12
ཞིང༌བད༌པ༌ ངན༌པ༌གུན༌ནི༌ རུངས༌།
12:1 ནེ༌ 12
1 ཏེ༌ནེ༌ གཙོ༌བོ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ རུངས༌གུན༌ གྱུད༌ཏེ༌ ལབ༌ཅེས༌ གོ༌ཟུག༌ ཛདས༌, "མི༌ཞིག༌གི༌ ཁོ༌རང༌ངི༌ ཞིང༌ང༌ རྒུན༌ ཙུགས༌ཏེ༌ གྱང༌སྐོར༌ ཏངས༌། རྒུན༌ ཙིར༌སའེ༌ ནས༌ས༌ བྲུས༌, ཡང༌ རྒུན༌ཚས༌ལ༌ ལྟ༌ཅེས༌སི༌ ཕིའ༌ པི༌འུ༌ རྩིགས༌། ཏེ༌ནེ༌ རྒུན༌ཚས༌པོ༌ ཞན༌ ཞིང༌བད༌པ༌གུན༌ལ༌ ཤས༌ལ༌ ཏང༌ཏེ༌ ཁོ༌རང༌ ཞན༌ཡུལ༌ཞིག༌ག༌ དུག༌ག༌ སོང༌།
2 སྟོན༌ཐོག༌གི༌ ཏུས༌ལ༌ ཤིང༌ཏོག༌གི༌ སྐལ༌ལ༌ ལེན༌ན༌ལ༌ ཁོའེ༌ ཁོ༌རང༌ངི༌ ཡོག༌པོ༌ཞིག༌ ཤས༌ལ༌ ཏང༌ཁན༌གུན༌ནི༌ཀ༌ ལམ༌ཅུགས༌།
3 ཨིན༌ནའང༌ ཁོང༌གུན༌ནི༌ ཡོག༌པོ༌བོ༌ ཟུམས༌ཏེ༌ རྡུངས༌, ཡང༌ ཁོ༌ ལག༌སྟོང༌ང༌ ལོགས༌ཏེ༌ ལམ༌ཅུགས༌།
4 ཞིང༌ངི༌ དག༌པོའེ༌ ཞན༌ཡང༌ ཡོག༌པོ༌ཞིག༌ ལམ༌ཅུགས༌, ཨིན༌ནའང༌ ཁོང༌གུན༌ནི༌ ཁོའེ༌ གོ༌ རྡུངས༌ ཡང༌ ཁྲེལ༌བ༌ སྟནས༌།
5 ཞན༌ཡང༌ ཡོག༌པོ༌ ལམ༌ཅུག༌ཁན༌བོ༌ སདས༌། ཁོའེ༌ ཞན༌ ཡོག༌པོ༌ མང༌པོ༌ ལམ༌ཅུག༌ཁན༌གུན༌ནའང༌ ཏེན༌ན༌ ཙོགས༌ ཅོས༌, ཁ༌ཅིག༌ག༌ རྡུངས༌, ཡང༌ ཁ༌ཅིག༌ སདས༌།
6 ཏ༌ ལམ༌ཅུག༌ག༌ལ༌ ཅིག༌ཅིག༌ ལུས༌ཏེ༌ ཡོད༌པིན༌, ཁོ༌རང༌ངི༌ ཅེས༌པ༌ ཅོ༌ཁན༌ནི༌ བུ༌ཚ༌། སྟིང༌ཇུག༌ག༌ ཞིང༌ དག༌པོའེ༌ ཁོ༌ ལམ༌ཅུགས༌ཏེ༌, 'ཁོང༌གུན༌ནི༌ ཏན༌ཏན༌ལ༌ ངའེ༌ བུ༌ཚའ༌ རྩི༌ཝ༌ ཅོའ༌ནོག༌' སམ༌།"
7 "ཨིན༌ནའང༌ ཤས༌པ༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, 'འི༌ ཞིང༌ ནོར༌སྐལ༌ལ༌ ཐོབ༌ཅེས༌ཅན༌བོ༌ ཡོང༌ང༌ལ༌, ཡོང༌ཤིག༌, ཁོ༌ སད༌ཨིན༌ ཏེ༌ནེ༌ ཁོའེ༌ ནོར༌སྐལ༌བོ༌ ང༌དང༌ང༌ ཐོབ༌ཨིན༌།'
