌གུན༌ ཁོང༌གུན༌ནི༌ སེམས༌སི༌ ནང༌ང༌ ཅུག༌ཨིན༌,
ཡང༌ ཏེ༌གུན༌ ཁོང༌གུན༌ནི༌ སམ༌བའེ༌ ནང༌ང༌ བྲི༌ཨིན༌། "
17 ཏེ༌ནེ༌ ཁོང༌ངི༌ མོལས༌,
"ངའེ༌ ཁོང༌གུན༌ནི༌ སྡིག༌པ༌གུན༌ ཞེད༌ཨིན༌,
ཡང༌ ཁོང༌གུན༌ནི༌ ཁྲིམས༌ ཅག༌ཁན༌ནི༌ ལས༌གུན༌ ཨིད༌ཏུ༌ མི༌བོར༌།
18 སྡིག༌པ༌གུན༌ལ༌ དཀོན༌མཆོག༌ནེ༌ ཤགས༌པ༌ ཐོབས༌ཏེ༌ སྟིང༌ནེ༌, ཡང༌སྐྱར༌ སྲོག༌གི༌ ཆོད༌པ༌ ཕུལ༌གོ༌ཤེས༌སི༌ སྒོས༌དོམ༌ མེད༌པ༌ ཨིན༌ནོག༌།
སྙིང༌རུས༌ ཅོ༌ཤིག༌།
10:19 ནེ༌ 39
19 ཏེན༌ན༌བོའེ༌ཕིའ༌ ངའེ༌ ཅེས༌པའེ༌ སྤུན༌གུན༌, ཡེ༌ཤུའི༌ སྐུ༌ཁྲག༌ གྱུད༌ཏེ༌, ང༌དང༌གུན༌ ནམ༌ཁའེ༌ ཚང༌མའེ༌སང༌ ནས༌ས༌ དམ༌པ༌བོའེ༌ ནང༌ང༌ ཧམ༌པ༌ ཉམ༌པོ༌ ཞུགས༌ཉན༌ན༌ནོག༌།
20 ཁོང༌ ཀྲོང༌ཤེས༌པོའེ༌ ཡེ༌ཤུའི༌ མི༌ཚེ༌ སལ༌ཁན༌ནི༌ སོ༌མ༌ ལམ༌ཤིག༌ ཕེའ༌ ཛདས༌པ༌, ང༌དང༌གུན༌ ཏེ༌ ཡོ༌ལ༌ གལ༌ཏེ༌ ཚང༌མའེ༌སང༌ ནས༌ས༌ དམ༌པ༌བོའེ༌ ནང༌ང༌ ཆ༌ཉན༌ན༌ནོག༌།
21 དཀོན༌མཆོག༌གི༌ ནང༌ཚངས༌, ང༌དང༌གུན༌ནི༌ཀ༌ ཝང༌སྲུལ༌ལ༌ ཛད༌ཁན༌ནི༌ བླ༌མ༌ ཆེན༌མོ༌ ཀྲག༌པོ༌ཞིག༌ ཞུགས༌ཏེ༌ ཡོད༌པ༌,
22 ང༌དང༌གུན༌ དྲང༌པོ༌ སྙིང༌ དང༌ ཨིད༌ཤེས༌ གང༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཆེན༌། ཅིའ༌ཟེར༌ན༌ ང༌དང༌གུན༌ནི༌ སེམས༌སི༌ ནང༌ང༌ ཡོད༌ཁན༌ནི༌ ནོངས༌གུན༌ མ༌ཤི༌ཀའེ༌ སྐུ༌ཁྲག༌ ཉམ༌པོ༌ རྩང༌མ༌ ཡང༌ ང༌དང༌ངི༌ ཟུགས༌པོ༌གུན༌ ཆུ༌ རྩང༌མ༌ ཉམ༌པོ༌ ཁྲུའ༌ ཛད༌ཏེ༌ ཨིན༌ནོག༌།
23 ཏེ༌ནེ༌ སྤང༌པོ༌ ཏང༌ཁན༌ནི༌ ང༌དང༌ངི༌ རེ༌ཝ༌བོའེ༌ཀ༌ ཐེ༌ཚོམས༌ མེད༌པ༌ སྟན༌པོ༌ ཐམས༌ཏེ༌ དུག༌ཨིན༌། ཅིའ༌ཞུ༌ན༌ དཀོན༌མཆོག༌ ནི༌, ཞལ༌ཆད༌ ཛད༌ཁན༌བོ༌ གྲུབ༌ ཅུག༌ག༌ ཛད༌ཅེས༌སི༌ ནང༌ང༌ ཨིད༌ཤེས༌ཅན༌ ཞུགས༌ཏེ༌ ཨིན༌ནོག༌།
