9
ཨ༌བི༌མེ༌ལེག༌གི༌ ཤེ༌ཀེམ༌མི༌ ནང༌ང༌ ཝང༌སྲུལས༌།
9:1-57
1 ཞག༌ཤིག༌ གི༌དི༌འོན༌ནི༌ བུ༌ཚ༌ ཨ༌བི༌མེ༌ལེག༌ ཤེ༌ཀེམ༌མ༌ ཁོའེ༌ ཨ༌མའེ༌ མིང༌བོ༌གུན༌ལ༌ ཐུག༌ག༌ སོང༌ ཡང༌ ཁོང༌གུན༌ དང༌ ཁོའེ༌ ཨ༌མའེ༌ ཉེན༌ ཚང༌མ༌ ཟེརས༌,
2 “ཤེ༌ཀེམ༌མི༌ འུ༌སྐྱོང༌ ཚང༌མ༌ ཏྲིས༌, ‘ཁྱོ༌ཞ༌གུན༌ནི༌ཀ༌ གི༌དི༌འོན༌ནི༌ བུ༌ཚ༌ 70 ཝང༌ སྲུལ༌ན༌ གྱལ༌ཅེས༌ རག༌ག༌ ཡ༌ མི༌ ཅིག༌གི༌?’ ང༌ ཁྱོ༌ཞའེ༌ ཤ༌ཁྲག༌ ཨིན༌ཁན༌བོ༌ ཨིད༌ཏུ༌ བོར༌།”
3 ཏེ༌ནེ༌ ཨ༌བི༌མེ༌ལེག༌གི༌ ཨ༌ཞང༌གུན༌ནི༌ ཁོའེ༌ ཟེར༌ཁན༌ ཚང༌མ༌ ཤེ༌ཀེམ༌མི༌ འུ༌སྐྱོང༌གུན༌ལ༌ ཤདས༌ ཡང༌ ཁོང༌གུན༌ནི༌ ཨ༌བི༌མེ༌ལེག༌ག༌ ཆོགས༌སྐྱོར༌ ཅོ༌ཅེས༌ ཐག༌ཅད༌ཏེ༌ ཟེརས༌, “ཁོ༌ ང༌དང༌གུན༌ནི༌ ཉེན༌གྲུང༌ ཨིན༌ནོག༌།”
4 ཁོང༌གུན༌ནི༌ བའལ༌ བེ༌རིཐ༌ཐི༌ ཆོད༌ཁང༌ངི༌ ནང༌ནེ༌ མུལ༌ལི༌ པེ༌ནེ༌ 70 ཁོའ༌ ཏངས༌ ཡང༌ ཁོའེ༌ ཏེ༌བོ༌ ཁྲིམས༌མེད༌དི༌ མི༌གུན༌ ཁོའེ༌ སྟིང༌རང༌ནེ༌ ཁྱོང༌ཅེས༌ལ༌ ཀོལས༌།
5 ཁོ༌ ཁོ༌རང༌ངི༌ ཨ༌བའེ༌ ཁང༌པ༌ ཨོཕ༌རཧ༌ སོང༌ཏེ༌ ཕོ༌ལོངས༌ ཅིག༌གི༌ཀ༌ གི༌དི༌འོན༌ནི༌ བུ༌ཚ༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌ 70 སདས༌། ཨིན༌ནའང༌ གི༌དི༌འོན༌ནི༌ བུ༌ཚ༌ ཆུང༌ཤོག༌ ཡོ༌ཐམ༌ ཨིབས༌ཏེ༌ ཤོརས༌།
6 ཏེ༌ནེ༌ ཤེ༌ཀེམ༌པ༌ དང༌ བེཐ༌ མིལ༌ལོ༌པ༌ ཚང༌མ༌ ཤེ༌ཀེམ༌མི༌ རྡོའེ༌ཀ༌ ཨོག༌ ལྕང༌མའེ༌ དུན༌ལ༌ ཛོམས༌ཏེ༌ ཨ༌བི༌མེ༌ལེག༌ ཁོང༌གུན༌ནི༌ གྱལ༌པོའ༌ སྐོས༌།
7 ཏེ༌བོའེ༌ སྐོར༌ལ༌ ཡོ༌ཐམ༌མའ༌ ཚོར༌ར༌ཅིག༌ ཁོ༌ གེ༌རི༌ཟིམ༌ རི༌ གོའ༌ ཛགས༌ ཡང༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, “ཤེ༌ཀེམ༌པ༌གུན༌ ངའེ༌ སྤེ༌ར༌ ཉོན༌ཤིག༌, ཏེ༌ནེ༌ དཀོན༌མཆོག༌གི༌ ཁྱོ༌ཞ༌གུན༌ལ༌ སན༌ སྲིད༌ཅེས༌ ཨིན༌ནོག༌།
