18
ཡེ༌ཐོརོ༌ མོ༌ཟེས༌ལ༌ ཐུག༌ཅེས༌ལ༌ སོང༌།
18:1-27
མི༌དིའན༌པ༌ བླ༌མ༌, མོ༌ཟེས༌སི༌ ན༌མའེ༌ ཨ༌བ༌ ཡེ༌ཐོརོའ༌ དཀོན༌མཆོག༌གི༌ མོ༌ཟེས༌ དང༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཛད༌ཁན༌ ཚང༌མ༌ དང༌ ཡ༌ཝའེ༌ ཁོང༌གུན༌ ཨི༌ཇིབ༌ནེ༌ ཕིངས༌ཏེ༌ ཁྱོང༌ང༌ ཛད༌ཁན༌བོ༌ ཚོར༌། མོ༌ཟེས༌སི༌ ཁོ༌རང༌ངི༌ ན༌མ༌ ཟི༌པོ༌ར༌ དང༌ བུ༌ཚ༌ ཉིས༌ཀོ༌ ཡེ༌ཐོརོ༌, ཁོའེ༌ ན༌མའེ༌ ཨ༌བ༌ ཡོད༌ས༌ ལོགས༌ཏེ༌ ལམ༌ཅུགས༌ཏེ༌ ཨིན༌པིན༌། མོ༌ཟེས༌སི༌ བུ༌ཚ༌ ཅིག༌གི༌ མིང༌ གེར༌ཤོམ༌ * ཏགས༌ ཅིའ༌ཟེར༌ན༌ ཁོའེ༌ ཟེརས༌, “ང༌ ཞན༌ཡུལ༌ལི༌ མི༌ ཞན༌མའེ༌ ནས༌སའེ༌ ནང༌ང༌ ཨིན༌ནོག༌།” ཁོའེ༌ ཞན༌ བུ༌ཚ༌བོའེ༌ མིང༌ང༌ ཨེ༌ལི༌འ༌ཟར༌ ཏགས༌ ཅིའ༌ཟེར༌ན༌ ཁོའེ༌ ཟེརས༌, “ངའེ༌ ཨ༌བའེ༌ དཀོན༌མཆོག༌, ངའ༌ རོགས༌ ཛད༌ཁན༌བོ༌ ཨིན༌, ཁོང༌ངི༌ ང༌ ཨི༌ཇིབ༌བི༌ གྱལ༌པོའེ༌ ར༌འི༌ ནེ༌ སྐྱོབ༌བ༌ ཛདས༌།”
མོ༌ཟེས༌སི༌ ན༌མའེ༌ ཨ༌བ༌ ཡེ༌ཐོརོ༌, མོ༌ཟེས༌སི༌ ན༌མ༌ དང༌ བུ༌ཚ༌ ཉིས༌ཀོ༌ ཁོ༌ ཡོད༌ས༌ ཐང༌སྟོང༌ངི༌ ནང༌ང༌ ཡོངས༌ ཀ༌རུ༌ ཁོང༌གུན༌ ཏམ༌པའེ༌ རི༌ཀ༌ ཀུར༌ ཙུགས༌ཏེ༌ དུགས༌ཏེ༌ ཡོད༌པིན༌། ཡེ༌ཐོརོའེ༌ མོ༌ཟེས༌ལ༌ ལོན༌ ཀལས༌, “ང༌ ཁྱོ༌རང༌ངི༌ ན༌མའེ༌ ཨ༌བ༌ ཁྱོ༌རང༌ངི༌ ན༌མ༌ དང༌ བུ༌ཚ༌གུན༌ ཉམ༌པོ༌ ཡོང༌ངད༌།”
མོ༌ཟེས༌, ཁོ༌རང༌ངི༌ ན༌མའེ༌ ཨ༌བའ༌ ཐུག༌ག༌ལ༌ སོང༌ཏེ༌ ཁོའེ༌ དུན༌ལ༌ སྒུས༌ཏེ༌ ཁོའ༌ པུག༌ ཏངས༌། ཁོང༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཁམ༌ཟང༌ ཨིན༌ན༌ ཟེར༌ཏེ༌ ཏྲིས༌ ཡང༌ ཀུར༌རི༌ ནང༌ང༌ སོང༌། མོ༌ཟེས༌སི༌ ཁོའེ༌ ན༌མའེ༌ ཨ༌བའ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ ཡ༌ཝའེ༌ ཨི༌ཇིབ༌བི༌ གྱལ༌པོ༌ དང༌ ཁོའེ༌ མི༌གུན༌ལ༌ ཛདས༌ཁན༌ ཚང༌མ༌ ཡང༌ ཁོང༌གུན༌ལ༌ ལམ༌མ༌ བར༌དོ༌ ཐོང༌ཁན༌ ཨིན༌ནའང༌ ཡ༌ཝའེ༌ ཁོང༌གུན༌ སྐྱོབ༌བ༌ ཛད༌ཁན༌ ཚང༌མ༌ ཤདས༌།