24 ཏེ༌ནེ༌ ཡོང༌ཤིག༌, ཡ༌ཤ༌ དང༌ ལས༌ ཟང༌པོ༌ ཅོ༌ཅེས༌སི༌ ནང༌ང༌ ཅིག༌ དང༌ ཅིག༌ག༌ སྤོས༌པ༌ ཀ༌ཟུག༌གི༌ ཏང༌ཅེས༌ལ༌ ང༌དང༌གུན༌ནི༌ སམ༌བ༌ ཏང༌ཨིན༌།
25 ཡང༌ ཀ༌ཟུག༌ ཁ༌ཅིག༌ག༌ ཛོམ༌ཅེས༌སི༌ ལོབས༌ མེད༌ཁན༌ ཙོགས༌ལ༌ ང༌དང༌གུན༌, ཉམ༌པོ༌ ཛོམ༌ཅེས༌པོ༌ ཕང༌ མ༌ཕང༌ང༌, ཅིག༌ དང༌ ཅིག༌ག༌ སྤོས༌པ༌ ཏོང༌ཤིག༌། མིག༌སལ༌ལི༌ ནམ༌ ཁོང༌ ལོགས༌ཏེ༌ སྐྱོད༌ཅེས༌སི༌ ཞག༌པོ༌ ཉེ༌མོའ༌ ལེབ༌ཨིན༌ ཡོད༌།
26 ཅེས༌པའེ༌ ཛ༌འོ༌གུན༌, གལ༌ཏེས༌ ང༌དང༌གུན༌ལ༌ དེན༌བའེ༌ ཡོན༌ཏན༌ ཐོབས༌ཏེ༌ སྟིང༌ནེ༌, མིང༌ནའང༌ སྡིག༌པ༌གུན༌ ཅོ༌ཨིན༌ དུག༌ན༌, ཏེ༌ནེ༌ ཏེ༌གུན༌ལ༌ ཤགས༌པ༌ ཐོབ༌ཅེས༌ལ༌ ཕུལ༌ཅེས༌སི༌ སྲོག༌གི༌ ཆོད༌པ༌ཤིག༌ མེད༌པ༌ ཨིན༌ནོག༌།
27 ཏེ༌ཙོགས༌སི༌ མི༌གུན༌ལ༌ དཀོན༌མཆོག༌གི༌ ཇིགས༌ནང༌ཅན༌ནི༌ ཁྲིམས༌ཅད༌ དང༌ ཀྲག༌པོ༌ བར༌ཨིན༌ ཡོད༌ཁན༌ནི༌ མེ༌, ཀ༌བོའེ༌ ཁོང༌ངི༌ གྲ༌འོ༌གུན༌ མེད༌ཁན༌ ཅོ༌ཨིན༌, ཏེན༌ན༌ རེ༌ཝ༌བོ༌ ཅིག༌པོ༌ ལུས༌ཏེ༌ ཨིན༌ནོག༌།
28 མོ༌ཟེས༌སི༌ ཁྲིམས༌ ཁའ༌ མ༌ཉན༌ཁན༌ནི༌ མི༌གུན༌, སྤང༌པོ༌ ཉིས༌ ཡ༌ སུམ༌མི༌ སྟིང༌ནེ༌, སྙིང༌རྗེ༌ མ༌ནེ༌ མེད༌པ༌ སད༌དད༌པིན༌།
29 ཏེ༌ནེ༌ སམ༌བ༌ སལ༌ལའང༌! དཀོན༌མཆོག༌གི༌ སྲས༌ རྐང༌པའེ༌ ཡོག༌ག༌ ནན༌ཏེ༌ གྲུལ༌ཁན༌ ཡང༌ ཆད༌དོན༌ ཛད༌ཁན༌ནི༌ ཡེ༌ཤུའི༌ སྐུ༌ཁྲག༌པོའ༌, དམ༌པ༌ མ༌རྩིའ༌, ཡང༌ དམ༌པའེ༌ ཐུག༌ཉིད༌ལ༌ མ༌བེབས༌ ཅོ༌ཁན༌གུན༌ལ༌ མང༌ང༌ ཇིགས༌ནང༌ཅན༌ནི༌ ཆད༌པ༌ ཕོག༌གོ༌ཤེས༌སི༌ འོས༌པ༌ མ༌ནོག༌ག༌?