8 ཞག༌ཤིག༌ ལྕང༌མ༌གུན༌ནི༌ གྱལ༌པོ༌ ལྡམ༌ཅེས༌ ཐག༌ཅད༌། གོ༌མ༌ ཏེ༌གུན༌ནི༌ ཨོ༌ལི༌ཝིའི༌ ལྕང༌མ༌ ཟེརས༌, ‘ང༌ཞ༌གུན༌ནི༌ གྱལ༌པོ༌ གྱུར༌།’
9 ཨིན༌ནའང༌ ཨོ༌ལི༌ཝིའི༌ ལྕང༌མེའེ༌ ཟེརས༌, ‘ཁྱོ༌ཞ༌གུན༌ནི༌ཀ༌ ཝང༌སྲུལ༌ཅེས༌ལ༌ ཅི༌ ངའེ༌ ལྷ༌ལྷ༌མོ༌ དང༌ མི༌ གུན༌ལ༌ རྩི༌ཝ༌ ཏང༌ཁན༌ནི༌ ཨོ༌ལི༌ཝིའི༌ མར༌ནག༌ ཕིང༌ཅེས༌པོ༌ ཕང༌ང༌?’ ”
10 “ཏེ༌ནེ༌ ཏེ༌གུན༌ནི༌ ཕིག༌གི༌ ལྕང༌མ༌ ཟེརས༌, ‘ང༌ཞ༌གུན༌ནི༌ གྱལ༌པོ༌ གྱུར༌།’
11 ཨིན༌ནའང༌ ཕིག༌གི༌ ལྕང༌མའེ༌ ཟེརས༌, ‘ཁྱོ༌ཞ༌གུན༌ནི༌ཀ༌ ཝང༌སྲུལ༌ཅེས༌ལ༌ ཅི༌ ངའེ༌ ང༌རང༌ངི༌ ཁ༌ཟས༌ ངར༌མོ༌ དང༌ ཞིམ༌པོ༌ ཆག༌ཤེས༌པོ༌ ཕང༌ང༌?’ ”
12 “ཏེ༌ནེ༌ ཏེ༌གུན༌ནི༌ རྒུན༌ནི༌ ལྕང༌མ༌ ཟེརས༌, ‘ང༌ཞ༌གུན༌ནི༌ གྱལ༌པོ༌ གྱུར༌།’
13 ཨིན༌ནའང༌ རྒུན༌ནི༌ ལྕང༌མའེ༌ ཟེརས༌, ‘ཁྱོ༌ཞ༌གུན༌ནི༌ཀ༌ ཝང༌སྲུལ༌ཅེས༌ལ༌ ཅི༌ ངའེ༌ ལྷ༌ལྷ༌མོ༌ དང༌ མི༌ གུན༌ ཐད༌ ཅུག༌ཁན༌ནི༌ རྒུན༌ཆང༌ ཕིང༌ཅེས༌པོ༌ ཕང༌ང༌?’ ”
14 “ཏེ༌ནེ༌ ཏེ༌གུན༌ནི༌ སྟིང༌ཇུག༌ག༌ ཚེར༌མང༌ངི༌ ལྕང༌མ༌ ཟེརས༌, ‘སྐྱོད༌ ཡང༌ ང༌ཞ༌གུན༌ནི༌ གྱལ༌པོ༌ གྱུར༌།’ ”
15 “ཚེར༌མང༌ངི༌ ལྕང༌མ༌གུན༌ལ༌ ལན༌ཏངས༌, ‘ཀལ༌ཏེས༌ ཁྱོ༌ཞའེ༌ དེན༌བའ༌ ང༌ གྱལ༌པོ༌ ཅོའ༌ ཐད༌དད༌ན༌, ཡོང༌ ངའེ༌ ཡལ༌གའེ༌ ཡོག༌ག༌ སྲུང༌སྐྱོབ༌ ལེན༌, ཀལ༌ཏེས༌ མ༌ལེན༌ན༌ ངའེ༌ ནང༌ནེ༌ མེ༌ བིང༌ཏེ༌ ལེ༌བ༌ནོན༌ནི༌ སི༌གྲར༌ ལྕང༌མ༌གུན༌ མེད༌ཁན༌ ཆ༌ཤིག༌།’ ”
16 ཡོ༌ཐམ༌མི༌ ཏ༌རུང༌ངའང༌ ཟེརས༌, “ཅི༌ ཁྱོ༌ཞ༌གུན༌ནི༌ ཀྲང༌པོ༌ དང༌ སྙིང༌ ལག༌མོ༌ ཉམ༌པོ༌ ཨ༌བི༌མེ༌ལེག༌ ཁྱོ༌ཞའེ༌ གྱལ༌པོ༌ སྐོས༌ཏེ༌ ཨིན༌ན༌? ཅི༌ ཁྱོ༌ཞ༌གུན༌ནི༌ གི༌དི༌འོན༌ དང༌ ཁོང༌ངི༌ ནང༌ཚངས༌ ཉམ༌པོ༌ འོས༌པ༌ ཅོས༌ཏེ༌ ཨིན༌ན༌ ཡང༌ ཁོང༌ང༌ ཁྱོ༌ཞ༌གུན༌ནི༌ འོས༌པ༌ ཨིན༌ཁན༌བོ༌ ཏངས༌ཏེ༌ ཨིན༌ན༌?
