16
ག༌ཟའེ༌ ནང༌ང༌ སམ༌སོན༌།
16:1-3
1 ཞག༌ཤིག༌ སམ༌སོན༌ ག༌ཟ༌ གྲོང༌ཁྱེར༌ལ༌ སོང༌, ཏེ༌རུ༌ ཁོའ༌ ཟུགས༌ཙོང༌མ༌ཞིག༌ ཐུག༌ ཡང༌ ཏེ༌ ཚན༌བོ༌ སམ༌སོན༌ ཁོ༌ ཉམ༌པོ༌ དུག༌ག༌ལ༌ སོང༌།
2 སམ༌སོན༌ ཏེ༌རུ༌ ཡོད༌ཁན༌བོ༌ ག༌ཟ༌པ༌གུན༌ལ༌ ཚོར༌ པ༌སང༌ ཁོང༌གུན༌ནི༌ ཏེ༌ ནས༌སའ༌ ཐའ༌ སྐོར༌ཏེ༌ ཚན༌ གང༌པོ༌ གྱལ༌སའེ༌ སྒོའེ༌ཀ༌ སྲུང༌ཏེ༌ དུགས༌། ཚན༌ལ༌ སྲུངས༌ཏེ༌ ཡོད༌ ཟ༌ནེ༌ ཁོང༌གུན༌ནི༌ ཟེརས༌, “ནམ༌ ལངས༌ས༌ཅིག༌ ང༌དང༌གུན༌ནི༌ ཁོ༌ སད༌ཨིན༌།”
3 ཨིན༌ནའང༌ སམ༌སོན༌ ཏེ༌རུ༌, ཚན༌ ཕེད༌ ཚོག༌པ༌ མ༌ནེ༌ མ༌དུགས༌། ཚན༌ ཕེད༌ལ༌ ཁོ༌ སོང༌ཏེ༌ གྱལ༌སའེ༌ གྱས༌སྒོའེ༌ ཀ༌ཝ༌ ཉིས༌ཀོ༌ ཐམས༌ཏེ༌ རིབ༌ཞི༌ རགས༌ཏེ༌ ཀོགས༌ ཡང༌ སྤུང༌པའེ༌ཀ༌ ཁུར༌ཏེ༌ ཧེབ༌རོན༌ནི༌ དུན༌ ཆོགས༌ལ༌ ཡོད༌ཁན༌ནི༌ རི༌ གོའེ༌ཀ༌ ཁྱེརས༌།
སམ༌སོན༌ དང༌ དེ༌ལཱེ༌ལཧ༌།
16:4-22
4 ཏུས༌ བན༌ཞིག༌གི༌ སྟིང༌ནེ༌ སོ༌རེག༌ ལུང༌པའེ༌ ནང༌ང༌ དུག༌ཁན༌ བུ༌མོ༌ དེ༌ལཱེ༌ལཧ༌ལ༌ སམ༌སོན༌ སྲན༌ཏྲེ༌ ཐད༌དད༌པིན༌།
5 ཕི༌ལིས༌ཏི༌པའེ༌ ཝང༌སྲུལ༌པ༌གུན༌ ཏེ༌ བུ༌མོ༌ ཡོད༌ས༌ སོང༌ཏེ༌ ཟེརས༌, “ཀལ༌ཏེས༌ ཁྱོ༌རང༌ངི༌ ལུས༌ཏེ༌ སམ༌སོན༌ནི༌ ཤེད༌དི༌ སང༌ཝ༌ ཡང༌ ང༌ཞའ༌ ཏེ༌ཀ༌ ཝང༌ ཅོ༌ཉན༌ཅེས༌པོ༌ གྱུས༌ཅོ༌ན༌, ང༌ཞའ༌ རེ༌རེ༌ ཁྱོ༌རང༌ང༌ མུལ༌ལི༌ པེ༌ནེ༌ 1,100 ཏང༌ཨིན༌། ཏེ༌ནེ༌ ང༌ཞ༌གུན༌ནི༌ ཁོ༌ ལྡམས༌ཏེ༌ ཝང༌ངི༌ ཡོག༌ག༌ ཁྱོང༌ཨིན༌།”
