18
མི༌ཀཧ༌ དང༌ དཱན༌ནི༌ མིར༌གྱུད༌།
18:1- 31
1 ཏེ༌ཏུས༌ ཨིས༌ར༌ཨེལ༌པ༌གུན༌ལ༌ གྱལ༌པོ༌ མེད༌པིན༌།
དཱན༌པ༌ མི༌སྡེའེ༌ ཚུགས༌ཏེ༌ དུག༌ཅེས༌ལ༌ ས༌ཀྱད༌ཞིག༌ ཙལ༌ལད༌པིན༌ ཅིའ༌ཟེར༌ན༌ ཞན༌ ཨིས༌ར༌ཨེལ༌པའེ༌ མི༌སྡེ༌གུན༌ནི༌ ནོར༌སྐལ༌ལ༌ ཐོབ༌ཁན༌ནི༌ ས༌ཆ༌ ང༌ཡོག༌ག༌ ལེན༌ ཚར༌ཏེ༌ ཨིན༌ནའང༌ དཱན༌པ༌ མི༌སྡེའེ༌ ཏ༌རུང༌ ཁོ༌རང༌གུན༌ནི༌ ས༌ཆ༌ ང༌ཡོག༌ག༌ ལེན༌ མ༌ཉན༌ན༌ ཨིན༌པིན༌།
2 དཱན༌པ༌གུན༌ནི༌ ཟོ༌རཧ༌ དང༌ ཨེཤ༌ཏ༌འོལ༌ གྲོང༌ཁྱེར༌པ༌ མག༌མི༌ ཀྲག༌པོ༌ ལྔ༌ སང༌ཝའེ༌ ཐོག༌ནེ༌ ས༌ཀྱད༌གུན༌ལ༌ ལྟའ༌ལ༌ ལམ༌ཅུགས༌ཏེ༌ ཟེརས༌, “སོང༌, ང༌དང༌ དུག༌ཅེས༌ལ༌ ས༌ཀྱད༌ཞིག༌ ལྟོས༌།”
མི༌གུན༌ ཨེཕ༌ར༌ཡིམ༌མི༌ རི༌ཡུལ༌ལི༌ ནང༌ང༌ མི༌ཀཧའེ༌ ཁང༌པ༌ ལེབ༌ ཡང༌ ཏེ༌རུ༌ ཁོང༌གུན༌ནི༌ ཚན༌བོ༌ ཕུདས༌།
3 ཁོང༌གུན༌ མི༌ཀཧའེ༌ ཁང༌པའེ༌ ནང༌ང༌ ཡོད༌ ཟ༌ནེ༌ ཁོང༌གུན༌ལ༌ སྤེ༌ར༌ ཏང༌ཚུལ༌བོའེ༌ ཀ༌ནེ༌ ཞུ༌ནུ༌བོ༌ ལི༌ཝི༌པ༌ ཨིན༌ཁན༌ ཤེས༌། ཁོང༌གུན༌ ཁོ༌ ཡོད༌ས༌ སོང༌ཏེ༌ ཏྲིས༌, “ཁྱོ༌རང༌ འི༌རུ༌ སུའི༌ ཁྱོངས༌? འི༌ ས༌ཆའེ༌ ནང༌ང༌ ཁྱོ༌རང༌ ཅི༌ ཅོའད༌? ཁྱོ༌རང༌ འི༌རུ༌ ཅི༌ཕིའ༌ ཡོངས༌པིན༌?”