17 ངའེ༌ ཨ༌བའེ༌ ཁོང༌རང༌ངི༌ སྲོག༌ ཇིགས༌པའེ༌ ནང༌ང༌ ཏངས༌ཏེ༌ ཁྱོ༌ཞ༌གུན༌ནི༌ ཕིའ༌ ནོལས༌ ཡང༌ མི༌དིའན༌པ༌གུན༌ནི༌ ཀ༌ནེ༌ ཁྱོ༌ཞའ༌ ཐར༌ཅུགས༌།
18 ཨིན༌ནའང༌ དི༌རིང༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ཨ༌བ༌ དང༌ ཁོང༌ངི༌ ནང༌ཚངས༌གུན༌ནི༌ གྱབ༌གལ༌ལ༌ ངོ༌ལོག༌ ཅོས༌ཏེ༌ ཁོང༌ངི༌ བུ༌ཚ༌ 70 ཕོ༌ལོངས༌ ཅིག༌གི༌ཀ༌ སདས༌ ཡང༌ ཁྱོ༌ཞ༌གུན༌ནི༌ ཉེན༌གྲུང༌ ཨིན༌ཅེས༌པོའེ༌ ཁོང༌ངི༌ ཚེ༌ཡོག༌ ན༌མའེ༌ བུ༌ཚ༌ ཨ༌བི༌མེ༌ལེག༌ གྱལ༌པོའ༌ ལྡམས༌།
19 ཀལ༌ཏེས༌ དི༌རིང༌ ཁྱོ༌ཞ༌གུན༌ནི༌ གི༌དི༌འོན༌ དང༌ ཁོའེ༌ ནང༌ཚངས༌གུན༌ལ༌ སྙིང༌ ཀྲང༌པོ༌ནེ༌ རྩི༌ཝ༌ ཏངས༌ཏེ༌ ཨ༌བི༌མེ༌ལེག༌ གྱལ༌པོའ༌ ལྡམས༌ཏེ༌ ཨིན༌ན༌ ཁྱོ༌ཞའེ༌ ཁོའ༌ ཡང༌ ཁོའེ༌ ཁྱོ༌ཞའ༌ ཐད༌པོ༌ དང༌ གའ༌མོ༌ ཁྱོང༌ཤིག༌།
20 ཨིན༌ནའང༌ ཏེ༌ཟུག༌ མན༌ན༌ ཏེ༌ནེ༌ ཨ༌བི༌མེ༌ལེག༌གི༌ ནང༌ནེ༌ མེ༌ བིང༌ཏེ༌ ཤེ༌ཀེམ༌ དང༌ བེཐ༌ མིལ༌ལོ༌པ༌ ཚང༌མ༌ མེད༌ཁན༌ ཆ༌ཤིག༌ ཡང༌ ཁྱོ༌ཞའེ༌ ནང༌ནེ༌ མེ༌ བིང༌ཏེ༌ ཁོ༌ མེད༌ཁན༌ ཆ༌ཤིག༌།”
21 ཏེ༌ནེ༌ ཡོ༌ཐམ༌ ཁོ༌རང༌ངི༌ ཨ༌ཅོ༌ ཨ༌བི༌མེ༌ལེག༌ག༌ ཇིགས༌ པ༌སང༌ ཁོ༌ ཤོར༌ཏེ༌ བེར༌རི༌ ནས༌སའེ༌ ནང༌ང༌ དུགས༌།
22 ཨིས༌ར༌ཨེལ༌པ༌གུན༌ནི༌ཀ༌ ཨ༌བི༌མེ༌ལེག༌གི༌ ཝང༌སྲུལ༌ཏེ༌ ལོ༌ སུམ༌ ཆའ༌ཅིག༌,
23 དཀོན༌མཆོག༌གི༌ ངན༌པའེ༌ སེམས༌ཉིད༌ ཀལ༌ལ༌ ཛད༌ཏེ༌ ཨ༌བི༌མེ༌ལེག༌ དང༌ ཤེ༌ཀེམ༌པ༌ གུན༌ནི༌ པར༌ལ༌ དྲའ༌ལངས༌ ཅུག༌ག༌ ཛདས༌པ༌ ཁོང༌གུན༌ནི༌ ཨ༌བི༌མེ༌ལེག༌ག༌ ངོ༌ལོག༌ ཅོས༌།