6 དེ༌ལཱེ༌ལཧའེ༌ སམ༌སོན༌ལ༌ ཟེརས༌, “ཉེ༌རང༌ངི༌ ཤེད༌ ཀྲག༌པོ༌ ཡང༌ ཉེ༌རང༌ ལྡམས༌ཏེ༌ ཝང༌ངི༌ ཡོག༌ག༌ ཁྱོང༌ ཉན༌ཅེས༌སི༌ སང༌ཝ༌བོ༌ ང༌ ཤོད༌དའང།”
7 སམ༌སོན༌ནི༌ ལན༌ཏངས༌, “ཀལ༌ཏེས༌ ངའ༌ ཞུའི༌ སྐུད༌པ༌ ལོན༌པ༌ རྡུན༌ ཉམ༌པོ༌ ལྡམ༌ན༌, ང༌ ཞན༌གུན༌ ཙོགས༌ ཤེད༌མེད༌ གྱུར༌ཨིན༌།”
8 ཏེ༌ནེ༌ ཕི༌ལིས༌ཏི༌པའེ༌ ཝང༌སྲུལ༌པ༌གུན༌ནི༌ བུ༌མོ༌བོའ༌ ཞུའི༌ སྐུད༌པ༌ ལོན༌པ༌ རྡུན༌ ཏངས༌ ཡང༌ ཁོའེ༌ ཏེ༌གུན༌ ཉམ༌པོ༌ སམ༌སོན༌ ལྡམས༌།
9 ཁོའེ༌ ཁང༌པའེ༌ ནང༌ང༌ མི༌གུན༌ ཨིབས༌ཏེ༌ ཡོད༌པིན༌། ཁོའེ༌ སམ༌སོན༌ལ༌ བོད༌ཏེ༌ ཟེརས༌, “སམ༌སོན༌, ཕི༌ལིས༌ཏི༌པ༌གུན༌ ཁྱོ༌རང༌ ཟུམ༌མ༌ ཡོངས༌ཏེ༌ དུག༌།” ཨིན༌ནའང༌ ཁོའེ༌ ཏེ༌ ཀོའེ༌ སྐུད༌པ༌གུན༌ མེའ༌ ཚིག༌ཏེ༌ ཆད༌ཁན༌ ཙོགས༌ལ༌ མ༌ ལ༌མོ༌ ཉམ༌པོ༌ ཅདས༌། ཏེ༌བོའེ༌ཕིའ༌ ཁོའེ༌ ཤེད༌དི༌ སང༌ཝ༌བོ༌ གྱུས༌ མ༌སོང༌།
10 ཏེ༌ནེ༌ དེ༌ལཱེ༌ལཧའེ༌ སམ༌སོན༌ལ༌ ཟེརས༌, “ཁྱོ༌རང༌ངི༌ ཟུན༌ ཏངས༌ཏེ༌ ང༌ བུང༌བུ༌ ཅོས༌, ཤོད༌དའང༌ ཀ༌ཟུག༌གི༌ ཁྱོ༌རང༌ སྟན༌པོ༌ ཅོས༌ཏེ༌ ལྡམ༌ ཉན༌ཨིན༌།”
11 ཁོའེ༌ ཟེརས༌, “ཀལ༌ཏེས༌ ངའ༌ མ༌ནེ༌ མ༌ ཀོལ༌ཁན༌ ཐག༌པ༌ སོ༌མ༌ ཉམ༌པོ༌ ལྡམ༌ན༌ ང༌ ཞན༌གུན༌ ཙོགས༌ ཤེད༌མེད༌ གྱུར༌ཨིན༌།”
12 ཏེ༌ནེ༌ དེ༌ལཱེ༌ལཧའེ༌ ཐག༌པ༌ སོ༌མ༌ ཁྱོངས༌ཏེ༌ ཁོ༌ སྟན༌པོ༌ ཅོས༌ཏེ༌ ལྡམས༌། ཁོའེ༌ ཁང༌པའེ༌ ནང༌ང༌ མི༌གུན༌ ཨིབས༌ཏེ༌ ཡོད༌པིན༌། ཁོའེ༌ སམ༌སོན༌ལ༌ བོད༌ཏེ༌ ཟེརས༌, “སམ༌སོན༌, ཕི༌ལིས༌ཏི༌པ༌གུན༌ ཁྱོ༌རང༌ ཟུམ༌མ༌ ཡོངས༌ཏེ༌ དུག༌།” ཨིན༌ནའང༌ སམ༌སོན༌ནི༌ ལག༌པའ༌ ལྡམས༌ཏེ༌ ཡོད༌ཁན༌ནི༌ ཐག༌པ༌བོ༌ སྐུད༌པ༌ ཙོགས༌ལ༌ ཅདས༌།
