11
ཡེ༌ཤུའ༌ གྱལ༌པོའེ༌ ཚུལ༌ལ༌ གའ༌སུས༌ ཞུས༌།
11:1 ནེ༌ 11
ཡེ༌རུ༌ཤ༌ལེམ༌མི༌ གྱལ༌སའེ༌ ཉེ༌མོའ༌ ཨོ༌ལིཝ༌ཝི༌ རི༌ཀ༌ * ཡོད༌ཁན༌ བེད༌ཕ༌གེ༌ དང༌ བེད༌ཐཱ༌ནི༌ གྲོང༌སེབ༌གུན༌ལ༌ ལེབ༌ཀྱིས༌ ཡོད༌ད༌ཅིག༌, གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌ ཉིས༌ སྔུན༌ལ༌ ལམ༌ཅུག༌ག༌ ཛད༌ཏེ༌ མོལས༌, "འ༌ གྲོང༌སེབ༌བི༌ ནང༌ང༌ སོང༌, ཏེ༌རུ༌ ལེབ༌བ༌ཅིག༌, སུའང༌ མ༌ཞོན༌ཁན༌ནི༌ བུང༌སར༌ཞིག༌ ཏགས༌ཏེ༌ ཐོང༌ཅེན༌, ཏེ༌བོ༌ ཀྲོལ༌ཏེ༌ འི༌རུ༌ ཁྱོང༌། གལ༌ཏེས༌ སུ༌ཞིག༌གི༌ ཁྱོ༌ཞ༌གུན༌ལ༌, 'ཅི༌ ཅོའད༌' ཟེར༌ཏེ༌ ཏྲི༌ན༌ 'གཙོ༌བོའ༌ སྒོས༌དོམ༌ དུག༌ ཡང༌ གྱོགས༌པ༌ ལོགས༌ཏེ༌ ཁྱོང༌ཨིན༌' ཟེར༌།"
ཁོང༌གུན༌ སོང༌ ཡང༌ བུང༌སར༌བོ༌ སྲང༌ངི༌ཀ༌ སྒོའེ༌ ཕི༌ལོག༌ག༌ ཏགས༌ཏེ༌ ཡོད༌ཁན༌བོ༌ ཐོང༌། ཁོང༌གུན༌ནི༌ ཏེ༌བོ༌ ཀྲོལ༌ ཟ༌ནེ༌ ཏེ༌ཀ༌ ལངས༌ཏེ༌ ཡོད༌ཁན༌ནི༌ མི༌ ཁ༌ཅིག༌གི༌ ཏྲིས༌, "ཁྱོ༌ཞ༌གུན༌ནི༌ བུང༌སར༌བོ༌ ཀྲོལ༌ཏེ༌ ཅི༌ ཅོས༌ཏེ༌ ཨིན༌?" ཡེ༌ཤུའི༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཁོང༌གུན༌ནི༌ ལན༌ཏངས༌པ༌, ཁོང༌གུན༌ལ༌ བུང༌སར༌བོ༌ ཁྱེར༌ཅུགས༌། ཏེ༌ནེ༌ ཁོང༌གུན༌ནི༌ བུང༌སར༌བོ༌ ཡེ༌ཤུ༌ ཡོད༌ས༌ ཁྱོངས༌ཏེ༌ ཁོང༌རང༌གུན༌ནི༌ ཀོས༌ ཏེ༌བོའ༌ སྟདས༌ ཡང༌ ཡེ༌ཤུ༌ ཏེ༌བོའེ༌ཀ༌ ཞོན༌ན༌ ཛདས༌།
མི༌ མང༌པོ༌ཞིག༌གི༌ རང༌རང༌ངི༌ ཀོས༌ ཡེ༌ཤུ༌ སྐྱོད༌སའེ༌ ལམ༌མི༌ཀ༌ ཏིངས༌, ཡང༌ ཞན༌གུན༌ནི༌ ཞིང༌ངི༌ ཐའ༌མའ༌ ཡོད༌ཁན༌ནི༌ ལྕང༌མའེ༌ ཡལ༌ག༌ ཅད༌ཏེ༌ ཏིངས༌། ཡེ༌ཤུའི༌ དུན༌ནེ༌ གྲུལ༌ཁན༌ ཡང༌ གྱབ༌ནེ༌ ཡོང༌ཁན༌ གུན༌ནི༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌།
"དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌།
གཙོ༌བོ༌ དཀོན༌མཆོག༌གི༌ ཝང༌ཆའེ༌ ནང༌ང༌ སྐྱོད༌ཁན༌བོ༌ ཅིན༌ལབས༌ཅན༌།
10 ང༌དང༌གུན༌ནི༌ ཕ༌མེས༌པོ༌ དཱ༌བིད༌དི༌ ཡོང༌ཅེས༌ཅན༌ནི༌
གྱལ༌སྲིད༌ལ༌ ཅིན༌ལབས༌ སལ༌ཤིག༌།
ནམ༌ཁའེ༌ ཐོ༌ཤོག༌ག༌ ཞུགས༌ཁན༌ནི༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌། "
11 ཡེ༌རུ༌ཤ༌ལེམ༌མི༌ ནང༌ཀུག༌ག༌ ལེབ༌བ༌ཅིག༌ ཡེ༌ཤུ༌ ཆོད༌ཁང༌ངི༌ ནང༌ང༌ སྐྱོདས༌། ཁོང༌ངི༌ ཀ༌རུང༌ས༌ ཟིགས༌, ཨིན༌ནའང༌ ཕི༌ཏོག༌ གོར༌ཏེ༌ ཨིན༌ པ༌སང༌, ཁོང༌ ལོབ༌ཕྲུགས༌ ཅུག༌ཉིས༌ ཉམ༌པོ༌ བེད༌ཐཱ༌ནིའ༌ ལོགས༌ཏེ༌ སྐྱོདས༌།
ཡེ༌ཤུའི༌ ཕིག༌གི༌ ལྕང༌མ༌ ངན༌ ཏབ༌བ༌ ཛདས༌།
11:12 ནེ༌ 14
12 སྟིང༌མ༌ཞག༌གི༌ ང༌མོ༌, ཁོང༌གུན༌ བེད༌ཐཱ༌ནི༌ནེ༌ སྐྱོད༌ ཟ༌ནེ༌ གཙོ༌བོ༌ ཡེ༌ཤུ༌ སྟོགས༌ས༌ ཛདས༌། 13 ཁོང༌ངི༌ འ༌ཟམ༌ཤིག༌ག༌ ཕིག༌ ཁ༌ཟས༌སི༌ ལྕང༌མ༌ ལོ༌མའེ༌ གངས༌ཏེ༌ ཡོད༌ཁན༌ཞིག༌ ཟིགས༌, ཏེ༌ཀ༌ ཁ༌ཟས༌ ཡོད༌གྲོ༌ སམས༌ཏེ༌ ཟིགས༌ས༌ལ༌ སྐྱོདས༌། ཨིན༌ནའང༌ དུན༌ལ༌ ལེབ༌བ༌ཅིག༌, ཁོང༌ངི༌ ལོ༌མ༌ མ༌ནེ༌ ཁ༌ཟས༌ མ༌ཟིགས༌, ཅིའ༌ཟེར༌ན༌ ཁ༌ཟས༌ སྨིན༌ཅེས༌སི༌ ཏུས༌པོ༌ མ༌ལེབ༌བ༌ ཨིན༌པིན༌། 14 ཏེ༌ནེ༌ ཁོང༌ངི༌ ལྕང༌མའ༌ མོལས༌, "ཏ༌ནེ༌ཕར༌ལ༌ སུ༌ཞིག༌གིའང༌, ཁྱོ༌རང༌ངི༌ ཀ༌ནེ༌ ཁ༌ཟས༌ མི༌ཟ༌" ཡང༌ ཁོང༌ངི༌ མོལ༌ཁན༌བོ༌ ལོབ༌ཕྲུགས༌གུན༌ནི༌ ཚོར༌།
ཡེ༌ཤུའི༌ ཆོད༌ཁང༌ རྩང༌མ༌ ཛདས༌།
11:15 ནེ༌ 26