8 ཏེ༌བོའེ༌ཕིའ༌ ཁོང༌གུན༌ནི༌ ཁོ༌ ཟུམས༌ཏེ༌ སདས༌, ཡང༌ ཁོའེ༌ ཟུགས༌པོ༌བོ༌ རྒུན༌ཚས༌ནེ༌ ཕི༌ལོག༌ག༌ ཕངས༌ཏངས༌།"
9 ཡེ༌ཤུའི༌ ཏྲིའ༌ ཛདས༌, "ཏེ༌ནེ༌ རྒུན༌ཚས༌སི༌ དག༌པོའེ༌ ཅི༌ ཅོ༌ཨིན༌? ཁོ༌ ཡོངས༌ཏེ༌, ཤས༌པ༌གུན༌ སད༌ཨིན༌, ཡང༌ རྒུན༌ཚས༌པོ༌ ཞན༌ ཞིང༌བད༌པ༌ རིག༌ག༌ ཤས༌ལ༌ ཏང༌ཨིན༌།
10 ཅི༌ ཁྱོ༌ཞ༌གུན༌ནི༌ དམ༌པའེ༌ སུང༌རབས༌སི༌ ནང༌ནེ༌ འི༌བོ༌ མ༌སིལ༌པིན༌ན༌?
'ཀ༌ རྡོའ༌བོ༌ ཁང༌པ༌ རྩིག༌ཁན༌གུན༌ནི༌ ཕན༌མི༌ཐོགས༌ ཐེས༌,
ཏེན༌ན༌ རྡོའ༌བོ༌ ཁང༌པའེ༌ ཀྲུ༌རྡོའ༌བོ༌ གྱུར༌
ཀ༌བོ༌ ཚང༌མའེ༌སང༌ ཁག༌ཅན༌ རྡོའ༌བོ༌ ཨིན༌ནོག༌།
11 འི༌བོ༌ གཙོ༌བོའེ༌ ཅོའ༌ ཛད༌ཏེ༌ ཨིན༌ནོག༌,
ཏེ༌བོ༌ ཐོང༌ཏེ༌ ང༌དང༌ ཧ༌ལས༌ཨིན༌'།
12 བླ༌མ༌ འུ༌སྐྱོང༌གུན༌, ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ དང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ལ༌, ཡེ༌ཤུ༌ ཟུམ༌ཅེས༌སི༌ དོད༌པ༌ ཡོད༌པིན༌, ཅིའ༌ཟེར༌ན༌ རུངས༌པོ༌ ཁོང༌གུན༌ནི༌ གྱབ༌གལ༌ལ༌ ཤད༌ཏེ༌ ཨིན༌ཁན༌བོ༌ ཧ༌གོ༌། ཨིན༌ནའང༌ ཁོང༌གུན༌ མི༌ཚོགས༌ ཆེན༌མོའ༌ ཇིགས༌ཤེས༌པའེ༌ ཡེ༌ཤུ༌ བོར༌ཏེ༌ ཏེ༌ཀ༌ནེ༌ སོང༌།
རོམ༌མི༌ གྱལ༌པོའ༌ ཁྲལ༌།
12:13 ནེ༌ 17
13 སྟིང༌ནེ༌ འུ༌སྐྱོང༌གུན༌ནི༌, ཕ༌རུ༌ཤི༌པ༌ ཁ༌ཅིག༌ དང༌ ཧེ༌རོ༌དཱའི༌ ཆོགས༌པ༌ ཁ༌ཅིག༌ གཙོ༌བོ༌ ཡེ༌ཤུའི༌ མོལ༌ཁན༌ནི༌ སྤེ༌ར༌རིག༌ གྱུད༌ཏེ༌ ཁོང༌ ཁད༌ཅུག༌ཅེས༌ལ༌ ལམ༌ཅུགས༌།