24 དཀོན༌མཆོག༌གི༌ ཏེ༌བོ༌ ཨ༌བི༌མེ༌ལེག༌གི༌ གི༌དི༌འོན༌ནི༌ བུ༌ཚ༌ 70 སད༌ཅེས༌ ཡང༌ ཤེ༌ཀེམ༌པ༌གུན༌ནི༌ ཁོའ༌ ཏེ༌བོའེ༌ ནང༌ང༌ རོགས༌ ཅོ༌ཅེས༌ལ༌ ཆད༌པ༌ སལ༌ཏེ༌ ཨིན༌པིན༌།
25 ཨ༌བི༌མེ༌ལེག༌ སད༌ཅེས༌ལ༌ ཤེ༌ཀེམ༌པ༌ འུ༌སྐྱོང༌གུན༌ནི༌ ཀལ༌ཁན༌ནི༌ མི༌གུན༌ རི༌ ནང༌ང༌ ཨིབས༌ཏེ༌ དུགས༌ ཡང༌ ཁོང༌གུན༌ནི༌ ཏེ༌ ལམ༌ནེ༌ གྲུལ༌ཁན༌གུན༌ནའང༌ ཅོམ༌མད༌པིན༌། ཨིན༌ནའང༌ ཨ༌བི༌མེ༌ལེག༌ག༌ ཏེ༌བོའེ༌ སྐོར༌ལ༌ ཚོར༌།
26 ཏ༌ ཨེ༌བེད༌དི༌ བུ༌ཚ༌ གའལ༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌གུན༌ ཉམ༌པོ༌ ཤེ༌ཀེམ༌མ༌ དུག༌ག༌ ཡོངས༌ ཡང༌ ཤེ༌ཀེམ༌པ༌གུན༌ནི༌ ཁོའ༌ ལོ༌ཁྱེལ༌ ཅོའད༌པིན༌།
27 ཤེ༌ཀེམ༌པ༌གུན༌ནི༌ རྒུན༌ནི༌ སྟོན༌ཐོག༌ ལྡུམས༌ཏེ༌ རྒུན༌ཆང༌ ཙིར༌ཏེ༌ སྟིང༌ནེ༌ ཁོ༌རང༌གུན༌ནི༌ ལྷའེ༌ ཆོད༌ཁང༌ངི༌ ནང༌ང༌ ཏུས༌ཆེན༌ རྩིའད༌པིན༌། ཏེ༌ཏུས༌ ཁོང༌གུན༌ནི༌ ཆང༌ ཐུང༌ཨིན༌ ཟན༌ཟེན༌ ཨ༌བི༌མེ༌ལེག༌ག༌ ངན༌ ཏབས༌།
28 ཏེ༌ནེ༌ གའལ༌ལི༌ ཟེརས༌, “ཨ༌བི༌མེ༌ལེག༌ སུ༌ ཨིན༌ནོག༌ ཡང༌ ང༌དང༌ ཤེ༌ཀེམ༌པ༌གུན༌ནི༌ ཁོའ༌ ཞབས༌ཏོག༌ ཅིའ༌ ཞུ༌ཨིན༌? ཁོ༌ གི༌དི༌འོན༌ནི༌ བུ༌ཚ༌ ཡང༌ ཟེ༌བུལ༌ ཁོའེ༌ ལྡམས༌ཁན༌ནི༌ སྤོན༌བོ༌ མ༌ནོག༌ག༌? ང༌དང༌ངི༌ ཤེ༌ཀེམ༌པ༌གུན༌ནི༌ ཨ༌བ༌ ཧ༌མོར༌རི༌ བུ༌ཚ༌གུན༌ལ༌ ཞབས༌ཏོག༌ ཞུ༌གོས༌, ཨ༌བི༌མེ༌ལེག༌ག༌ ཞབས༌ཏོག༌ ཅིའ༌ ཞུ༌ཨིན༌?