4 མི༌ཀཧའེ༌ ཁོའེ༌ ཕིའ༌ ཅོ༌ཁན༌གུན༌ ཁོའེ༌ ཁོང༌གུན༌ལ༌ ཤདས༌ ཡང༌ ཟེརས༌, “ཁོའེ༌ ང༌ ལ༌ཆ༌ ཏངས༌ཏེ༌ བླ༌མའེ༌ ལས༌ ཅོ༌ཅེས༌ལ༌ སྐོས༌།”
5 ཏེ༌ནེ༌ ཁོང༌གུན༌ནི༌ ཁོའ༌ ཟེརས༌, “ཇུ༌ཇུ༌ ང༌ཞ༌གུན༌ནི༌ བེས༌པོ༌ ཁྲངས༌པོ༌ ལུས༌སོག༌ག༌ མི༌ ལུས༌སོག༌ མོལ༌ཏེ༌ དཀོན༌མཆོག༌ག༌ ཏྲིའ༌ ཛད༌།”
6 བླ༌མའེ༌ ཁོང༌གུན༌ལ༌ ལན༌སལས༌, “ཞི༌དེ༌ ཉམ༌པོ༌ སོང༌། ཁྱོ༌ཞའེ༌ བེས༌པོའ༌ ཡ༌ཝའེ༌ ཆོགས༌སྐྱོར༌ ཛད༌ཨིན༌།”
7 ཏེ༌ནེ༌ མི༌ ལྔ༌ཀོ༌ ཏེ༌ནེ༌ བིང༌ ཡང༌ ལཱ༌འིཤ༌ གྲོང༌ཁྱེར༌ལ༌ ལེབ༌། ཁོང༌གུན༌ནི༌ ཏེ༌རུ༌ དུག༌ཁན༌ནི༌ མི༌གུན༌ སི༌དོན༌པ༌ ཙོགས༌, སྤུང༌གོལ༌ལི༌ ཇིགས༌ནང༌ མེད༌པ༌ ཞི༌དེ༌ ནང༌ང༌ དུག༌ཁན༌, ཁོང༌གུན༌ནི༌ ས༌ཆའེ༌ ནང༌ང༌ ཅི༌ཚང༌མ༌ སྨིན༌ པ༌སང༌ ཁོང༌གུན༌ སྐྱིད༌པོ༌ དང༌ ཆུག༌པོ༌, ཁོང༌གུན༌ སི༌དོན༌པ༌གུན༌ནེ༌ མ༌ ཐག༌རིང༌ ཡང༌ ཉེ༌ཁོར༌རི༌ ཞན༌ གྱལ༌ཁམས༌གུན༌ ཉམ༌པོ༌ བྲེལ༌བྲུགས༌ མེད༌ཁན༌བོ༌ ཐོང༌།
8 མི༌ ལྔ༌ཀོ༌ ཟོ༌རཧ༌ དང༌ ཨེཤ༌ཏ༌འོལ༌ལ༌ ལོགས༌ཏེ༌ ལེབ༌བ༌ཅིག༌ ཁོང༌ངི༌ ཉེན༌གྲུང༌གུན༌ནི༌ ཁོང༌གུན༌ལ༌ ཏྲིས༌, “ཁྱོ༌ཞ༌གུན༌ལ༌ ཅི༌ གྱུས༌སོང༌?”
9 ཁོང༌གུན༌ནི༌ ལན༌ཏངས༌, “ཡོང༌ཤིག༌, ཁོང༌གུན༌ལ༌ སྤུང༌གོལ༌ ཅོ༌ཨིན༌། ཏེ༌ ས༌ཀྱད༌ མ༌ གྱལ༌ལ༌ ཡོད༌ཁན༌བོ༌ ང༌ཞ༌གུན༌ནི༌ ཐོང༌། ང༌དང༌གུན༌ ཅི༌ཕིའ༌ སྲུངས༌ཏེ༌ ཨིན༌? ཐེ༌ཚོམས༌ མ༌ཅོ༌, སྤུང༌གོལ༌ ཅོས༌ཏེ༌ ང༌ཡོག༌ག༌ ལེན༌ཨིན༌།
10 ཏེ༌རུ༌ ལེབ༌བ༌ཅིག༌ ཁྱོ༌ཞའེ༌ ཁོང༌གུན༌ སྤུང༌གོལ༌ལི༌ ཇིགས༌ནང༌ མེད༌པ༌ དུག༌ཁན༌བོ༌ ཐོང༌ཨིན༌། དཀོན༌མཆོག༌གི༌ མ༌ གྱ༌ཤན༌ དང༌ ཅའང༌ སྒོས༌དོམ༌ མེད༌ཁན༌ནི༌ ཏེ༌ ས༌ཀྱད༌པོ༌ ང༌དང༌གུན༌ནི༌ ལག༌ག༌ སལ༌ཏེ༌ ཨིན༌ནོག༌།”
11 ཏེ༌ནེ༌ དཱན༌ནི༌ མི༌སྡེའེ༌ ནང༌ནེ༌ མག༌མི༌ 600 མག༌གི༌ ཕིའ༌ གྲལ༌གྲིག༌ ཅོས༌ཏེ༌ ཟོ༌རཧ༌ དང༌ ཨེཤ༌ཏ༌འོལ༌ནེ༌ བིང༌།
