21
ལི༌ཝི༌པ༌གུན༌ལ༌ ཏང༌ཁན༌ནི༌ གྲོང༌ཁྱེར༌གུན༌།
21:1-45
1-2 ཀེ༌ནན༌ནི༌ ས༌ཀྱད༌ ཤི༌ལོཧའེ༌ ནང༌ང༌ བླ༌མ༌ ཨེ༌ལི༌འ༌ཟར༌, ནུན༌ནི༌ བུ༌ཚའེ༌ ཡོ༌ཤུའ༌ དང༌ ཞན༌ ཨིས༌ར༌ཨེལ༌པའེ༌ འུ༌སྐྱོང༌གུན༌ ཡོད༌ས༌ ལི༌ཝི༌ མི༌སྡེའེ༌ འུ༌སྐྱོང༌གུན༌ ཡོངས༌ཏེ༌ ཟེརས༌, “ང༌ཞ༌གུན༌ལ༌ དུག༌སའེ༌ གྲོང༌ཁྱེར༌ དང༌ ང༌ཞའེ༌ སེམས༌ཅན༌གུན༌ནི༌ ཕིའ༌ རྩཱ༌ཁའེ༌ ས༌ཀྱད༌ སལ༌ཅེས༌ལ༌ ཡ༌ཝའེ༌ མོ༌ཟེས༌ལ༌ བཀའ༌ སལ༌ཏེ༌ ཨིན༌པིན༌།”
3 ཏེ༌ནེ༌ ཡ༌ཝའེ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ལི༌ཝི༌པ༌གུན༌ལ༌ འི༌ གྲོང༌ཁྱེར༌གུན༌ དང༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ཁོང༌རང༌གུན༌ནི༌ ནོར༌སྐལ༌ལི༌ ས༌ཀྱད༌གུན༌ནི༌ ནང༌ནེ༌ ཏངས༌།
4 ལི༌ཝི༌ མི༌སྡེའེ༌ ཨ༌རོན༌ནི༌ པུར༌གྱུད༌ ཀོ༌ཧཐ༌ཐི༌ མི༌རིགས༌གུན༌ལ༌ ཡ༌ཧུ༌དཱའ༌, སི༌མི༌འོན༌ དང༌ བེན༌ཡཱ༌མིན༌ནི༌ མི༌སྡེ༌གུན༌ནི༌ སྐལ༌ལེ༌ ནང༌ནེ༌ གྲོང༌ཁྱེར༌ 13 ཏངས༌།
5 ལུས༌ཁན༌ནི༌ ཀོ༌ཧཐ༌ཐི༌ མི༌རིགས༌གུན༌ལ༌ ཨེཕ༌ར༌ཡིམ༌ དང༌ དཱན༌ མི༌སྡེ༌ ཡང༌ མ༌ནས༌ས༌ མི༌སྡེ༌ ཕེད༌དི༌ སྐལ༌ལེ༌ ནང༌ནེ༌ གྲོང༌ཁྱེར༌ རྕུ༌ ཏངས༌།
6 གེར༌ཤོན༌ནི༌ མི༌རིགས༌གུན༌ལ༌ ཨིས༌ས༌ཁར༌, ཨ༌ཤེར༌ དང༌ ནཕ༌ཐལ༌ལི༌ མི༌སྡེ༌གུན༌ ཡང༌ བ༌ཤན༌ནི༌ ནང༌ང༌ ཡོད༌ཁན༌ མ༌ནས༌ས༌ མི༌སྡེ༌ ཕེད༌དི༌ སྐལ༌ལེ༌ ནང༌ནེ༌ གྲོང༌ཁྱེར༌ 13 ཏངས༌།
7 མི༌ར༌རི༌ མི༌རིགས༌གུན༌ལ༌ རུ༌བེན༌, གཱད༌ དང༌ ཟེ༌བུ༌ལོན༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ གྲོང༌ཁྱེར༌ 12 ཏངས༌།
8 ཨིས༌ར༌ཨེལ༌པ༌གུན༌ནི༌ ཡ༌ཝའེ༌ མོ༌ཟེས༌ལ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཏེ༌ གྲོང༌ཁྱེར༌ དང༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཏག༌རིལ༌ ཏངས༌ཏེ༌ ལི༌ཝི༌པ༌གུན༌ལ༌ ཏངས༌།
9 ཨིས༌ར༌ཨེལ༌པ༌གུན༌ནི༌ ཡ༌ཧུ༌དཱ༌ དང༌ སི༌མི༌འོན༌ནི༌ མི༌སྡེ༌གུན༌ནི༌ ནང༌ནེ༌ འི༌ གྲོང༌ཁྱེར༌གུན༌ ཏངས༌