15 ཁོང༌གུན༌ ཡེ༌རུ༌ཤ༌ལེམ༌མ༌ ལོགས༌ཏེ༌ སྐྱོདས༌, ཏེ༌རུ༌ ལེབ༌བ༌ཅིག༌ ཡེ༌ཤུ༌, ཆོད༌ཁང༌ང༌ སྐྱོད༌ཏེ༌ སྲོག༌ཆོད༌ལ༌ ཕུལ༌ཅེས༌སི༌ སེམས༌ཅན༌ ཙོང༌ཁན༌ དང༌ ཉོ༌ཁན༌ གུན༌ ཕིང༌ཅེས༌ གོ༌ཟུག༌ ཛདས༌། པེ༌ནེ༌ ཞེབ༌ཁན༌ནི༌ ཅོག༌ཙེ༌གུན༌ དང༌ ཕུར༌གོན༌ ཙོང༌ཁན༌ནི༌ ཕོས༌སྟག༌གུན༌ ལོག༌ག༌ ཛདས༌, 16 ཡང༌ ཁོང༌ངི༌ ཆོད༌ཁང༌ངི༌ ནང༌ང༌ ཚོང༌ངི༌ ཅ༌ལག༌ འ༌ངོ༌ འི༌ངོ༌ ཁྱེར༌ཁན༌ ཚང༌མ༌ སྒག༌ག༌ ཛདས༌།
17 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "དམ༌པའེ༌ སུང༌རབས༌སི༌ ནང༌ང༌ དཀོན༌མཆོག༌གི༌ མོལ༌ལ༌ ཛད༌ཏེ༌ དུག༌, 'ངའེ༌ ཁང༌པའ༌ གྱལ༌ཁམས༌ ཚང༌མའེ༌ མི༌གུན༌ནི༌ མོས༌ལམ༌ ཞུས༌སེ༌ ཁང༌པ༌ ཟེར༌ཨིན༌', ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ཏེ༌བོ༌ ཅག༌པ༌གུན༌ནི༌ བའོ༌ ཅོས༌ཏེ༌ དུག༌། "
18 བླ༌མ༌ འུ༌སྐྱོང༌གུན༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌, ཡེ༌ཤུའི༌ ཛད༌ཁན༌བོ༌ ཚོར༌ར༌ཅིག༌, ཁོང༌གུན༌ནི༌ ཁོང༌ སད༌ཅེས༌སི༌ ཐབས༌ ཙལ༌ཅེས༌ གོ༌ཟུགས༌། ཨིན༌ནའང༌ ཁོང༌གུན༌ ཁོང༌ང༌ ཇིགས༌སད༌པིན༌, ཅིའ༌ཟེར༌ན༌ ཡེ༌ཤུའི༌ ཤེས༌རབས༌ཅན༌ནི༌ ལབ༌ཞ༌ སལ༌ཁན༌བོའེ༌ཀ༌ མི༌ཚོགས༌ གང༌པོ༌ ཧ༌ལས༌ཏེ༌ ཡོད༌པིན༌།
19 ཕི༌ཏོག༌ ལེབ༌བ༌ཅིག༌, ཡེ༌ཤུ༌ དང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ གྱལ༌ས༌ནེ༌ བིངས༌ཏེ༌ སྐྱོདས༌།
20 སྟིང༌མ༌ཞག༌ག༌ ང༌མོ༌, ཁོང༌གུན༌ ཡེ༌ཤུའི༌ ངན༌ ཏབ༌བ༌ ཛད༌ཁན༌ནི༌ ཕིག༌གི༌ ལྕང༌མའེ༌ དུན༌ནེ༌ ཆའ༌ཅིག༌, ལོབ༌ཕྲུགས༌གུན༌ནི༌ ཏེ༌བོ༌ པ༌ཀྲག༌ནེ༌ ཕར༌ལ༌ སྐམས༌ཏེ༌ ཐོང༌། 21 ཡེ༌ཤུའི༌ མོལ༌ལ༌ ཛད༌ཁན༌བོ༌, པི༌ཏྲར༌ལ༌ ཨིད༌ཏུ༌ ཡོངས༌ཏེ༌ ཁོང༌ང༌ ཟེརས༌, "ལོབ༌པོན༌ལེ༌ ཟིགས༌སའང༌, ཉེ༌རང༌ངི༌ ངན༌ ཏབ༌བ༌ ཛད༌ཁན༌ནི༌ ཕིག༌གི༌ ལྕང༌མ༌བོ༌ སྐམས༌ཏོག༌།"