14 ཁོང༌གུན༌ ཡོངས༌ཏེ༌ ཁོང༌ང༌ ཟེརས༌, "ལོབ༌པོན༌ལེ༌, ཉེ༌རང༌ དྲང༌པོ༌ ཛད༌ཁན༌བོ༌ ང༌ཞའ༌ གྱུས༌ཡོད༌། ཉེ༌རང༌ངི༌ མི༌ ནང༌ང༌ ཡ༌ཕེས༌ ཛད༌ད༌ མ༌ནོག༌ ཅིའ༌ཟེར༌ན༌ ཉེ༌རང༌ངི༌ ཁོང༌གུན༌ སུ༌ ཨིན༌ཁན༌བོའེ༌ཀ༌ སྣང༌ང༌ མ༌ཛད༌ད༌ དྲང༌པོ༌ ཉམ༌པོ༌ དཀོན༌མཆོག༌གི༌ ལམ༌མི༌ཀ༌ གྲུལ༌ཅེས༌ ལབ༌བ༌ ཛད༌ད༌ནོག༌། རོམ༌མི༌ གྱལ༌པོའ༌ ཁྲལ༌ ཤལ༌ཅེས༌པོ༌ འོས༌པ༌ ཨིན༌ནོག༌ག༌ ཡ༌ མ༌ནོག༌?
15 ང༌ཞ༌གུན༌ནི༌ ཁྲལ༌ ཤལ༌གོས༌ས༌ ཡ༌ མ༌གོས༌?"
ཁོང༌གུན༌ནི༌ ཁ༌ཆོས༌ ཅོ༌ཁན༌བོ༌ ཁྱེན༌ཏེ༌ ཡེ༌ཤུའི༌ མོལས༌, "ཅིའ༌ ང༌ སྤེ༌རའེ༌ ནང༌ང༌ སྐར༌ཅེས༌སི༌ རྩོན༌གྲུས༌ ཅོའད༌? རོམ༌པའེ༌ མུལ༌ལི༌ པེ༌ནེ༌ཞིག༌ ཁྱོངས༌ཏེ༌ ངའ༌ སྟོན༌ནའང༌།"
16 ཁོང༌གུན༌ནི༌ པེ༌ནེ༌ཞིག༌ ཁྱོངས༌, ཡང༌ ཁོང༌ངི༌ ཏྲིའ༌ ཛདས༌, "འི༌ པེ༌ནེ༌ཀ༌ ཡོད༌ཁན༌ནི༌ པར༌ དང༌ མིང༌ སུའི༌ ཨིན༌ནོག༌?"
ཁོང༌གུན༌ནི༌ ལན༌ཏངས༌, "རོམ༌མི༌ གྱལ༌པོའེ༌།"
17 ཏེ༌ནེ༌ ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, "གྱལ༌པོའེ༌ ཨིན༌ཁན༌བོ༌ གྱལ༌པོའ༌ ཏོང༌ ཡང༌ དཀོན༌མཆོག༌གི༌ ཨིན༌ཁན༌བོ༌ དཀོན༌མཆོག༌ག༌ ཕུལ༌།" ཁོང༌ངི༌ ལན༌ སལ༌ཁན༌བོའེ༌ཀ༌, ཁོང༌གུན༌ མ༌སྲན༌ཏྲེ༌ ཧ༌ལས༌།
སོན༌ཏེའ༌ ལང༌ཅེས༌སི༌ སྐོར༌ལ༌ ཏྲི༌ཝ༌།
12:18 ནེ༌ 27
18 ཏེ༌ནེ༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ མ༌ནོག༌ ཟེར༌ཁན༌ནི༌ སད༌དུ༌ཀི༌པ༌གུན༌ ཡེ༌ཤུ༌ ཡོད༌ས༌ ཏྲི༌ཝ༌ཞིག༌ ཏྲིའ༌ལ༌ ཡོངས༌ ཡང༌ ཟེརས༌,