12 ལམ༌བར༌ལ༌ ཁོང༌གུན༌ནི༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌ ཀི༌རི༌འཐ༌ ཡེ༌རིམ༌མི༌ ཉེ༌མོའ༌ ཀུར༌ ཙུགས༌ཏེ༌ དུགས༌། ཏེན༌ན༌བོའེ༌ ཞས༌ཏེ༌ ཀི༌རི༌འཐ༌ ཡེ༌རིམ༌མི༌ ནུབ༌ ཆོགས༌སི༌ ས༌ཀྱད༌པོའ༌ དག༌སའང༌ མ༌ཧ༌ནེཧ༌ དཱན༌ ཟེར༌ར༌ནོག༌།
13 ཏེ༌ཀ༌ནེ༌ ཁོང༌གུན༌ ཨེཕ༌ར༌ཡིམ༌མི༌ རི༌ཡུལ༌ལ༌ སོང༌ ཡང༌ མི༌ཀཧའེ༌ ཁང༌པའེ༌ ཉེ༌མོའ༌ ལེབ༌།
14 ཏེ༌ནེ༌ ལཱ༌འིཤ༌ ས༌ཀྱད༌དི༌ ནང༌ང༌ སང༌ཝ༌ ཐོག༌ནེ༌ ལྟ༌ ཆའ༌ཁན༌ནི༌ མི༌ ལྔ༌ཀོའེ༌ ཁོ༌རང༌གུན༌ནི༌ ཕྲོ༌པ༌གུན༌ལ༌ ཟེརས༌, “འི༌ ཁང༌པ༌ ཅིག༌གི༌ ནང༌ང༌ ཨེ༌ཕོད༌, ལྷ༌ལྷ༌མོ༌གུན༌, ཤིང༌ང༌ སྐོས༌ཏེ༌ མུལ༌ ཏུམས༌ཁན༌ནི༌ སྐུན༌དྲ༌ ཡོད༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ གྱུས༌ཡོད༌ད༌? ཏ༌ ཅོ༌གོ༌ཤེས༌པོ༌ ང༌དང༌གུན༌ལ༌ གྱུས༌ཨིན༌ནོག༌།”
15 ཏེ༌ནེ༌ ཁོང༌གུན༌ མི༌ཀཧའེ༌ ཁང༌པ༌ ཆོགས༌ལ༌ སོང༌ ཀ༌རུ༌ ལི༌ཝི༌པ༌ ཞུན༌ནུ༌ དུག༌གད༌པིན༌ ཡང༌ ཁོའ༌ ཇུ༌ ཞུས༌།
16 དཱན༌པ༌ མག༌ཆ༌ གོན༌ཁན༌ནི༌ མག༌མི༌ 600 ཏེ༌ ཁང༌པའེ༌ གྱས༌སྒོའེ༌ཀ༌ ལངས༌ཏེ༌ དུགས༌།
17 བླ༌མ༌ དང༌ ལག༌ཆ༌ ཁུར༌ཏེ༌ ཡོད༌ཁན༌ནི༌ མག༌མི༌ 600 སྒོའེ༌ཀ༌ དུགས༌ཏེ༌ ཡོད༌ ཟ༌ནེ༌ སང༌ཝའེ༌ ཐོག༌ནེ༌ ས༌ཆའ༌ ལྟ༌ ཆའ༌ཁན༌ནི༌ མི༌ ལྔ༌ཀོ༌ ནང༌ཀུག༌ག༌ སོང༌ཏེ༌ ཤིང༌ང༌ སྐོས༌ཏེ༌ མུལ༌ ཏུམས༌ཁན༌ནི༌ སྐུན༌དྲ༌, ཨེ༌ཕོད༌ དང༌ ལྷ༌ལྷ༌མོ༌གུན༌ ཁུར༌ཏེ༌ ཁྱོངས༌།
18 མི༌ ལྔ༌ཀོ༌ མི༌ཀཧའེ༌ ཁང༌པའེ༌ ནང༌ང༌ སོང༌ཏེ༌ ཤིང༌ང༌ སྐོས༌ཏེ༌ མུལ༌ ཏུམས༌ཁན༌ནི༌ སྐུན༌དྲ༌, ཨེ༌ཕོད༌ དང༌ ལྷ༌ལྷ༌མོ༌གུན༌ ཁུར༌ཏེ༌ ཁྱོང༌ ཟ༌ནེ༌ བླ༌མའེ༌ ཁོང༌གུན༌ལ༌ ཟེརས༌, “ཁྱོ༌རང༌གུན༌ནི༌ ཅི༌ ཅོའད༌?”