22 ཡེ༌ཤུའི༌ ལན༌སལས༌, "དཀོན༌མཆོག༌གི༌ ནང༌ང༌ ཏད༌པ༌ ཅོས༌། 23 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, གལ༌ཏེས༌ ཁྱོ༌ཞའེ༌ འི༌ རི༌བོའ༌, 'སོང༌ ཡང༌ ཁྱོ༌རང༌ ཚོའེ༌ ནང༌ང༌ ཕོང༌' ཟེར༌ན༌, ཡང༌ སྙིང༌ངི༌ ནང༌ང༌ ཐེ༌ཚོམས༌ མ༌ཅོའ༌ ཟེར༌ཁན༌བོ༌ གྲུབ༌བ༌ནོག༌ སམས༌ཏེ༌ ཏད༌པ༌ ཅོ༌ན༌, ཏེ༌བོ༌ ཁྱོ༌ཞའེ༌ ཕིའ༌ ཅོའ༌ ཛད༌ཨིན༌། 24 ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌རད༌, ཁྱོ༌ཞའེ༌ མོས༌ལམ༌མི༌ ནང༌ང༌ ཅི༌ཞིག༌ ཞུ༌ནའང༌ ཏེ༌བོ༌ ཐོབ༌ཚར༌ཏེ༌ ཨིན༌ སམས༌ཏེ༌ ཏད༌པ༌ ཅོ༌ན༌, ཏེ༌བོ༌ ཁྱོ༌ཞ༌གུན༌ལ༌ ཐོབ༌ཨིན༌། 25 ཨིན༌ནའང༌ ཁྱོ༌རང༌གུན༌ནི༌ མོས༌ལམ༌ ཕུལ༌ ཟ༌ནེ༌, གོ༌མ༌ ཁྱོ༌ཞའེ༌ གྱབ༌གལ༌ལ༌ ངན༌པ༌ ཅོས༌ཏེ༌ ཡོད༌ཁན༌གུན༌ལ༌ ཤགས༌པ༌ ཏོང༌ཤིག༌། ཏེ༌ནེ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ནི༌ ཁྱོ༌ཞའེ༌ ཡབ༌བི༌, ཁྱོ༌ཞ༌གུན༌ནི༌ སྡིག༌པ༌གུན༌ལའང༌ ཤགས༌པ༌ སལ༌ལ༌ ཛད༌ཨིན༌། 26 §
ཡེ༌ཤུའི༌ ཝང༌ཆའེ༌ སྐོར༌ལ༌ གྲོས༌དུར༌།
11:27 ནེ༌ 33
27 ཡང༌སྐྱར༌ ཁོང༌གུན༌ ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ལེབ༌, ཡེ༌ཤུ༌ ཆོད༌ཁང༌ངི༌ གྱང༌སྐོར༌རི༌ ནང༌ང༌, ཞབ༌གྲུལ༌ལ༌ སྐྱོད༌ ཟ༌ནེ༌ བླ༌མ༌ འུ༌སྐྱོང༌གུན༌, ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ དང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ 28 ཏྲིས༌, "ཀ༌ ཝང༌ཆ༌ ཉམ༌པོ༌ ཁྱོ༌རང༌ངི༌ འི༌གུན༌ ཅོའད༌ ཡང༌ ཁྱོ༌རང༌ང༌ འི༌ ཝང༌ཆ༌ སུའི༌ ཏངས༌?"
