9
ཇིག༌རྟེན༌ནི༌ ཅོལ༌སའེ༌ ནས༌ས༌།
9:1 ནེ༌ 10
དཀོན༌མཆོག༌གི༌ ཨིས༌ར༌ཨེལ༌པ༌གུན༌ ཉམ༌པོ༌ ཛད༌ཁན༌ནི༌ ཞལ༌ཆད༌ ཏང༌པོ༌བོའ༌, ཅོལ༌ཅེས༌སི༌ ཁྲིམས༌ དང༌, ཅོལ༌སའེ༌ ནས༌ས༌ ཡོད༌ཏེ༌ ཨིན༌ནོག༌། ཏེ༌ ཅོལ༌ཅེས༌སི༌ ཀུར༌བོའེ༌ ནང༌ང༌ ནང༌མིག༌ ཉིས༌ ཡོད༌པིན༌། ཅིག༌པོའེ༌ ནང༌ང༌ འོད༌སྟགས༌, ཅོག༌ཙེ༌ དང༌, ཅོག༌ཙེ༌ཀ༌ དམ༌པའེ༌ ཏ༌གི༌ གུན༌ ཡོད༌པིན༌, ཡང༌ འི༌ ནང༌བོའ༌ དམ༌པའེ༌ ནས༌ས༌ ཟེར༌རད༌པིན༌། ཏེ༌རུ༌ ཡོ༌ལ༌ ཞིག༌ ཡོད༌པིན༌ ཡང༌ ཡོ༌ལའེ༌ གྱབ༌ལོག༌པོའ༌ ཉིས༌པ༌ ནང༌མིག༌པོ༌ ཡོད༌པིན༌, ཀ༌བོའ༌ ཚང༌མའེ༌སང༌ ནས༌ས༌ དམ༌པ༌བོ༌ ཟེར༌རད༌པིན༌། ཏེ༌ནང༌ང༌ སྤོས༌ ཏུག༌སའེ༌ སེར༌རི༌ ཆོད༌ཁྲི༌ དང༌ ཆད༌དོན༌ནི༌ སྒམ༌ ཟེར༌ཁན༌ནི༌ ཤིང༌ངི༌ སྒམ༌, ཆོགས༌ ཚང༌མ༌ནེ༌ སེར༌རི༌ ཏུམས༌ཁན༌བོ༌ ཡོད༌པིན༌། ཏེ༌ སྒམ༌མི༌ ནང༌ཀུག༌ག༌ མན༌ན༌ ཟེར༌ཁན༌ནི༌ ཏ༌གི༌ གྱངས༌ཁན༌ནི༌ སེར༌རི༌ ནོད༌, ཨ༌རོན༌ནི༌ ཆག༌བེར༌ ལོ༌མ༌ སྐྱེས༌ཁན༌, ཡང༌ ཆད༌དོན༌ བྲི༌ཁན༌ནི༌ རྡོའ༌ ལེབ༌ལེབ༌ གུན༌ ཡོད༌པིན༌། སྒམ༌མི༌ ཁེ༌ཐོག༌པོའེ༌ཀ༌ ཤོག༌པ༌ ཡོད༌ཁན༌ནི༌ ཟིར༌རྗིད༌ཅན༌ སྲོག༌ཡོད༌ཁན༌ ཉིས༌སི༌ ཟོ༌ ཅོས༌ཏེ༌ ཡོད༌པིན༌, ཀ༌གུན༌ནི༌ ཤོག༌པའེ༌ དཀོན༌མཆོག༌གི༌ སྙིང༌རྗེ༌ ཐོབ༌སའེ༌ ནས༌ས༌བོ༌ ཀབས༌ཏེ༌ ཡོད༌པིན༌། དག༌ས༌ ཏེ༌གུན༌ནི༌ སྐོར༌ལ༌ ཞིབ༌སལ༌ ཅོས༌ཏེ༌ ཤད༌གོས༌ མེད༌པ༌ ཨིན༌ནོག༌།