30 འི༌ མོལ༌ཁན༌བོ༌ ང༌དང༌གུན༌ནི༌ ཤེས༌ས༌ནོག༌,
"ངའེ༌ གྲ༌ ཅོ༌ཁན༌གུན༌ལ༌ ལན༌ཏང༌ཨིན༌།
ངའེ༌ ཁོང༌གུན༌ལ༌ འོས༌པའེ༌ ཆད༌པ༌ ཏང༌ཨིན༌། "
ཁོང༌ངི༌ འི༌བོའང༌ མོལས༌,
"གཙོ༌བོ༌ དཀོན༌མཆོག༌གི༌ ཁོང༌རང༌ངི༌ མི༌གུན༌ལ༌ ཁྲིམས༌ཅད༌ ཛད༌ཨིན༌། "
31 སོན༌པོ༌ དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ ཡོག༌ག༌ ལེབ༌ཅེས༌པོ༌ ནི༌ ཇིགས༌ནང༌ཅན༌ཞིག༌ ཨིན༌ནོག༌།
32 དཀོན༌མཆོག༌གི༌ འོད༌པོ༌ ཁྱོ༌ཞའེ༌ཀ༌ བབས༌ཏེ༌ ཁྱོ༌ཞ༌གུན༌ནི༌ མ༌ཤི༌ཀ༌ ཏད༌པ༌ ཅོ༌ཁན༌ནི༌ ཏེ༌ སྔུན༌མའེ༌ ཞག༌གུན༌ ཨིད༌ཏུ༌ ཅོ༌ཤིག༌། མ༌ ཀགས༌པོ༌ ཐོངས༌ཏེའང༌ ཁྱོ༌ཞ༌གུན༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ དུགས༌ཏེ༌ ཨིན༌པིན༌།
33 ལན༌ མང༌པོ༌, ཁྱོ༌ཞའ༌, མི༌གུན༌ནི༌ ཕྲོའ༌ ནགས༌བར༌དོ༌ ལྟན༌ཏེ༌ མ༌བེབས༌ ཅོས༌, ཡང༌ ལན༌ མང༌པོ༌ ཁྱོ༌ཞ༌གུན༌ནི༌ ཏེ༌ཙོགས༌ ནགས༌བར༌དོ༌ ཐོང༌ཁན༌གུན༌ལ༌ རོགས༌ ཅོའད༌པིན༌།
34 ཙོན༌ཁང༌ངི༌ ནང༌ང༌ ཀགས༌ཁན༌གུན༌ ཉམ༌པོ༌ ཁྱོ༌ཞ༌གུན༌ནི༌ སྙིང༌རྗེ༌ སྟནས༌, ཡང༌ ཁྱོ༌ཞའེ༌ ནོར༌ ཀོགས༌ཏེ༌ ཁྱེར༌ཁན༌གུན༌ལ༌ ཐད༌པོ༌ ཉམ༌པོ༌ ཁྱེར༌ཅུགས༌, ཅིའ༌ཟེར༌ན༌ ཏེ༌སང༌ ཀྲག༌ག༌ ཏུས༌གྱུན༌ ལུས༌ཤེས༌ཅན༌ནི༌ གྱུ༌ནོར༌གུན༌ ཁྱོ༌ཞའེ༌ ཕིའ༌ ནམ༌ཁའེ༌ ནང༌ང༌ ཡོད༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཨིན༌ནོག༌།
35 ཏེན༌ན༌བོའེ༌ཕིའ༌ གཙོ༌བོ༌ ཡེ༌ཤུའི༌ ནང༌ང༌ ཡོད༌ཁན༌ནི༌ ཨིད༌ཤེས༌པོ༌ ཕང༌ མ༌ཕང༌ཤིག༌། འི༌བོའེ༌ ཁྱོ༌ཞ༌གུན༌ལ༌ སོལ༌རས༌ ཀྲག༌པོ༌ ཁྱོང༌ཅེས༌པོ༌ ཨིད༌ཏུ༌ ཅོ༌ཤིག༌།
36 ཁྱོ༌ཞ༌གུན༌ནི༌ ཏད༌པའེ༌ ནང༌ང༌ སྙིང༌རུས༌ བོར༌གོ༌ཤེས༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ཁྱོ༌ཞའེ༌ དཀོན༌མཆོག༌གི༌ ཐུག༌གོངས༌ ནང༌ཞིན༌ ཅོ༌ ཚར༌ར༌ཅིག༌, ཁྱོ༌ཞ༌གུན༌ལ༌ ཁོང༌ངི༌ ཞལ༌ཆད༌ ཛད༌ཁན༌བོ༌ ཐོབ༌ཨིན༌།
37 དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌,
"མ༌ ཏུས༌ ཉུ༌ངུན༌ཞིག༌གི༌ ནང༌ང༌, ཕེབས༌ཤེས༌ཅན༌བོ༌ ཕེབས༌ཨིན༌,
ཡང༌ གོར༌ཅུག༌ག༌ མི༌ཛད༌།"
38 ཨིན༌ནའང༌ ངའེ༌ མི༌ དྲང༌པོ༌གུན༌ནི༌, ཏད༌པའེ༌ ནང༌ང༌ མི༌ཚེ༌ པུད༌ཨིན༌།
ཡང༌ གྱབ༌གྱུར༌ཁན༌གུན༌ ཉམ༌པོ༌ ང༌ མ༌ནེ༌ མི༌ཐད༌།"
39 ང༌དང༌གུན༌ དཀོན༌མཆོག༌ག༌ གྱབ༌གྱུར༌ཏེ༌ ཁྲེས༌སྟོར༌ ཆོགས༌ལ༌ ཆའ༌ཁན༌གུན༌ ཙོགས༌ མ༌ནོག༌། ང༌དང༌གུན༌, སེམས༌ཉིད༌ སྐྱོབ༌བ༌ ཛད༌ཅེས༌ཅན༌ནི༌ ཏད༌པ༌ཅན༌གུན༌ ཨིན༌ནོག༌།