13 དེ༌ལཱེ༌ལཧའེ༌ སམ༌སོན༌ལ༌ ཟེརས༌, “ཁྱོ༌རང༌ངི༌ ཟུན༌ ཏངས༌ཏེ༌ དག༌ས༌ ཚོག༌པ༌ ངའ༌ བུང༌བུ༌ ཅོས༌། ཤོད༌དའང༌ ཀ༌ཟུག༌གི༌ ངའེ༌ ཁྱོ༌རང༌ ལྡམ༌ ཉན༌ཨིན༌།”
ཁོའེ༌ ལན༌ཏངས༌, “ཀལ༌ཏེས༌ ཁྱོ༌རང༌ངི༌ ངའེ༌ སྲའེ༌ ཏུམ༌པ༌ རྡུན༌ ཁྲི༌ཤའེ༌ ནང༌ང༌ ཐགས༌ཏེ༌ པུར༌ཆ༌ གྱབ༌ན༌, ང༌ ཞན༌གུན༌ ཙོགས༌ ཤེད༌མེད༌ གྱུར༌ཨིན༌།” ཏེ༌ནེ༌ དེ༌ལཱེ༌ལཧའེ༌ སམ༌སོན༌ ཉིད༌ལོགས༌ཏེ༌ ཡོད༌ ཟ༌ནེ༌ ཁོའེ༌ སྲའེ༌ ཏུམ༌པ༌ རྡུན༌ ཁྲི༌ཤའེ༌ ནང༌ང༌ ཐགས༌
14 ཡང༌ པུར༌ཆ༌ གྱབས༌ཏེ༌ སྟན༌པོ༌ ཅོས༌།
ཡང༌སྐྱར༌ ཁོའ༌ ཟེརས༌, “སམ༌སོན༌ ཕི༌ལིས༌ཏི༌པ༌གུན༌ ཁྱོ༌རང༌ ཟུམ༌མ༌ ཡོངས༌ཏེ༌ དུག༌།” ཁོའེ༌ ཉིད༌ཚད༌ ཡང༌ པུར༌ཆ༌ དང༌ ཁྲི༌ཤ༌ ཉིས༌ཀོ༌ ཐགས༌ཁན༌ནི༌ སྲའ༌ ཉམ༌པོ༌ ཕུད༌ཏེ༌ ཁྱོངས༌།
15 ཏེ༌ནེ༌ བུ༌མོའེ༌ ཁོའ༌ ཟེརས༌, “ཁྱོ༌རང༌ངི༌ ང༌ ཅེས༌པ༌ ཅོའད༌ ཟེར༌ཏེ༌ ཀ༌ཟུག༌གི༌ ཟེར༌རད༌ ཀལ༌ཏེས༌ ཁྱོ༌རང༌ངི༌ ངའེ༌ཀ༌ ལོ༌ཁྱེལ༌ ཅོའ༌ མེད༌ན༌? ཁྱོ༌རང༌ངི༌ ཤེད༌ ཀྲག༌པོའེ༌ སང༌ཝ༌བོ༌ མ༌ཤད༌ད༌ ཁྱོ༌རང༌ངི༌ ང༌ ལན༌ སུམ༌པ༌ བུང༌བུ༌ ཅོས༌ཏེ༌ ཨིན༌ནོག༌།”
16 ཏེ༌ནེ༌ བུ༌མོའེ༌ ཞག༌ཏང༌ ཏེན༌ན༌བོ༌ ཏྲི༌ཨིན༌ དུགས༌ཏེ༌ ཁོའ༌ མ༌ སྲན༌ཏྲེ༌ སྣང༌ང༌ ཚེར༌ ཅུགས༌།