འི༌ ཚང༌མ༌ རང༌རང༌ངི༌ ནས༌སའེ༌ཀ༌ བོར༌ཅེས༌སི༌ ལས༌པོ༌ ཚར༌ཏེ༌ སྟིང༌ནེ༌, བླ༌མ༌གུན༌ ཁོ༌རང༌གུན༌ནི༌ ཆོས༌སི༌ ཁག༌གུན༌ ཅོ༌ཅེས༌ལ༌ ཏེ༌ ཏང༌པོ༌ ནང༌བོའེ༌ ནང༌ང༌ ཞག༌ཏང༌ ཆའད༌པིན༌། ཨིན༌ནའང༌ ཚང༌མའེ༌སང༌ ནས༌ས༌ དམ༌པ༌བོའེ༌ ནང༌ང༌ བླ༌མ༌ ཆེན༌མོ༌ ཅིག༌པོ༌ མ༌ནེ༌, སུ༌ཞིག༌གའང༌ ཆ༌ཆོགས༌ས༌ མེད༌པིན༌, ཏེ༌བོའང༌ ལོ༌ ཅིག༌གི༌ ནང༌ང༌ ལན༌ཕོག༌ ཅིག༌། ཡང༌ ཁོའེ༌ ཁོ༌རང༌ དང༌ མི༌གུན༌ནི༌ གྱུས༌ མེད༌པ༌ ཅོ༌ཁན༌ནི༌ སྡིག༌པ༌གུན༌ནི༌ ཕིའ༌, ཁྲག༌གི༌ ཆོད༌པ༌ ཕུལ༌ལད༌པིན༌། འི༌ ཁྲིམས༌གུན༌ ཅོ༌ཅེས༌པོའེ༌, ཏེ༌ ཚང༌མའེ༌སང༌ དམ༌པའེ༌ ནས༌ས༌, ཚང༌མའེ༌ ཕིའ༌ མ༌ཕེའ༌ ཨིན༌ཁན༌བོ༌ དམ༌པའེ༌ ཐུག༌ཉིད༌དི༌ སྔོན༌ ཅུག༌ག༌ ཛདས༌, ནམ༌ཚོག༌པ༌ ཏེ༌ ཅོལ༌སའེ༌ ཀུར༌བོ༌ ལུས༌།
ཏེ༌ ཅོལ༌ཅེས༌སི༌ ཚིར༌ཀ༌, ཡང༌ན༌ བླ༌མའེ༌ ཆོད༌པའ༌ ཕུལ༌ཁན༌ནི༌ སྐྱེས༌ དང༌ སྲོག༌གི༌ ཆོད༌པ༌ གུན༌ནི༌, ཅོལ༌ཁན༌གུན༌ནི༌ སེམས༌གུན༌ རྩང༌མ༌ ཅོ༌ མ༌ཐུབ༌ཁན༌བོ༌ ནི༌ འི༌ཏུས༌སི༌ སྤེ༌ཞིག༌ ཨིན༌ནོག༌། 10 ཏེ༌ སྙིང༌པ༌ ཚིར༌ཀ༌བོ༌ ཟའ༌ཅེས༌, ཐུང༌ཅེས༌ དང༌ རྩང༌མ༌ ཅོ༌ཅེས༌སི༌ ལུག༌སྲོལ༌གུན༌ ཉམ༌པོ༌ བྲེལ༌ཏེ༌ ཨིན༌ནོག༌, འི༌ཙོགས༌སི༌ ཟུགས༌པའེ༌ ཐོགས༌སི༌ ཚིར༌ཀ༌གུན༌ ཏེ༌ སོ༌མ༌ ཆད༌དོན༌ གོ༌ཟུག༌ ཆ༌ཆ༌ ཚག༌པ༌ ལུས༌པིན༌།
མ༌ཤི༌ཀ༌ ནི༌ ཕུན༌སུམ༌ཚོགས༌པའེ༌ སྲོག༌གི༌ ཆོད༌པ༌བོ༌ ཨིན༌།
9:11 ནེ༌ 28
11 ཨིན༌ནའང༌ ཐོབ༌ཁན༌ནི༌ ཅིན༌ལབས༌ ཚང༌མའེ༌, བླ༌མ༌ ཆེན༌མོ༌ གྱུར༌ཏེ༌ སྟིང༌ནེ༌ མ༌ཤི༌ཀ༌, ནམ༌ཁའེ༌ ཕུན༌སུམ༌ཚོགས༌པའེ༌ ཀུར༌རི༌ ནང༌ཀུག༌ག༌ སྐྱོད༌ད༌ ཛདས༌, ཀ༌བོ༌ མི༌ ལག༌པ༌ནེ༌ མ༌ཅོ༌ཁན༌ ཡ༌ འི༌ ཇིག༌རྟེན༌ ཞངས༌ཁན༌བོའེ༌ ཁག༌ཤིག༌ མ༌ནོག༌། 12 ར༌མ༌ དང༌ བེ༌ཙོའེ༌ ཁྲག༌གུན༌ མན༌པ༌, མ༌ཤི༌ཀ༌ ཁོང༌རང༌ངི༌ སྐུ༌ཁྲག༌ གྱུད༌ཏེ༌, ཏུས༌གྱུན༌ནི༌ ཕིའ༌ ལན༌ཅིག༌ ཚང༌མའེ༌སང༌ ནས༌ས༌ དམ༌པ༌བོའེ༌ ནང༌ང༌ སྐྱོད༌ད༌ ཛདས༌། ཏེ༌བོའེ༌ ཞས༌ཏེ༌ ཁོང༌ངི༌ ང༌དང༌གུན༌ནི༌ སྡིག༌པའེ༌ རིན༌བོ༌ ཏུས༌གྱུན༌ནི༌ ཕིའ༌ ཤལ༌ལ༌ ཛདས༌།