29 ཀལ༌ཏེས༌ ངའ༌ ཝང༌ཆ༌ ཡོད༌པིན༌ན༌ ངའེ༌ ཨ༌བི༌མེ༌ལེག༌ ཕིངས༌ཏེ༌ ཏང༌ཅེས༌རག༌། ངའེ༌ ཁོའ༌ ཟེར༌ཨིན༌, ‘མག༌མི༌ གྲལ༌གྲིག༌ ཅོས༌ཏེ༌ ནོལ༌ལ༌ ཡོང༌།’ ”
30 ཨིན༌ནའང༌ གྱལ༌སའེ༌ ཀའ༌ལོན༌ ཟེ༌བུལ༌ལ༌ གའལ༌ལི༌ ཟེར༌ཁན༌གུན༌ ཚོར༌ར༌ཅིག༌ ཁོའ༌ སྲོ༌ སྲན༌ཏྲེ༌ ཡོངས༌།
31 ཁོའེ༌ ཨ༌རུ༌མཧའེ༌ ནང༌ང༌ ཨ༌བི༌མེ༌ལེག༌ག༌ ལོན༌ ཀལ༌ཏེ༌ ཟེརས༌, “ཤེ༌ཀེམ༌མི༌ ནང༌ང༌ དུག༌ག༌ ཡོངས༌ཁན༌ ཨེ༌བེད༌དི༌ བུ༌ཚ༌ གའལ༌ དང༌ ཁོའེ༌ ཨ༌ཅོ༌ནོ༌གུན༌ནི༌ གྱལ༌སའེ༌ མི༌གུན༌ལ༌ ཉེ༌རང༌ངི༌ གྱབ༌གལ༌ ཅོ༌ཅེས༌ལ༌ ཕུགས༌ ཏང༌དུག༌།
32 ཉེ༌རང༌ མག༌མི༌ ཉམ༌པོ༌ ཚན༌ལ༌ སྐྱོད༌ཏེ༌ ཞིང༌ངི༌ ནང༌ང༌ ཨིབས༌ཏེ༌ ཞུགས༌།
33 ང༌མོ༌ ཉི༌མ༌ ཤར༌ར༌ཅིག༌ གྱལ༌ས༌ སྤུང༌གོལ༌ ཅོས༌ཏེ༌ གའལ༌ དང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌གུན༌ ཉེ༌རང༌ང༌ ནོལ༌ལ༌ ཡོང༌ང༌ཅིག༌ ཉེ༌རང༌ངི༌ ཁོང༌གུན༌ ཉམ༌པོ༌ ཉེ༌རང༌ ཐད༌ཁན༌བོ༌ ཅོས༌།”
34 ཏེ༌ནེ༌ ཨ༌བི༌མེ༌ལེག༌ དང༌ ཁོའེ༌ མག༌མི༌ ཚང༌མ༌ ཚན༌ལ༌ སོང༌ ཡང༌ སྡེ༌ ཞི༌ ནང༌ང༌ བགོས༌ཏེ༌ ཤེ༌ཀེམ༌མི༌ ཉེ༌མོའ༌ ཞིང༌ངི༌ ནང༌ང༌ ཨིབས༌ཏེ༌ དུགས༌།
35 ང༌མོ༌ གའལ༌ གྱལ༌སའེ༌ སྒོའེ༌ཀ༌ ལངས༌ཏེ༌ ཡོད༌ ཟ༌ནེ༌ ཨ༌བི༌མེ༌ལེག༌ དང༌ ཁོའེ༌ མག༌མི༌གུན༌ ཨིབ༌སའེ༌ ནས༌ས༌ནེ༌ བིང༌ཏེ༌ ཡོངས༌།
36 གའལ༌ལི༌ ཁོང༌གུན༌ ཐོང༌ང༌ཅིག༌ ཁོའེ༌ ཟེ༌བུལ༌ལ༌ ཟེརས༌, “ལྟོས༌སའང༌, རི༌ནེ༌ ཐུར༌ལ༌ མི༌གུན༌ ཡོང༌ང༌ལ༌།”