19 ཁོང༌གུན༌ནི༌ ཁོའ༌ ལན༌ཏངས༌, “ཅུབ༌ ཅོད༌། སྤེ༌ར༌ ཅིག༌གའང༌ མ༌ཟེར༌། ང༌ཞ༌གུན༌ ཉམ༌པོ༌ ཡོངས༌ཏེ༌ ང༌ཞའེ༌ བླ༌མ༌ དང༌ ང༌ཞའ༌ ལབ༌ཞ༌ ཏང༌ཁན༌བོ༌ གྱུར༌, མི༌ ཅིག༌གི༌ བླ༌མ༌ སང༌ ཨིས༌ར༌ཨེལ༌པ༌ མི༌སྡེ༌ དང༌ མི༌རིགས༌གུན༌ནི༌ བླ༌མ༌ ཅོ༌ན༌ མི༌གྱལ༌ལ༌?”
20 བླ༌མ༌ ཁོང༌གུན༌ ཉམ༌པོ༌ ཆའ༌ལ༌ ཐད༌། ཨེ༌ཕོད༌, ལྷ༌ལྷ༌མོ༌གུན༌ དང༌ སྐོས༌ཁན༌ནི༌ སྐུ༌ ཁུར༌ཏེ༌ ཁོ༌ མག༌མི༌གུན༌ ཉམ༌པོ༌ སོང༌།
21 ཤེད༌མེད༌ མི༌གུན༌, སེམས༌ཅན༌གུན༌ དང༌ ནོར༌གུན༌ དུན༌ལ༌ ཏངས༌ཏེ༌ དཱན༌པ༌གུན༌ནི༌ བེས༌ ཡང༌སྐྱར༌ གོ༌ཟུག༌།
22 ཁོང༌གུན༌ མི༌ཀཧའེ༌ ཁང༌པ༌ནེ༌ བན༌ཤིག༌ ཐག༌རིང༌ང༌ སོང༌ ཚར༌ར༌ཅིག༌ མི༌ཀཧའེ༌ ཁོའེ༌ ཉེ༌ཁོར༌ལ༌ དུག༌ཁན༌ མི༌གུན༌ བོད༌ཏེ༌ དཱན༌པ༌གུན༌ལ༌ ཏེད༌ཏེ༌ ཁྱེརས༌།
23 ཁོང༌གུན༌ནི༌ ཀུ༌ཅོ༌ ཏངས༌ཏེ༌ བོད༌ད༌ཅིག༌ དཱན༌པ༌གུན༌ནི༌ གྱབ༌ལོགས༌ཏེ༌ ལྟས༌ ཡང༌ ཟེརས༌, “ཁྱོ༌རང༌ངི༌ འི༌ མི༌གུན༌ ང༌ཞའ༌ ནོལ༌ལ༌ལ༌ བོད༌ཏེ༌ ཅི༌ སམ༌མ༌རག༌?”
24 མི༌ཀཧའེ༌ ལན༌ཏངས༌, “ངའེ༌ ཅོ༌ཁན༌ནི༌ ལྷ༌ལྷ༌མོ༌གུན༌ དང༌ ངའེ༌ བླ༌མ༌ ཁྱོ༌ཞའེ༌ ཀོགས༌ཏེ༌ ཁྱེརས༌ པ༌སང༌ ངའེ༌ ལག༌ག༌ ཅའང༌ ལུས༌ཏེ༌ མེད༌། ཏེ༌ནེ༌ ཁྱོ༌རང༌ང༌ ཅི༌ སོང༌ ཟེར༌ཏེ༌ ཁྱོ༌ཞའེ༌ ཅིའ༌ ཏྲིའད༌?”