13 ར༌མ༌ དང༌ ལང༌ཏོ༌ གུན༌ནི༌ ཁྲག༌ ཡང༌ བེ༌ཙོའེ༌ སྲགས༌ཁན༌ནི༌ གོག༌ཐལ༌ ལུག༌སྲོལ༌ ནང༌ཞིན༌ ཚི༌ཏུ༌ གྱུར༌ཁན༌གུན༌ནི༌ཀ༌ ཡོག༌ཅེས༌པོའེ༌, ཁོང༌གུན༌ ཟུགས༌པའེ༌ ཐོག༌ནེ༌ རྩང༌མ༌ གྱུར༌ར༌ནོག༌། 14 ཏེ༌ནེ༌ སམ༌བ༌ སལ༌ལའང༌, སོན༌ཏེ༌ དཀོན༌མཆོག༌ག༌ ཅོལ༌ཅེས༌ལ༌ མ༌ཤི༌ཀའེ༌ སྐུ༌ཁྲག༌པོའེ༌, ང༌དང༌ངི༌ སེམས༌པོ༌ ཏེ༌ ངན༌པའེ༌ ལས༌གུན༌ནེ༌ ཙམ༌ཤིག༌ རྩང༌མ༌ མི༌ཛད༌? ཐའ༌མེད༌པའེ༌ ཐུག༌ཉིད༌དི༌ སྟོབས༌ གྱུད༌ཏེ༌, ང༌དང༌ངི༌ སྡིག༌པའེ༌ ཕིའ༌ མ༌ཤི༌ཀའེ༌ ཁོང༌རང༌ ཕུན༌སུམ༌ཚོགས༌པ༌ སྲོག༌གི༌ ཆོད༌པའེ༌ ཚུལ༌ལ༌ དཀོན༌མཆོག༌ག༌ ཕུལ༌ལ༌ ཛདས༌། 15 ཏེན༌ན༌བོའེ༌ཕིའ༌ མ༌ཤི༌ཀ༌, དཀོན༌མཆོག༌ དང༌ མི༌གུན༌ནི༌ པར༌ལ༌ ཆད༌དོན༌ སོ༌མའེ༌ བར༌མི༌བོ༌ ཨིན༌ནོག༌། ཏེ༌བོ༌ གྱུད༌ཏེ༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ མི༌གུན༌ལ༌, ཁོང༌ངི༌ ཞལ༌ཆད༌ ཛད༌ཁན༌ནི༌ ཐའ༌མེད༌པའེ༌ ནོར༌སྐལ༌གུན༌ ཐོབ༌ཐུབ༌ཨིན༌། དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མི༌, ཀ༌གུན༌ནི༌ ཆད༌དོན༌ ཏང༌པོའེ༌ ཡོག༌ག༌ སྡིག༌པ༌ ཅོས༌, ཏེ༌གུན༌ལ༌ ཆད༌པའེ༌ ཀ༌ནེ༌ ཐར༌པ༌ སལ༌ཅེས༌ལ༌ མ༌ཤི༌ཀ༌ ཀྲོངས༌ས༌ ཛདས༌།