ཟེ༌བུལ༌ལི༌ ལན༌ཏངས༌, “མ༌ནོག༌, ཁོ༌རང༌ང༌ རི༌ ཀྲིབ༌ཀྱག༌གུན༌ མི༌ ཙོགས༌ ཐོང༌ཏེ༌ ཨིན༌ནོག༌།”
37 ཨིན༌ནའང༌ ཡང༌སྐྱར༌ གའལ༌ལི༌ ཟེརས༌, “ལྟོས༌སའང༌, རི༌ནེ༌ ཐུར༌ལ༌ མི༌གུན༌ ཡོང༌དུག༌ ཡང༌ མཱོ༌ཏབ༌ཁན༌གུན༌ དུག༌སའེ༌ ཨོག༌གི༌ ལྕང༌མའེ༌ ཆོགས༌ནེ༌ ཞན༌ སྡེ༌ཞིག༌ ཡོང༌ང༌ལ༌།”
38 ཏེ༌ནེ༌ ཟེ༌བུལ༌ལི༌ ཁོ༌ ཟེརས༌, “ཏ༌ ཁྱོ༌རང༌ངི༌ ཨ༌བི༌མེ༌ལེག༌ སུ༌ ཨིན༌ནོག༌ ཡང༌ ང༌དང༌གུན༌ནི༌ ཁོའ༌ ཞབས༌ཏོག༌ ཅིའ༌ ཞུ༌ཨིན༌ ཟེར༌ཏེ༌ སྤེ༌ར༌ ཆེན༌མོ༌ ཏང༌ཁན༌བོ༌ ཀ༌རེ༌? ཁྱོ༌རང༌ངི༌ སྨད༌གྲ༌ ཏང༌ཁན༌ནི༌ མི༌གུན༌, ཁོང༌གུན༌ མ༌ནོག༌ག༌? ཕི༌ལོག༌ག༌ སོང༌ཏེ༌ ཁོང༌གུན༌ལ༌ ནོལ༌།”
39 ཏེ༌ནེ༌ གའལ༌ལི༌ གོ༌ཁྲིད༌ ཅོས༌ཏེ༌ ཤེ༌ཀེམ༌པ༌གུན༌ ཨ༌བི༌མེ༌ལེག༌གི༌ གྱབ༌གལ༌ལ༌ ནོལ༌ལ༌ སོང༌།
40 ཨ༌བི༌མེ༌ལེག༌གི༌ མག༌མི༌ ཏེད༌ཏེ༌ ཁྱོངས༌པ༌ གའལ༌ དང༌ ཁོའེ༌ མི༌གུན༌ ཤོར༌ ཡང༌ གྱལ༌སའེ༌ གྱས༌སྒོ༌ ནང༌ཀུག༌ག༌ ལེབ༌བི༌སང༌ སྔུན༌ལ༌ ཤེ༌ཀེམ༌པ༌ མང༌པོ༌ མ༌སྐྱོན༌ སོང༌ཏེ༌ ཤི༌།
41 ཨ༌བི༌མེ༌ལེག༌ ལོགས༌ཏེ༌ ཨ༌རུ༌མཧ༌ སོང༌ ཡང༌ ཟེ༌བུལ༌ལི༌ གའལ༌ དང༌ ཁོའེ༌ ཨ༌ཅོ༌ནོ༌ གུན༌ ཤེ༌ཀེམ༌ནེ༌ ཕིངས༌ཏེ༌ ཏངས༌།
42 སྟིང༌མ༌ ཞག༌པོ༌ ཤེ༌ཀེམ༌པ༌གུན༌ བིང༌ཏེ༌ ཞིང༌ངི༌ཀ༌ ལས༌ ཅོའ༌ལ༌ སོང༌, ཡང༌ ཨ༌བི༌མེ༌ལེག༌ག༌ ཏེ༌བོའེ༌ སྐོར༌ལ༌ ཚོར༌།
43 ཁོའེ༌ ཁོ༌རང༌ངི༌ མག༌མི༌གུན༌ སྡེ༌ སུམ༌མི༌ ནང༌ང༌ བགོས༌ ཡང༌ ཞིང༌ངི༌ ནང༌ང༌ ཨིབས༌ཏེ༌ དུགས༌། མི༌གུན༌ གྱལ༌ས༌ནེ༌ ཕི༌ལོག༌ག༌ བིང༌ཏེ༌ ཡོང༌ང༌ཅིག༌ ཁོང༌གུན༌ ཨིབས༌ཏེ༌ ཡོད༌ས༌ནེ༌ བིང༌ཏེ༌ མི༌གུན༌ནི༌ཀ༌ སྤུང༌གོལ༌ ཅོས༌།