17 ཏེ༌བོའེ༌ཕིའ༌ ཁོའེ༌ བུ༌མོའ༌ སང༌ཝ༌བོ༌ ཤདས༌, “ང༌ སྐྱེས༌པ༌ནེ༌ ཕར༌ལ༌ ན༌ཟི༌རཱའིགྲ༌ ཡང༌ན༌ དཀོན༌མཆོག༌གི༌ ཕིའ༌ ལྡམས༌ཁན༌ ཨིན༌ཅེས༌པའེ༌ ངའེ༌ སྲའ༌ མ༌ནེ༌ མ༌ བྲག༌ག༌ ཨིན༌། ཀལ༌ཏེས༌ ངའེ༌ སྲའ༌ བྲག༌ན༌, ངའེ༌ ཤེད༌པོ༌ ངའེ༌ ནང༌ནེ༌ བིང༌ཏེ༌ ཆེན༌ ཡང༌ ང༌ ཞན༌གུན༌ ཙོགས༌ ཤེད༌མེད༌ གྱུར༌ཨིན༌།”
18 ཁོའེ༌ ཟེར༌ཁན༌བོའ༌ དེ༌ལཱེ༌ལཧ༌ དེན༌ཤེས༌ ཡང༌ ཕི༌ལིས༌ཏི༌པའེ༌ ཝང༌སྲུལ༌པ༌གུན༌ལ༌ ལོན༌ ཀལས༌, “ཡང༌ ལན༌ཅིག༌ ལོགས༌ཏེ༌ སྐྱོད༌, ཁོའེ༌ ང༌ ཅི༌ཚང༌མ༌ ཤད༌ད༌རག༌།” ཏེ༌ནེ༌ ཕི༌ལིས༌ཏི༌པའེ༌ ཝང༌སྲུལ༌པ༌གུན༌ མུལ༌ ཁུར༌ཏེ༌ ཡོངས༌།
19 བུ༌མོའེ༌ ཁོ༌རང༌ངི༌ པང༌ངི༌ཀ༌ ཁོ༌ ཉིད༌ལ༌ ཏངས༌ ཡང༌ མི༌ཞིག༌ བོད༌ཏེ༌ ཁོའེ༌ སྲའ༌ ཏུམ༌པ༌ རྡུན༌བོ༌ བྲག༌ ཅུགས༌། ཏེན༌ན༌ ཟུག༌གི༌ སམ༌སོན༌ ཤེད༌མེད༌ གྱུར༌ཅུགས༌ ཡང༌ ཁོའེ༌ ཤེད༌པོ༌ ཁོ༌ ཕངས༌ཏེ༌ སོང༌།
20 ཏེ༌ནེ༌ བུ༌མོ༌བོའེ༌ ཟེརས༌, “སམ༌སོན༌, ཕི༌ལིས༌ཏི༌པ༌གུན༌ ཁྱོ༌རང༌ ཟུམ༌མ༌ ཡོངས༌ཏེ༌ དུག༌།” ཁོའ༌ ཉིད༌ཚད༌ ཡང༌ སམ༌, “སྔུན༌ ཙོགས༌ལ༌ ངའེ༌ ཐག༌པ༌གུན༌ ཅད༌ཏེ༌ ང༌རང༌ སྐྱོབ༌ཨིན༌ ཨིན༌ནའང༌ ཡ༌ཝའ༌ ཁོ༌ ཕངས༌ཏེ༌ སྐྱོད༌ཁན༌བོ༌ ཁོའ༌ གྱུས༌ མེད༌པིན༌།
21 ཏེ༌ནེ༌ ཕི༌ལིས༌ཏི༌པ༌གུན༌ནི༌ ཁོ༌ ཟུམས༌ཏེ༌ ཁོའེ༌ མིག༌གུན༌ བྲུས༌ཏེ༌ ཕིངས༌ ཡང༌ ཁོ༌ ཐུར༌ལ༌ ག༌ཟ༌ གྲོང༌ཁྱེར༌ལ༌ ཁྱེརས༌། ཏེ༌རུ༌ ཙོན༌ཁང༌ངི༌ ནང༌ང༌ ཁོའ༌ ལྕག༌ཐག༌ ཏགས༌ཏེ༌ གྲུ༌ ཐག༌ཅེས༌སི༌ རན༌ཐག༌ སྐོར༌ ཅུག༌གད༌པིན༌།
22 ཨིན༌ནའང༌ ཁོའེ༌ སྲའ༌ ཡང༌སྐྱར༌ སྐྱེས༌།