16 ནོར༌སྐལ༌ལི༌ ཐོ༌ བྲིས༌ཁན༌ནི༌ ཤུ༌གུའ༌ ལྟ༌ཅེས༌སི༌ ཕིའ༌, ཏེ༌ བྲི༌ཁན༌ནི༌ མི༌ ཤི༌ཏེ༌ ཨིན༌ཁན༌བོ༌ ཏན༌ཏན༌ ཅོ༌གོས༌། 17 མི༌བོ༌ ཤི༌ཏེ༌ སྟིང༌ནེ༌ མ༌ནེ༌, ཏེ༌ བྲིས༌ཁན༌བོ༌ ལག༌ལེན༌ནི༌ ནང༌ང༌ ཡོང༌ང༌ མ༌ནོག༌། ནོར༌སྐལ༌ བྲིས༌ཁན༌ནི༌ མི༌བོ༌ སོན༌ཏེའ༌ ཡོད༌དི༌ ཏུས༌ལ༌ ཏེ༌ བྲི༌ཁན༌བོ༌ ཀོལ༌ཉན༌ན༌ མ༌ནོག༌།
18 ཏེན༌ན༌བོའེ༌ཕིའ༌ ཏང༌པོ༌ ཆད༌དོན༌བོ༌ སེམས༌ཅན༌ནི༌ ཁྲག༌ གྱུད༌ཏེ༌ ལག༌ལེན༌ནི༌ ནང༌ང༌ ཁྱོངས༌། 19 མོ༌ཟེས༌སི༌, མི༌ཚང༌མ༌ལ༌ དཀོན༌མཆོག༌གི༌ བཀའ༌རྒྱ༌ ཚང༌མ༌ སིལ༌ཏེ༌ སྟིང༌ནེ༌, ཁོང༌ངི༌ བེ༌ཙོའེ༌ དང༌ ར༌མ༌ གུན༌ནི༌ ཁྲག༌ ཡང༌ ཆུ༌, མར༌པོ༌ བལ༌ དང༌ ཧི༌སོབ༌ ཟེར༌ཁན༌ནི༌ ལྕང༌མའེ༌ ཡལ༌ག༌གུན༌ ཉམ༌པོ༌, ཁྲིམས༌སི༌ སྤེ༌ཆ༌ དང༌ མི༌ཚང༌མའེ༌ཀ༌ ཡོག༌ག༌ ཛདས༌། 20 ཁོང༌ངི༌ མོལས༌, "འི༌ ཁྲག༌པོའེ༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ ཁའ༌ཉོན༌ མོལ༌ཁན༌ནི༌ ཆད༌དོན༌བོ༌ སྟན༌པོ༌ ཅོའ༌ནོག༌།"* 21 ཏེན༌ན༌ ཙོགས༌ལ༌ ཁོང༌ངི༌ ཁྲག༌པོ༌, ཀུར༌ དང༌ ཅོལ༌ཅེས༌ལ༌ ཀོལ༌ཁན༌ནི༌ ནོད༌ ཚང༌མའེ༌ཀ༌ ཡོག༌ག༌ ཛདས༌། 22 འོ༌ན༌, མོ༌ཟེས༌སི༌ ཁྲིམས༌ ནང༌ཞིན༌ ཧ༌ལམ༌ ཅི༌ཚང༌མ༌ ཁྲག༌ གྱུད༌ཏེ༌ རྩང༌མ༌ ཛད༌དད༌ཀྱག༌, ཡང༌ ཁྲག༌ བིངས༌ཏེ༌ མ༌ནེ༌ སྡིག༌པ༌ ཤགས༌པ༌ ཐོབ༌བ༌ མ༌ནོག༌།
23 ཏེན༌ན༌བོའེ༌ཕིའ༌ ཀུར༌ དང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌, ཀ༌གུན༌ ནམ༌ཁའེ༌ ནང༌ང༌ ཡོད༌ཁན༌ནི༌ སྤེ༌གུན༌ ཨིན༌, ཏེ༌གུན༌ སེམས༌ཅན༌ནི༌ ཁྲག༌ གྱུད༌ཏེ༌ རྩང༌མ༌ ཅོ༌གོས༌སད༌པིན༌། ཨིན༌ནའང༌ ནམ༌ཁའེ༌ ནང༌ང༌ ཡོད༌ཁན༌ནི༌ ངོས༌མ༌གུན༌ རྩང༌མ༌ ཅོ༌ཅེས༌ལ༌ སེམས༌ཅན༌ནི༌ ཁྲག༌གི༌ སང༌ མང༌ང༌ ཀྲག༌པོ༌ སྲོག༌གི༌ ཆོད༌པའེ༌ སྒོས༌དོམ༌ ཡོད༌ཏེ༌ ཨིན༌ནོག༌། 24 མ༌ཤི༌ཀ༌ མི༌གུན༌ནི༌ ལག༌པ༌ནེ༌ ཅོ༌ཁན༌ནི༌ ནས༌ས༌ དམ༌པ༌བོའེ༌ ནང༌ང༌ མ༌སྐྱོདས༌, ཀ༌བོ༌ ནམ༌ཁའེ༌ ནང༌ང༌ ཡོད༌ཁན༌ནི༌ ངོས༌མ༌བོའེ༌ ཀྲིབ༌ཀྱག༌ཤིག༌ ཨིན༌། དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ང༌དང༌གུན༌ནི༌ ཚབས༌ ཅོའ༌ ཛད༌ཅེས༌སི༌ ཕིའ༌, ཁོང༌ ནམ༌ཁའེ༌ ནང༌ང༌ སྐྱོད༌ད༌ ཛདས༌། 25 ཁོང༌ ནམ༌ཁའེ༌ ནང༌ང༌ ཡང༌ནེ༌ ཡང༌ ཁོང༌རང༌ ཆོད༌པ༌ ཕུལ༌ཅེས༌ལ༌ མ༌སྐྱོདས༌, ཀ༌ཟུག༌ ཇིག༌རྟེན༌ནི༌ བླ༌མ༌ ཆེན༌མོའེ༌ ཁོ༌རང༌ངི༌ ཁྲག༌ མན༌པ༌, སེམས༌ཅན༌ནི༌ ཁྲག༌ ཁུར༌ཏེ༌ ལོ༌ཞུང༌ ཚང༌མའེ༌སང༌ ནས༌ས༌ དམ༌པ༌བོའེ༌ ནང༌ང༌ ཆའ༌ནོག༌། 26 གལ༌ཏེས༌ ཏེ༌བོ༌ ཅོ༌གོས༌པིན༌ན༌ ཏེ༌ནེ༌ ཇིག༌རྟེན༌ ཆགས༌པ༌ནེ༌ ཕར༌ལ༌ མ༌ཤི༌ཀ༌ ལན༌ མང༌པོ༌ ཀྲོང༌གོས༌ས༌ ཛད༌ཏེ༌ ཡོད༌གྲོ༌། ཨིན༌ནའང༌ ཏ༌, འི༌ སྟིང༌ཇུག༌གི༌ ཏུས༌སི༌ ནང༌ང༌ ཁོང༌ ཇལ༌ཏེ༌ ཏུས༌གྱུན༌ནི༌ ཕིའ༌ ལན༌ཅིག༌, སྡིག༌པ༌ ཚང༌མ༌ མེད༌ཁན༌ ཛད༌ཅེས༌ལ༌ ཁོང༌རང༌ངི༌ སྲོག༌པོ༌ ཆོད༌པ༌ ཕུལ༌ལ༌ ཛདས༌།
27 ཀ༌ཟུག༌གི༌ མི༌ཚང༌མ༌ ལན༌ཅིག༌ ཀ༌ནེ༌མེད༌ ཤི༌གོས༌ས༌ནོག༌, ཡང༌ ཏེ༌བོའེ༌ སྟིང༌ནེ༌ དཀོན༌མཆོག༌གི༌ ཁྲིམས༌ཅད༌བོ༌ ཉོང༌གོས༌། 28 ཏེན༌ན༌ ཙོགས༌ལ༌ མ༌ཤི༌ཀ༌ ལན༌ཅིག༌ མི༌ མང༌པོའེ༌ སྡིག༌པ༌གུན༌ནི༌ ཆད༌པ༌བོ༌ ནམས༌ཏེ༌ ཀྲོངས༌ས༌ ཛདས༌། ང༌དང༌གུན༌ནི༌ སྡིག༌པའེ༌ ཆད༌པ༌ ནམས༌ཤེས༌ལ༌ མན༌པ༌, ཁོང༌ང༌ སྲུངས༌ཏེ༌ ཡོད༌ཁན༌གུན༌ སྐྱོབ༌ཅེས༌ལ༌ ཁོང༌ ཡང༌སྐྱར༌ སྐྱོད༌ད༌ ཛད༌ཨིན༌།
* 9:20 9:20 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 24:8