44 ཨ༌བི༌མེ༌ལེག༌ ཉམ༌པོ༌ ཡོད༌ཁན༌ནི༌ སྡེ༌བོ༌ གྱུགས༌ཏེ༌ སོང༌ ཡང༌ གྱལ༌སའེ༌ སྒོ༌ སྒགས༌ཏེ༌ སུའང༌ ནང༌ཀུག༌ག༌ ཆ༌ མ༌ཅུགས༌། ཞན༌ སྡེ༌ ཉིས༌ཀོའེ༌ ཞིང༌གུན༌ནི༌ ནང༌ང༌ ཡོད༌ཁན༌ མི༌གུན༌ སདས༌།
45 ཨ༌བི༌མེ༌ལེག༌གི༌ མག༌མི༌ ཉི༌མ༌ གང༌པོ༌ ནོལས༌ ཡང༌ གྱལ༌ས༌ ང༌ཡོག༌ག༌ ཁྱོངས༌ཏེ༌ མི༌གུན༌ སདས༌། ཁང༌པ༌ ཚང༌མ༌ ཤིགས༌ཏེ༌ སྟོན༌ཐོག༌ ཏབ༌སའེ༌ ས༌ཀྱད༌ གང༌པོའ༌ ཚཱ༌ ཡོགས༌།
46 ཤེ༌ཀེམ༌མི༌ སྟན༌པོ༌ ནས༌སའེ༌ ནང༌ང༌ དུག༌ཁན༌ འུ༌སྐྱོང༌གུན༌ནི༌ ཏེ༌བོ༌ ཚོར༌ར༌ཅིག༌ ཁོང༌གུན༌ ཤོར༌ཏེ༌ ཨེལ༌ བེ༌རིཐ༌ཐི༌ ཆོད༌ཁང༌ངི༌ ཐིལ༌ལ༌ ཨིབ༌སའེ༌ ནས༌སའེ༌ ནང༌ང༌ དུགས༌།
47 ཨ༌བི༌མེ༌ལེག༌ག༌ ཁོང༌གུན༌ ཆོད༌ཁང༌ངི༌ ནང༌ང༌ ཡོད༌ཁན༌བོ༌ ཚོར༌ར༌ཅིག༌,
48 ཁོ༌ ཁོ༌རང༌ངི༌ མག༌མི༌གུན༌ ཉམ༌པོ༌ ཟལ༌མོན༌ རིའ༌ སོང༌ ཡང༌ ཁོའེ༌ སྟ༌རི༌ ཁུར༌ཏེ༌ ལྕང༌མའེ༌ ཡལ༌ག༌ ཁ༌ཅིག༌ ཅད༌ཏེ༌ ཁོ༌རང༌ངི༌ སྤུང༌པའེ༌ཀ༌ ཁུརས༌། ཁོའེ༌ ཁོ༌རང༌ངི༌ མི༌གུན༌ལ༌ ཟེརས༌, “གྱོགས༌པ༌, ངའེ༌ ཅོ༌ཁན༌ ཙོགས༌ ཅོས༌།”
49 ཏེ༌ནེ༌ མག༌མི༌ ཚང༌མའེ༌ ཡལ༌ག༌ ཁུར༌ཏེ༌ ཨ༌བི༌མེ༌ལེག༌གི༌ སྟིང༌རང༌ནེ༌ སོང༌། ཁོང༌གུན༌ནི༌ ཡལ༌ག༌གུན༌ ཆོད༌ཁང༌ངི༌ སྒོ༌ དང༌ རྩིག༌པའེ༌ཀ༌ སྤུངས༌ཏེ༌ མེ༌ ཏུགས༌། ཏེ༌ནེ༌ ཤེ༌ཀེམ༌མི༌ སྟན༌པོ༌ ནས༌སའེ༌ ནང༌ང༌ དུག༌ཁན༌ བུ༌ཚ༌ དང༌ བུ༌མོ༌ ཧ༌ལམ༌ 1,000 ཤི༌།