10 ཏག༌རིལ༌ ཏང༌པོའེ༌ ནང༌ཞིན༌ ལྡམ༌ཁན༌ནི༌ ས༌ཀྱད༌གུན༌ ལི༌ཝི༌ མི༌སྡེའེ༌ ཨ༌རོན༌ནི༌ པུར༌གྱུད༌ ཀོ༌ཧཐ༌ཐི༌ མི༌རིགས༌གུན༌ལ༌ ཏངས༌།
11 ཁོང༌གུན༌ལ༌ ཡ༌ཧུ༌དཱའེ༌ རི༌ཡུལ༌ལི༌ ནང༌ང༌ ཀི༌རི༌འཐ༌ ཨར༌བ༌ ༼ཡང༌ན༌ ཧེབ༌རོན༌༽ དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌ གུན༌ ཏངས༌། ༼ཨར༌བ༌ ནི༌ ཨ༌ནཀ༌པའེ༌ ཕ༌མེས༌པོ༌ ཨིན༌པིན༌།༽
12 ཨིན༌ནའང༌ ཏེ༌ གྱལ༌སའེ༌ ཞིང༌ དང༌ ཉེ༌ཁོར༌རི༌ གྲོང༌སེབ༌གུན༌ ཡེ༌ཕུན༌ནེཧའེ༌ བུ༌ཚ༌ ཀེ༌ལེབ༌བ༌ ནོར༌སྐལ༌ལ༌ ཏངས༌ཏེ༌ ཨིན༌པིན༌།
13 ཏེ༌ནེ༌ ཨ༌རོན༌ བླ༌མའེ༌ པུར༌གྱུད༌གུན༌ལ༌ ཧེབ༌རོན༌ གྱལ༌ས༌ ༼སྐྱེན༌ངན༌ནི༌ ནང༌ང༌ མི༌ སད༌ཁན༌གུན༌ སྐྱོབ༌སའེ༌ གྱལ༌ས༌༽, ལིབ༌ནཧ༌,
14 ཡཏ༌ཏིར༌, ཨེཤ༌ཏེ༌མོའ༌,
15 ཧོ༌ལོན༌, དེ༌བིར༌,
16 ཨའིན༌, ཡུཏ༌ཏཧ༌ དང༌ བེཐ༌ ཤེ༌མེཤ༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཏངས༌། ཏེ༌ མི༌སྡེ༌ ཉིས༌ཀོའེ༌ ནང༌ནེ༌ གྲོང༌ཁྱེར༌ རྒུ༌།
17 ཁོང༌གུན༌ལ༌ བེན༌ཡཱ༌མིན༌ནི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ གི༌བེ༌འོན༌, གེ༌བ༌,
18 ཨ༌ན༌ཐོཐ༌ དང༌ ཨལ༌མོན༌, གྲོང༌ཁྱེར༌ ཞི༌ དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌།
19 ཚང༌མ༌ རྩི༌ན༌ གྲོང༌ཁྱེར༌ 13 དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཨ༌རོན༌ནི༌ པུར༌གྱུད༌ བླ༌མ༌གུན༌ལ༌ ཏངས༌།
20 ལུས༌ཁན༌ནི༌ ཀོ༌ཧཐ༌ཐི༌ མི༌རིགས༌གུན༌ལ༌ ཨེཕ༌ར༌ཡིམ༌མི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ ས༌ཀྱད༌ ཏངས༌ཏེ༌ ཨིན༌པིན༌།
21 ཨེཕ༌ར༌ཡིམ༌ རི༌ཡུལ༌ལི༌ ནང༌ནེ༌, ཤེ༌ཀེམ༌ ༼སྐྱེན༌ངན༌ནི༌ ནང༌ང༌ མི༌ སད༌ཁན༌གུན༌ སྐྱོབ༌སའེ༌ གྱལ༌ས༌༽, གེ༌ཟེར༌,
22 ཀིབ༌ཟ༌འིམ༌ དང༌ བེཐ༌ ཧོ༌རོན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ ཞི༌།
23 ཏེ༌བོའེ༌ཀ༌ ནན༌མ༌ དཱན༌ནི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ ཁོང༌གུན༌ལ༌ ཨེལ༌ཏེ༌ཀེཧ༌, གིབ༌བེ༌ཐོན༌,