19 "ལོབ༌པོན༌ལེ༌ མོ༌ཟེས༌སི༌ ང༌དང༌གུན༌ལ༌ ཁྲིམས༌ཤིག༌ སལ༌ལ༌ ཛད༌ཏེ༌ དུག༌, གལ༌ཏེས༌ བུ༌ཚ༌ཞིག༌ ཕྲུ༌གུ༌ མེད༌པ༌ ཤི༌ན༌, ཨ༌ཅོ༌ ཡ༌ ནོ༌བོའེ༌ ཁོའེ༌ མིར༌གྱུད༌ ལུས༌ཤེས༌སི༌ ཕིའ༌ ཤི༌ཁན༌ནི༌ ན༌མ༌ ཉམ༌པོ༌ བག༌སྟོན༌ ཅོས༌ཏེ༌ ཕྲུ༌གུ༌ ཇོར༌ཅུག༌ གོས༌།
20 ཏ༌ ཨ༌ཅོ༌ནོ༌ རྡུན༌ ཡོད༌པིན༌, ཨ༌ཅོ༌ ཆེ༌ཤོག༌པོའེ༌ བག༌མ༌ ཅོས༌, ཡང༌ ཕྲུ༌གུ༌ མེད༌པ༌ ཤི༌།
21 ཏེ༌ནེ༌ ནོ༌ ཉིས༌པ༌བོའེ༌, ཏེན༌ན༌ བུ༌མོ༌ ཉམ༌པོ༌ ན༌མ༌ ཅོས༌, ཨིན༌ནའང༌ ཁོའང༌ ཕྲུ༌གུ༌ མེད༌པ༌ ཤི༌། ཏེན༌ན༌ ཙོགས༌ སུམ༌པ༌བོ༌ ཉམ༌པོ༌ སོང༌
22 མ༌ཚད༌ ཁོང༌ རྡུན༌ཀོ༌ ཕྲུ༌གུ༌ མེད༌པ༌ ཤི༌, ཡང༌ སྟིང༌ཇུག༌ག༌ བུ༌མོ༌བོའང༌ ཤི༌།
23 བུ༌མོ༌བོའེ༌ ཁོང༌ རྡུན༌ཀོ༌ ཉམ༌པོ༌ ན༌མ༌ ཅོས༌པ༌, ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ངི༌ ཏུས༌ལ༌ ཁོ༌ ཁོང༌གུན༌ནི༌ ནང༌ནེ༌ སུའི༌ ན༌མ༌ གྱུར༌ཨིན༌?"
24 ཡེ༌ཤུའི༌ མོལས༌, "ཁྱོ༌ཞའེ༌ ནོར༌ཁྲུལ༌བོ༌ ནི༌ ཁྱོ༌ཞ༌གུན༌ལ༌ དཀོན༌མཆོག༌གི༌ སྟོབས༌ ཡ༌ དམ༌པའེ༌ སུང༌རབས༌པོ༌ ཧ༌མ༌གོའ༌ ཨིན༌ནོག༌།
25 དཀོན༌མཆོག༌གི༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ ཛད༌ ཟ༌ནེ༌, ཁོང༌གུན༌ནི༌ ན༌མ༌ མི༌ཅོ༌ ཡ༌ བག༌མ༌ མི༌ཏང༌, ཁོང༌གུན༌ ནམ༌ཁའེ༌ ཕོ༌ཉ༌ ཙོགས༌ གྱུར༌ཨིན༌།"
26 "ཨིན༌ནའང༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ཅེས༌སི༌ སྐོར༌བོ༌, ཁྱོ༌ཞ༌གུན༌ནི༌ མོ༌ཟེས༌སི༌ བྲིས༌ཏེ༌ ཡོད༌ཁན༌ནི༌ སྤེ༌ཆའེ༌ ནང༌ང༌ མ༌སིལ༌པིན༌ན༌? བུར༌ཙེ༌ མེའ༌ བར༌ཁན༌ནི༌ རུངས༌སི༌ ནང༌ང༌ དཀོན༌མཆོག༌གི༌ མོ༌ཟེས༌ལ༌ མོལ༌ལ༌ ཛདས༌, "ང༌ ནི༌, ཨབ༌ར༌ཧམ༌མི༌ དཀོན༌མཆོག༌, ཨི༌སཱག༌གི༌ དཀོན༌མཆོག༌ དང༌ ཡ༌ཀོབ༌བི༌ དཀོན༌མཆོག༌ ཨིན༌། "