སམ༌སོན༌ནི༌ སྟིང༌ཇུག༌གི༌ གྱལ༌ཁ༌།
16:23-31
23 ཏ༌ ཕི༌ལིས༌ཏི༌པའེ༌ ཝང༌སྲུལ༌པ༌གུན༌ ཁོང༌གུན༌ནི༌ ལྷ༌ གྲ༌གོན༌ལ༌ ཆོད༌པ༌ ཕུལ༌ཏེ༌ གའ༌སྟོན༌ རྩི༌ཅེས༌ལ༌ ཛོམས༌ ཡང༌ ཟེརས༌, “ང༌དང༌ངི༌ ལྷའེ༌ ང༌དང༌གུན༌ནི༌ གྲ༌འོ༌ སམ༌སོན༌ ང༌དང༌ངི༌ ལག༌ག༌ སལ༌ཏེ༌ ཨིན༌ནོག༌།”
24 སམ༌སོན༌ ཐོང༌ང༌ཅིག༌ མི༌གུན༌ནི༌ ཁོང༌རང༌གུན༌ནི༌ ལྷ༌ སྟོད༌པ༌ ཕུལ༌ཏེ༌ ཟེརས༌, “ང༌ཞའེ༌ ལྷའེ༌ ང༌ཞ༌གུན༌ནི༌ གྲ༌འོ༌ ང༌ཞ༌གུན༌ནི༌ ལག༌ག༌ སལ༌ཏེ༌ ཨིན༌ནོག༌། ཁོའེ༌ ང༌དང༌གུན༌ནི༌ སྟོན༌ཐོག༌ ཚང༌མ༌ མེད༌ཁན༌ ཅོས༌ ཡང༌ ང༌དང༌ མང༌པོ༌ སདས༌།”
25 ཁོང༌གུན༌ནི༌ སྐྱིད༌པོ༌ ཅོ༌ཨིན༌ ར༌རོས༌ཏེ༌ ཡོད༌ ཟ༌ནེ༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, “ང༌དང༌གུན༌ལ༌ སེམས༌སྐྱིད༌ ཁྱོང༌ཅེས༌སི༌ ཕིའ༌ སམ༌སོན༌ ཙོན༌ནེ༌ ཕིངས༌ཏེ༌ ཁྱོང༌།” ཏེ༌ནེ༌ ཁོང༌གུན༌ནི༌ སམ༌སོན༌ ཙོན༌ཁང༌ནེ༌ ཕིངས༌ཏེ༌ ཁྱོངས༌ ཡང༌ ཁོང༌གུན༌ནི༌ ཟེར༌ཁན༌གུན༌ ཁོའ༌ ཅོ༌ཅུགས༌ཏེ༌ སེམས༌སྐྱིད༌ ལེནས༌།
ཏེ༌ནེ༌ ཁོང༌གུན༌ནི༌ སམ༌སོན༌ ཀ༌ཝ༌གུན༌ནི༌ པར༌ལ༌ ལངས༌ཏེ༌ བོར༌།
26 སམ༌སོན༌ནི༌ ཁོའེ༌ ལག༌པ༌ ཟུམས༌ཏེ༌ ཡོད༌ཁན༌བོའ༌ ཟེརས༌, “ཆོད༌ཁང༌ངི༌ ལྕིད༌ ཁུར༌ཁན༌ ཀ༌ཝ༌ ཁག༌ཅན༌གུན༌ནི༌ཀ༌ ངའེ༌ ལག༌པ༌ བོར༌ ང༌ ཏེ༌ཀ༌ སྟེན༌ཏེ༌ ངལ༌ཚོ༌ ཨིན༌།”