29 ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངེའང༌ ཁྱོ༌ཞ༌གུན༌ལ༌ ཏྲི༌ཝ༌ཞིག༌ ཏྲི༌ཨིན༌, གལ༌ཏེས༌ ཁྱོ༌ཞའེ༌ ལན༌ཏང༌ན༌, ཏེ༌ནེ༌ ངེའང༌ ཀ༌ ཝང༌ཆ༌ གྱུད༌ཏེ༌ འི༌གུན༌ ཅོའད༌ ཁྱོ༌ཞའ༌ ཤད༌ཨིན༌། 30 ངའ༌ ཤོད༌དའང༌, ཡོ༌ཧཱ༌ནན༌ལ༌ ཁྲུས༌སལ༌ཅེས༌སི༌ ཝང༌ཆ༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཐོབ༌ཏེ༌ ཨིན༌ནོག༌ག༌ ཡ༌ མི༌ ཆོགས༌ནེ༌?"
31 ཁོང༌གུན༌ནི༌ ཁོ༌རང༌གུན༌ནི༌ ཕྲོའ༌ སྤེ༌ར༌ ཏངས༌ཏེ༌ ཟེརས༌, "གལ༌ཏེས༌ དཀོན༌མཆོག༌གི༌ ཆོགས༌ནེ༌ ཨིན༌ནོག༌ ཟེར༌ན༌ ཁོའེ༌ ང༌དང༌ང༌, ཁྱོ༌ཞའེ༌ ཁོའེ༌ཀ༌ ཨིད༌ཤེས༌ ཅིའ༌ མ༌ཅོས༌པིན༌ ཟེར༌ཨིན༌? 32 ཨིན༌ནའང༌ ང༌དང༌ངི༌ མིའི༌ ཆོགས༌ནེ༌ ཨིན༌ནོག༌ ཟེར༌ཅེས༌སི༌ ཧམ༌པ༌ ཅོའ༌ད༌?" ༼ཁོང༌གུན༌ མི༌ཚོགས༌ལ༌ ཇིགས༌སད༌པིན༌, ཅིའ༌ཟེར༌ན༌ མི༌ཚང༌མའེ༌ ཡོ༌ཧཱ༌ནན༌ལ༌ ལུང༌སྟོན༌པ༌ རྩིའད༌པིན༌༽། 33 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཡེ༌ཤུའ༌ ལན༌ཏངས༌, "ང༌ཞའ༌ གྱུས༌མེད༌།"
ཏེ༌ནེ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ངེའང༌ མི༌ཤད༌, སུའི༌ ཝང༌ཆའེ༌ ནང༌ང༌ ངའེ༌ འི༌གུན༌ ཅོའད༌།"
* 11:1 འི༌ རི༌བོའི༌ཀ༌ ཨོ༌ལིཝ༌ཝི༌ ལྕང༌མ༌ མང༌པོ༌ སྐྱེས༌ཏེ༌ ཡོད༌པ༌ འི༌བོའ༌ ཨོ༌ལིཝ༌ཝི༌ རི༌ ཟེར༌རད༌པིན༌། 11:10 སུང༌གུར༌རི༌ སྤེ༌ཆའེ༌ 118:25,26; 148:1 11:17 ཡེ༌ཤ༌ཡཱའེ༌ སྤེ༌ཆའེ༌ 56:7; ཡེ༌རེམ༌ཡཱའི༌ སྤེ༌ཆའེ༌ 7:11 § 11:26 སྔུན༌མའེ༌ སྤེ༌ཆ༌ ཁ༌ཅིག༌གི༌ ནང༌ང༌ 11:26 "ཨིན༌ནའང༌ གལ༌ཏེས༌ ཁྱོ༌ཞའེ༌ ཤགས༌པ༌ མ༌ཏང༌ན༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ནི༌ ཁྱོ༌ཞ༌གུན༌ནི༌ ཡབ༌བི༌ ཁྱོ༌ཞ༌གུན༌ནི༌ སྡིག༌པ༌གུན༌ལའང༌ ཤགས༌པ༌ སལ༌ལ༌ མི༌ཛད༌" ཡོད༌ཏེ༌ ཨིན༌ནོག༌།