27 ཁོང༌ ནི༌ ཤི༌ཁན༌གུན༌ནི༌ དཀོན༌མཆོག༌ མན༌པ༌, སོན༌པོ༌གུན༌ནི༌ དཀོན༌མཆོག༌ ཨིན༌ནོག༌། ཁྱོ༌ཞ༌གུན༌ནི༌ ནོར༌ཁྲུལ༌ ཆེན༌མོ༌ ཅོས༌ཏེ༌ ཨིན༌ནོག༌།"
བཀའ༌རྒྱ༌ ཚང༌མའེ༌སང༌ ཁག༌ཅན༌།
12:28 ནེ༌ 34
28 གྲོས༌དུར༌ལ༌ ཉན༌ཨིན༌, ཏེ༌རུ༌ ཆོས༌ཁྲིམས༌ལ༌ ཁས༌པ༌ཞིག༌ ཡོད༌པིན༌། གཙོ༌བོ༌ ཡེ༌ཤུའི༌ ལན༌ གྱལ༌ལ༌ སལ༌ཁན༌བོ༌ ཚོར༌ཏེ༌ ཁོའེ༌ ཡེ༌ཤུའ༌ ཏྲིས༌, "བཀའ༌རྒྱ༌ ཚང༌མའེ༌ ནང༌ནེ༌ ཀ༌བོ༌ ཚང༌མའེ༌སང༌ ཁག༌ཅན༌ ཨིན༌ནོག༌?"
29 ཡེ༌ཤུའི༌ ལན༌སལས༌, "ཚང༌མའེ༌སང༌ བཀའ༌རྒྱ༌ ཁག༌ཅན༌བོ༌ ནི༌ འི༌བོ༌ ཨིན༌ནོག༌ 'ཉོན༌ ཝ༌ ཨིས༌ར༌ཨེལ༌པ༌གུན༌, གཙོ༌བོ༌ ང༌དང༌གུན༌ནི༌ དཀོན༌མཆོག༌, གཙོ༌བོ༌ ཅིག༌ཅིག༌ ཞུགས༌ཏེ༌ ཨིན༌ནོག༌།
30 གཙོ༌བོ༌ ཁྱོ༌ཞའེ༌ དཀོན༌མཆོག༌ག༌ སྙིང༌ གང༌པོ༌, སེམས༌ གང༌པོ༌, སམ༌བ༌ གང༌པོ༌ དང༌ སྟོབས༌ གང༌པོ༌ནེ༌ ཅེས༌པ༌ ཅོས༌།'
31 ཉིས༌པ༌བོ༌, 'རང༌ང༌ ཅེས༌པ༌ ཅོ༌ཁན༌ ཙོགས༌ ཁྱོ༌རང༌ངི༌ ཁྱིམ༌ཚེས༌པ༌ ཅམས༌པ༌ ཅོས༌', འི༌གུན༌ནི༌ སང༌ ཆེའ༌ ཞན༌ཡང༌ བཀའ༌རྒྱ༌ཞིག༌ མེད༌།"
32 ཆོས༌ཁྲིམས༌ལ༌ ཁས༌པ༌བོའེ༌ ལན༌ཏངས༌, "གྱལ༌ལ༌ མོལས༌ ལོབ༌པོན༌ལེ༌, ཉེ༌རང༌ངི༌ དཀོན༌མཆོག༌ ཅིག༌ཅིག༌ མ༌ནེ༌, ཞན༌ཡང༌ མེད༌ཏེ༌ ཨིན༌ནོག༌ མོལ༌ཅེས༌པོ༌ དྲང༌པོ༌ མོལ༌ཏེ༌ ཨིན༌ནོག༌།
33 མེ༌ ནང༌ང༌ ཆོད༌པ༌ དང༌ སྲོག༌གི༌ ཆོད༌པ༌ ཚང༌མ༌ ཕུལ༌ཅེས༌སི༌ སང༌ མང༌ང༌ ཁག༌ཅན༌ དཀོན༌མཆོག༌ག༌ སྙིང༌ གང༌པོ༌, ཧ༌གོ༌ གང༌པོ༌ དང༌ སྟོབས༌ གང༌པོ༌ནེ༌ ཅམས༌པ༌ ཅོ༌ཅེས༌ མ༌ཚད༌ རང༌ང༌ ཅམས༌པ༌ ཅོ༌ཁན༌ ཙོགས༌ ཁྱོ༌རང༌ངི༌ ཁྱིམ༌ཚེས༌པ༌ ཅམས༌པ༌ ཅོ༌གོ༌ཤེས༌པོ༌ ཨིན༌ནོག༌།"