25 དཱན༌པ༌གུན༌ནི༌ ལན༌ཏངས༌, “རང༌ངི༌ ལྕེའ༌ ཉ༌ར༌ གྱོབ༌, ཏེ༌ མན༌ན༌ ང༌ཞའེ༌ ཕྲོ༌ནེ༌ སྲོན༌ཇན༌ མི༌གུན༌ནི༌ ཁྱོ༌ཞའ༌ སྤུང༌གོལ༌ ཅོས༌ཏེ༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ ནང༌མི༌གུན༌ སད༌ཨིན༌།”
26 ཏེ༌ནེ༌ དཱན༌པ༌གུན༌ ཁོང༌གུན༌ ཆེན༌ ཡོད༌ཁན༌ནི༌ ལམ༌ནེ༌ སོང༌ ཡང༌ མི༌ཀཧ༌ ཁོང༌གུན༌ མ༌ ཤེད༌ཅན༌ ཡོད༌ཁན༌བོ༌ ཧ༌གོ༌ པ༌སང༌ ཁོ༌ ལོགས༌ཏེ༌ ཁོ༌རང༌ངི༌ ཁང༌པ༌ སོང༌།
27 ཏེ༌ ཟུག༌གི༌ ཁོང༌གུན༌ནི༌ མི༌ཀཧའེ༌ སྐུན༌དྲ༌གུན༌ དང༌ ཁོའེ༌ བླ༌མ༌ ཁྲིད༌ཏེ༌ ཞི༌དེ༌ དང༌ ཇིགས༌ནང༌ མེད༌ད༌ དུག༌ཁན༌ ལཱ༌འིཤ༌པ༌གུན༌ལ༌ སྤུང༌གོལ༌ ཅོས༌ཏེ༌ ཁོང༌གུན༌ ར༌འི༌ ཉམ༌པོ༌ སདས༌ ཡང༌ གྱལ༌ས༌ མེའ༌ སྲག༌ཏེ༌ མེད༌ཁན༌ ཅོས༌།
28 ཁོང༌གུན༌ སྐྱོབ༌བ༌ སུའང༌ མ༌ཡོངས༌ ཅིའ༌ཟེར༌ན༌ ཁོང༌གུན༌ སི༌དོན༌ནེ༌ མ༌ ཐག༌རིང༌ང༌ དུག༌གད༌པིན༌ ཡང༌ ཉེ༌མོ༌ ཡོད༌ཁན༌ ཞན༌གུན༌ ཉམ༌པོ༌ ཁོང༌གུན༌ནི༌ བྲེལ༌ མེད༌པིན༌། ཏེ༌ གྱལ༌ས༌ བེཐ༌ རེ༌ཧོབ༌ ལུང༌པའེ༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌།
དཱན༌པ༌གུན༌ནི༌ ཡང༌སྐྱར༌ གྱལ༌ས༌ རྩིགས༌ ཡང༌ ཏེ༌རུ༌ ཚུགས༌ཏེ༌ དུགས༌།
29 སྔུན༌ལ༌ ཏེ༌ གྱལ༌ས༌ ལཱ༌འིཤ༌ ཟེར༌ནའང༌ དཱན༌པ༌གུན༌ནི༌ ཏེ༌བོའ༌ ཁོང༌རང༌གུན༌ནི༌ ཕ༌མེས༌པོ༌ ཨིས༌ར༌ཨེལ༌ ཡང༌ན༌ ཡ༌ཀོབ༌བི༌ བུ༌ཚ༌ དཱན༌ མིང༌ང༌ ཏགས༌།
30 ཏེ༌རུ༌ དཱན༌པ༌གུན༌ནི༌ སྐུན༌དྲའ༌ ཅོལས༌ ཡང༌ མོ༌ཟེས༌སི༌ ཚ༌འོ༌ གེར༌ཤོམ༌མི༌ བུ༌ཚ༌ ཡོ༌ན༌ཐན༌ ཁོ༌རང༌གུན༌ནི༌ བླ༌མ༌ སྐོས༌ ཡང༌ ཨིས༌ར༌ཨེལ༌པ༌གུན༌ ཨ༌སི༌རི༌ཡཱ༌ ཟུམས༌ཏེ༌ ཁྱེར༌ཁྱེར༌ ཚག༌པ༌ ཁོའེ༌ བུ༌ཚ༌གུན༌ དཱན༌པ༌གུན༌ནི༌ བླ༌མ༌ ཨིན༌པིན༌།
31 དཀོན༌མཆོག༌ག༌ ཅོལ༌སའེ༌ ཏམ༌པའེ༌ ཀུར༌ ཤི༌ལོཧའེ༌ ནང༌ང༌ ཡོད༌ཏེའང༌ ཁོང༌གུན༌ནི༌ མི༌ཀཧའེ༌ ཅོ༌ཁན༌ནི༌ སྐུན༌དྲའ༌ ཅོལ༌ལད༌པིན༌།