50 ཏེ༌ སྟིང༌ནེ༌ ཨ༌བི༌མེ༌ལེག༌གི༌ ཐེ༌བེཟ༌ གྲོང༌ཁྱེར༌ལ༌ སྤུང༌གོལ༌ ཅོས༌ཏེ༌ ང༌ཡོག༌ག༌ ཁྱོངས༌།
51 ཨིན༌ནའང༌ གྲོང༌ཁྱེར༌རི༌ ནང༌ང༌ ཨིབ༌སའེ༌ པི༌འུ༌ སྟན༌པོ༌ ཡོད༌ཁན༌བོའེ༌ ནང༌ང༌ བུ༌ཚ༌ དང༌ བུ༌མོ༌ ཡང༌ འུ༌སྐྱོང༌ ཐེས༌ཏེ༌ གྲོང༌ཁྱེར༌རི༌ མི༌ ཚང༌མ༌ ཤོར༌། ཁོང༌གུན༌ནི༌ ཏེ༌བོའ༌ ནང༌ཀུག༌ནེ༌ ཀུ༌ལིག༌ ཅུགས༌ཏེ༌ པི༌འུའི༌ ཐོག༌གི༌ཀ༌ སོང༌ཏེ༌ དུགས༌།
52 ཨ༌བི༌མེ༌ལེག༌གི༌ ཏེ༌ པི༌འུའ༌ སྤུང༌གོལ༌ ཅོས༌ཏེ༌ ཏེ༌ནང༌ང༌ ཆ༌སའེ༌ སྒོའ༌ མེའ༌ ཐུག༌ཅེས༌ གྲལ༌གྲིག༌ ཅོས༌།
53 ཐོག༌གི༌ཀ༌ ཡོད༌ཁན༌ནི༌ བུ༌མོ༌ཞིག༌གི༌ ལག༌ཐག༌གི༌ རྡོའ༌ ཡོག༌ག༌ ཕངས༌པ༌ ཨ༌བི༌མེ༌ལེག༌གི༌ གོའ༌ ཕོག༌ཏེ༌ ཁོའེ༌ གོའེ༌ རུས༌པ༌ ཅགས༌།
54 ཨ༌བི༌མེ༌ལེག༌གི༌ ཁོ༌རང༌ངི༌ མག༌ཆ༌ ཁུར༌ཁན༌བོའ༌ ཟེརས༌, “བུ༌མོ༌ཞིག༌གི༌ ངའ༌ སད༌ཏོག༌ མི༌ ཟེར༌ཅེས༌ལ༌ ཁྱོ༌རང༌ངི༌ ར༌འི༌ ཕིང༌ཏེ༌ ང༌ སོད༌།” ཏེ༌ནེ༌ ཁོའེ༌ ཨ༌བི༌མེ༌ལེག༌ག༌ ར༌འི༌ ཙུགས༌ ཡང༌ ཁོ༌ ཤི༌།
55 ཨ༌བི༌མེ༌ལེག༌གི༌ མག༌མི༌གུན༌ནི༌ ཁོ༌ ཤི༌ཁན༌བོ༌ ཐོང༌ང༌ཅིག༌ ཁོང༌གུན༌ ལོགས༌ཏེ༌ ཁོང༌རང༌གུན༌ནི༌ ཁང༌པ༌ སོང༌།
56 ཏེན༌ན༌ ཟུག༌གི༌ དཀོན༌མཆོག༌གི༌ ཨ༌བི༌མེ༌ལེག༌གི༌ ཁོ༌རང༌ངི༌ ཨ༌ཅོ༌ནོ༌ 70 སད༌ཏེ༌ ཁོ༌རང༌ངི༌ ཨ༌བའེ༌ གྱབ༌གལ༌ལ༌ ངན༌པ༌ ཅོ༌ཁན༌བོའ༌ ལན༌ སལས༌།
57 དཀོན༌མཆོག༌གི༌ ཤེ༌ཀེམ༌པ༌གུན༌ནི༌ ངན༌པ༌ ཅོ༌ཁན༌བོའང༌ ཆད༌པ༌ སལས༌། གི༌དི༌འོན༌ནི༌ བུ༌ཚ༌ ཡོ༌ཐམ༌མི༌ ངན༌ ཏབ༌ཁན༌བོ༌ དྲན༌དྲའ༌ གྲུབ༌།