34 ཁོའེ༌ མ༌ ཤེས༌རབས༌ཅན༌ནི༌ ལན༌ཏང༌ཁན༌བོ༌ ཁྱེན༌ན༌ ཛད༌ཏེ༌ ཡེ༌ཤུའི༌ ཁོའ༌ མོལས༌, "ཁྱོ༌རང༌ དཀོན༌མཆོག༌གི༌ གྱལ༌སྲིད༌ནེ༌ ཐག༌རིང༌ང༌ མི༌དུག༌།" ཏེ༌ ཞག༌ནེ༌ ཕར༌ལ༌ སུ༌ཞིག༌གིའང༌ ཁོང༌ང༌ ཏྲི༌ཝ༌ ཏྲི༌ཅེས༌སི༌ ཧམ༌པ༌ མ༌ཅོས༌།
མ༌ཤི༌ཀ༌ སུའི༌ པུར༌གྱུད༌ ཨིན༌།
12:35 ནེ༌ 40
35 གཙོ༌བོ༌ ཡེ༌ཤུའི༌ མི༌གུན༌ལ༌ ཆོད༌ཁང༌ངི༌ ནང༌ང༌ ལབ༌ཞ༌ སལ༌ ཟ༌ནེ༌, ཁོང༌ངི༌ ཏྲིའ༌ ཛདས༌, "ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌ དཀོན༌མཆོག༌གི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀ༌, གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ ཨིན༌ནོག༌ ཀ༌ཟུག༌གི༌ ཟེར༌ར༌ནོག༌?
36 དཱ༌བིད༌, ཁོ༌རང༌ངི༌ དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ འི༌ཟུག༌ ཟེརས༌,
'དཀོན༌མཆོག༌གི༌ ངའེ༌ གཙོ༌བོའ༌ མོལས༌,
ངའེ༌ ཁྱོ༌རང༌ངི༌ གྲ༌འོ༌ ཚང༌མ༌,
ཁྱོ༌རང༌ངི༌ རྐང༌པའེ༌ ཕོས༌སྟག༌ ཅོ༌ཅོ༌ ཚག༌པ༌,
ཁྱོ༌རང༌ ངའེ༌ ལག༌པ༌ ཡས༌པའེ༌ ཁྲིས༌སི༌ཀ༌ དུག༌།'
37 "གལ༌ཏེས༌ དཱ༌བིད༌དི༌ མ༌ཤི༌ཀའ༌ 'གཙོ༌བོ༌' ཟེར༌རད༌ན༌, ཏེ༌ནེ༌ ཀ༌ཟུག༌གི༌ མ༌ཤི༌ཀ༌ ཁོའེ༌ པུར༌གྱུད༌ ཨིན༌ནོག༌?" མི༌ཚོགས༌ ཆེན༌མོའེ༌ ཁོང༌ང༌ ཐད༌པོ༌ ཉམ༌པོ༌ ཉན༌ནད༌པིན༌།