24 ཨའི༌ཡ༌ལོན༌ དང༌ གཱད༌ རིམ༌མོན༌ གྲོང༌ཁྱེར༌གུན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ ཞི༌།
25 མ༌ནས༌ས༌ མི༌སྡེ༌ ཕེད༌དི༌ སྐལ༌ལེ༌ ནང༌ནེ༌ ཁོང༌གུན༌ལ༌ ཏའ༌ནག༌ དང༌ གཱད༌ རིམ༌མོན༌, གྲོང༌ཁྱེར༌ ཉིས༌ དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌།
26 ཏེ༌ གྲོང༌ཁྱེར༌ རྕུ༌ དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ལུས༌ཁན༌ནི༌ ཀོ༌ཧཐ༌ཐི༌ མི༌རིགས༌གུན༌ལ༌ ཏངས༌།
27 ལི༌ཝི༌ མི༌སྡེའེ༌ གེར༌ཤོན༌ནི༌ མི༌རིགས༌གུན༌ལ༌
མ༌ནས༌ས༌ མི༌སྡེ༌ ཕེད༌དི༌ སྐལ༌ལེ༌ ནང༌ནེ༌ བ༌ཤན༌ནི༌ ནང༌ང༌ ཡོད༌ཁན༌ གོ༌ལན༌ ༼སྐྱེན༌ངན༌ནི༌ ནང༌ང༌ མི༌ སད༌ཁན༌གུན༌ སྐྱོབ༌སའེ༌ གྱལ༌ས༌༽ དང༌ བེ༌ཨེཤ༌ཏེ༌རཧ༌ གྲོང༌ཁྱེར༌ ཉིས༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཏངས༌།
28 ཨིས༌ས༌ཁར༌རི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ ཀི༌ཤི༌འོན༌, ད༌བེ༌རཐ༌,
29 ཡར༌མུཐ༌, དང༌ ཨེན༌ གན༌ནིམ༌ གྲོང༌ཁྱེར༌གུན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ ཞི༌ ཏངས༌།
30 ཨ༌ཤེར༌རི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ མི༌ཤལ༌, ཨབ༌གྲོན༌,
31 ཧེལ༌ཀཐ༌ དང༌ རེ༌ཧོབ༌ གྲོང༌ཁྱེར༌གུན༌ ཡང༌ ཏེ༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ ཞི༌ ཏངས༌།
32 ནཕ༌ཐལ༌ལི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌ གཱ༌ལིལ༌ལི༌ ནང༌ང༌ ཡོད༌ཁན༌ ཀེ༌དེཤ༌ ༼སྐྱེན༌ངན༌ནི༌ ནང༌ང༌ མི༌ སད༌ཁན༌གུན༌ སྐྱོབ༌སའེ༌ གྱལ༌ས༌༽, ཧམ༌མོཐ༌ དོར༌ དང༌ ཀར༌ཏན༌ གྲོང༌ཁྱེར༌གུན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ སུམ༌ ཏངས༌།
33 ཚང༌མ༌ རྩི༌ན༌ གྲོང༌ཁྱེར༌ 13 དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ གེར༌ཤོན༌ནི༌ མི༌རིགས༌གུན༌ལ༌ ཏངས༌།
34 ལི༌ཝི༌པ༌ ལུས༌ཏེ༌ ཡོད༌ཁན༌ མི༌ར༌རི༌འི༌ མི༌རིགས༌གུན༌ལ༌