27 ཏ༌ ཆོད༌ཁང༌ བུ༌ཚ༌ དང༌ བུ༌མོ༌ མང༌པོའེ༌ གངས༌ཏེ༌ ཡོད༌པིན༌, ཏེ༌ ཕྲོའ༌ ཕི༌ལིས༌ཏི༌པའེ༌ ཝང༌སྲུལ༌པ༌ ཚང༌མ༌ ཡང༌ ཐོག༌གི༌ཀ༌ ཡོད༌ཁན༌ ཧ༌ལམ༌ བུ༌ཚ༌ དང༌ བུ༌མོ༌ སྟོང༌ སུམ༌མི༌ སམ༌སོན༌ལ༌ ཁོང༌གུན༌ ཐད༌ཁན༌ ཅོ༌ཅུགས༌ཏེ༌ སེམས༌སྐྱིད༌ ལེན༌ཁན༌བོ༌ ལྟའད༌པིན༌།
28 སམ༌སོན༌ནི༌ ཡ༌ཝའ༌ མོས༌ལམ༌ ཞུས༌, “ནམ༌ཁའེ༌ གྱལ༌པོ༌ ཡ༌ཝ༌ལེ༌ ང༌ ཨིད༌ཏུ༌ ཛད༌། དཀོན༌མཆོག༌ལེ༌ ཇུ༌ཇུ༌ ངའ༌ ཡང༌ ལན༌ཅིག༌ ཤེད༌སྟོབས༌ སལ༌ལ༌ ཛད༌། འིན༌ན༌ ལན༌ཅིག༌ ཕི༌ལིས༌ཏི༌པ༌གུན༌ནི༌ ངའེ༌ མིག༌གུན༌ བྲུས༌ཁན༌ནི༌ ཕིའ༌ ངའ༌ ལན༌ ཏང༌ཅུག༌ག༌ ཛད༌།”
29 ཏེ༌ནེ༌ སམ༌སོན༌ནི༌ ཆོད༌ཁང༌ངི༌ ཞུང༌སྐྱིལ༌ལི༌ ཀ༌ཝ༌ ཉིས༌ཀོའེ༌ཀ༌ ལག༌པ༌ བོརས༌, ཡས༌པ༌ ཅིག༌གི༌ཀ༌ ཡང༌ ཡོ༌མ༌ ཅིག༌ག༌,
30 ཡང༌ ཟེརས༌ “ང༌ ཕི༌ལིས༌ཏི༌པ༌གུན༌ ཉམ༌པོ༌ ཤི༌ཅུག༌ག༌ ཛད༌།” ཏེ༌ནེ༌ ཤེད༌ གང༌པོ༌ ཉམ༌པོ༌ ཁོའེ༌ ཀ༌ཝ༌གུན༌ ཕུལས༌། ཆོད༌ཁང༌ ཞིགས༌ཏེ༌ སྤོན༌བོ༌གུན༌ དང༌ ཏེ༌བོའེ༌ ནང༌ང༌ ཡོད༌ཁན༌ནི༌ མི༌ཚང༌མའེ༌ཀ༌ ཐོག༌ ལྡིབས༌། ཏེ༌ཟུག༌གི༌ ཁོའེ༌ ཁོ༌རང༌ སོན༌ཏེའ༌ ཡོད༌དི༌ ཏུས༌སི༌ སང༌ མང༌ང༌ མི༌ ཁོ༌ ཤི༌ ཟ༌ནེ༌ སདས༌།
31 ཁོའེ༌ ཨ༌བའེ༌ ནང༌ཚངས༌ ཚང༌མ༌ དང༌ ཁོའེ༌ ཨ༌ཅོ༌ནོ༌གུན༌ ཁོའེ༌ སྤུར༌ ཁྱོང༌ང༌ལ༌ ག༌ཟ༌ སོང༌། ཁོང༌གུན༌ནི༌ ཁོའེ༌ སྤུར༌ ཁྱོངས༌ཏེ༌ ཁོའེ༌ ཨ༌བ༌ མ༌ནོ༌འཧའེ༌ སྤུར༌ཁང༌ངི༌ ནང༌ང༌ སུབས༌ ཀ༌བོ༌ ཟོ༌རཧ༌ དང༌ ཨེཤ༌ཏ༌འོལ༌ གྲོང༌ཁྱེར༌གུན༌ནི༌ པར༌ལ༌ ཡོད༌པིན༌། སམ༌སོན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གོ༌ཁྲིད༌ ལོ༌ 20 ཅོས༌།