38 ལབ༌ཞ༌ སལ༌ ཟ༌ནེ༌ ཡེ༌ཤུའི༌ མོལས༌, "ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌ ཀ༌ནེ༌ ཤང༌ ཅོས༌། ཁོང༌གུན༌ ཆོས༌སི༌ ཀོས༌ལག༌ ཐུལ༌ཅན༌ གོན༌ཏེ༌ གྲུལ༌ལ༌ལ༌, ཡང༌ ཁྲོམས༌སི༌ ནང༌ང༌ མི༌གུན༌ནི༌ ཀ༌ནེ༌ རྩི༌ཝ༌ ཐོབ༌ཅེས༌ལ༌ ཐད༌ད༌ནོག༌།
39 དུ༌ཁང༌ངི༌ ནང༌ང༌ རྩི༌ཝ༌ཅན༌ནི༌ ནས༌སའེ༌ཀ༌ ཡང༌ གྲོན༌ནི༌ ནང༌ང༌ གྲལ༌གོའ༌ དུག༌ག༌ལ༌ ཐད༌ད༌ནོག༌།
40 ཨ༌ནེ༌ མ༌རང༌མོ༌གུན༌ལ༌ གོབ༌སྐོར༌ཏེ༌ ཁོང༌ངི༌ ཁང༌པ༌གུན༌ ཁྱེར༌ཅེས༌, ཡང༌ མི༌གུན༌ལ༌ ལྟན༌ཅེས༌སི༌ ཕིའ༌ མོས༌ལམ༌ རིང༌མོ༌ ཞུ༌དུག༌། ཏེ༌བོའེ༌ ཞས༌ཏེ༌ ཁོང༌གུན༌ལ༌ ཆད༌པ༌ སྲན༌ཏྲེ༌ ཕོག༌ཨིན༌།
ཨ༌ནེ༌ མ༌རང༌མོའི༌ བུལ༌ལྡུས༌།
12:41 ནེ༌ 44
41 ཆོད༌ཁང༌ངི༌ ནང༌ང༌ གཙོ༌བོ༌ ཡེ༌ཤུ༌ པེ༌ནེ༌ ལྡུ༌ཅེས༌སི༌ སྒམ༌མི༌ དུན༌ལ༌ སའེ༌ཀ༌ ཞུགས༌ཏེ༌ ཏེ༌ནང༌ང༌ པེ༌ནེ༌ ཕུལ༌ཁན༌ནི༌ མི༌ཚོགས༌ལ༌ ཟིགས༌སད༌པིན༌། མི༌ ཆུག༌པོ༌ མང༌པོའེ༌ པེ༌ནེ༌ མང༌པོ༌ ཕུལས༌།
42 ཉལ༌བ༌ཅན༌ ཨ༌ནེ༌ མ༌རང༌མོ༌ཞིག༌ ཡོངས༌ཏེ༌ ཟངས༌སི༌ པེ༌ནེ༌ ཉིས༌ ཕུལས༌, ཀ༌བོ༌ རིན༌ཐང༌ མ༌ ཉུ༌ངུན༌ཅན༌ ཨིན༌པིན༌།
43 ཡེ༌ཤུའི༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ བོད༌ད༌ ཛདས༌ཏེ༌ མོལས༌, "ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, འི༌ ཨ༌ནེ༌ མ༌རང༌མོ༌ ཉལ༌བ༌ཅན༌བོའེ༌ བུལ༌ལྡུས༌སི༌ སྒམ༌མི༌ ནང༌ང༌ པེ༌ནེ༌ ཞན༌ ཚང༌མའེ༌ སང༌ མང༌ང༌ ཕུལས༌,
44 ཁོང༌ ཚང༌མའེ༌ ཁོ༌རང༌གུན༌ལ༌ མང༌པོ༌ ཡོད༌ཁན༌ནི༌ ནང༌ནེ༌ ཉུ༌ངུན༌ཞིག༌ ཏངས༌, ཨིན༌ནའང༌ འི༌ ཨ༌ནེ༌ མ༌རང༌མོ༌བོའེ༌ ཉལ༌བ༌ཅན༌ ཨིན༌ཏེའང༌ ཁོ༌ སོན༌ཏེའ༌ ལུས༌ཤེས༌སི༌ སྒོས༌དོམ༌ ཡོད༌ཁན༌ ཚང༌མ༌ ཏངས༌།"