ཟེ༌བུ༌ལོན༌ནི༌ མི༌སྡེ༌ སྐལ༌ལེ༌ ནང༌ནེ༌ ཡོཀ༌ནེའམ༌, ཀར༌ཏཧ༌,
35 དིམ༌ནཧ༌ དང༌ ན༌ཧ༌ལལ༌ གྲོང༌ཁྱེར༌གུན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཏངས༌, ལྡོམས༌ གྲོང༌ཁྱེར༌ ཞི༌།
36 རུ༌བེན༌ནི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌
བེ༌ཟེར༌, ཡ༌ཧཟ༌,
37 ཀེ༌དེ༌མོཐ༌ དང༌ མེ༌ཕའཐ༌ གྲོང༌ཁྱེར༌གུན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ ཞི༌ ཏངས༌།
38 གཱད༌དི༌ མི༌སྡེའེ༌ སྐལ༌ལེ༌ ནང༌ནེ༌
གི༌ལེད༌དི༌ ནང༌ང༌ ཡོད༌ཁན༌ ར༌མོཐ༌ ༼སྐྱེན༌ངན༌ནི༌ ནང༌ང༌ མི༌ སད༌ཁན༌གུན༌ སྐྱོབ༌སའེ༌ གྱལ༌ས༌༽, མ༌ཧ༌ནཱའིམ༌,
39 ཧེཤ༌བོན༌ དང༌ ཡ༌ཟེར༌ གྲོང༌ཁྱེར༌གུན༌ ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌, ལྡོམས༌ གྲོང༌ཁྱེར༌ ཞི༌ ཏངས༌།
40 ཚང༌མ༌ རྩི༌ན༌ ལི༌ཝི༌ མི༌སྡེའེ༌ ལུས༌ཁན༌ མི༌ར༌རི༌འི༌ མི༌རིགས༌གུན༌ལ༌ གྲོང༌ཁྱེར༌ 12 ཏངས༌།
41 ཨིས༌ར༌ཨེལ༌ལི༌ ཡུལ༌ཇོངས༌སི༌ ནང༌ནེ༌ ལི༌ཝི༌པ༌གུན༌ལ༌ ལྡོམས༌ གྲོང༌ཁྱེར༌ 48 ཡང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཏངས༌ཏེ༌ ཨིན༌པིན༌།
42 འི༌ གྲོང༌ཁྱེར༌ ཚང༌མ༌ དང༌ ཉེ༌ཁོར༌རི༌ རྩཱ༌ཁའེ༌ ས༌ཀྱད༌གུན༌ ཏངས༌ཏེ༌ ཨིན༌པིན༌།
43 ཏེ༌ནེ༌ ཡ༌ཝའེ༌ ཨིས༌ར༌ཨེལ༌པའེ༌ ཕ༌མེས༌པོ༌གུན༌ལ༌ སལ༌ཅེས༌ལ༌ ནའ༌ ཁུར༌ར༌ ཛད༌ཁན༌ནི༌ ས༌ཀྱད༌ གང༌པོ༌ སལ༌ལ༌ ཛདས༌། ཁོང༌གུན༌ནི༌ ཏེ༌གུན༌ ཝང༌ངའི༌ ཡོག༌ག༌ ཁྱོངས༌ཏེ༌ ཏེ༌རུ༌ ཚུགས༌ཏེ༌ དུགས༌།
44 ཡ༌ཝའེ༌ ཁོང༌གུན༌ནི༌ ཕ༌མེས༌པོ༌གུན༌ལ༌ ནའ༌ ཁུར༌ར༌ ཛད༌ཁན༌ ནང༌ཞིན༌ ཆོགས༌ ཚང༌མ༌ནེ༌ ཁོང༌གུན༌ལ༌ ཞི༌དེ༌ སལ༌ལ༌ ཛདས༌། གྲ༌འོ༌ ཅིག༌གའང༌ ཁོང༌གུན༌ནི༌ གྱབ༌གལ༌ལ༌ ལངས༌ མ༌ཉནས༌ ཅིའ༌ཟེར༌ན༌ ཡ༌ཝའེ༌ ཁོང༌ངི༌ གྲ༌འོ༌གུན༌ ཁོང༌གུན༌ནི༌ ལག༌ག༌ སྟད༌ད༌ ཛད༌ཏེ༌ ཨིན༌པིན༌།
45 ཡ༌ཝའེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཛད༌ཁན༌ནི༌ ཞལ༌ཆད༌ ཟང༌པོ༌གུན༌ནི༌ ནང༌ནེ༌ ཅིག༌གའང༌ མ༌གྲུབ༌བ༌ མ༌ལུས༌། ཁོང༌ངི༌ མོལ༌ཁན༌ ཚང༌མ༌ གྲུབ༌།