ཡ༌ཝའེ༌ ཨིས༌ར༌ཨེལ༌པ༌གུན༌ ཨི༌ཇིབ༌པ༌གུན༌ནི༌ ཀ༌ནེ༌ སྐྱོབས༌ཏེ༌ ཁོང༌གུན༌ལ༌ གྱལ༌ལ༌ ཛད༌ཁན༌ ཚང༌མ༌ ཚོར༌ར༌ཅིག༌ ཡེ༌ཐོརོ༌ མ༌སྲན༌ཏྲེ༌ ཐད༌ཏེ༌ 10 ཟེརས༌, “ཡ༌ཝའ༌ སྟོད༌པ༌ ཕུལ༌, ཁོང༌ངི༌ ཁྱོ༌ཞའ༌ གྱལ༌པོ༌ དང༌ ཨི༌ཇིབ༌པ༌གུན༌ནི༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ཏེ༌ ཨིན༌ནོག༌། ཡ༌ཝའེ༌ ཁོང༌རང༌ངི༌ མི༌གུན༌ ཨི༌ཇིབ༌པ༌གུན༌ནི༌ ཚེ༌ཡོག༌ནེ༌ ཕིང༌ང༌ ཛདས༌། 11 ཏ༌ ང༌ ཧ༌གོ༌, ཞན༌གུན༌ནི༌ ཅོལ༌ཁན༌ནི༌ ལྷ༌ལྷ༌མོ༌ ཚང༌མའེ༌ སང༌ ཡ༌ཝ༌ ཀྲག༌ག༌ ཞུགས༌ཏེ༌ ཨིན༌ནོག༌ ཅིའ༌ཟེར༌ན༌ ཁོང༌ངི༌ ཕོ༌སོ༌ཅན༌ནི༌ ཨི༌ཇིབ༌པ༌གུན༌ནི༌ ཝང༌ངི༌ ཡོག༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབ༌བ༌ ཛདས༌།” 12 ཏེ༌ནེ༌ ཡེ༌ཐོརོའེ༌ དཀོན༌མཆོག༌ག༌ ཕུལ༌ཅེས༌ལ༌ མེའ༌ སྲག༌ཅེས༌སི༌ ཆོད༌པ༌ དང༌ ཞན༌ཡང༌ ཆོད༌པ༌ གུན༌ ཁྱོངས༌ ཡང༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌, ཡེ༌ཐོརོ༌ ཉམ༌པོ༌ ཟན༌ ཟའ༌ཅེས༌ལ༌ ཨ༌རོན༌ དང༌ ཨིས༌ར༌ཨེལ༌པའེ༌ སྤོན༌བོ༌ ཚང༌མ༌ ཡོངས༌།
13 སྟིང༌མ༌ཞག༌པོ༌ མོ༌ཟེས༌ མི༌གུན༌ནི༌ ཛིང༌མོའ༌ ཤགས༌ ཅོ༌ཅེས༌ལ༌ དུགས༌ ཡང༌ ང༌མོ༌ནེ༌ ཕི༌ཏོག༌ ཚོག༌པ༌ མི༌གུན༌ ཁོའ༌ ཁོར༌ཏེ༌ ཐག༌ཅད༌དི༌ ཕིའ༌ སྲུངས༌། 14 ཡེ༌ཐོརོའེ༌ མོ༌ཟེས༌སི༌ མི༌གུན༌ནི༌ ཕིའ༌ ཅོ༌ཁན༌བོ༌ ཐོང༌ང༌ཅིག༌ ཁོའ༌ ཏྲིས༌, “ཁྱོ༌རང༌ངི༌ མི༌གུན༌ལ༌ ཅོ༌ཁན༌བོ༌ ཅི༌ ཨིན༌? ཅིའ༌ ཁྱོ༌རང༌ ཅིག༌པོའེ༌ འི༌ ཚང༌མ༌ ཅོའད༌? མི༌གུན༌ ང༌མོ༌ནེ༌ ཕི༌ཏོག༌ ཚོག༌པ༌ ཁྱོ༌རང༌ངི༌ ཐག༌ཅད༌དི༌ ཕིའ༌ སྲུངས༌ཏེ༌ དུག༌དུག༌།”
15 མོ༌ཟེས༌སི༌ ལན༌ཏངས༌, “ངའེ༌ ཏེ༌བོ༌ ཅོའད༌ ཅིའ༌ཟེར༌ན༌ མི༌གུན༌ ངའ༌ ཡོད༌ས༌ དཀོན༌མཆོག༌གི༌ ཐུགས༌དོད༌ ཧ༌གོ༌ཅེས༌སི༌ ཕིའ༌ ཡོང༌ང༌ནོག༌། 16 ཛིང༌མོ༌ ཆ༌ན༌ ཁོང༌གུན༌ ངའ༌ ཡོད༌ས༌ གལ༌ཁན༌ དང༌ མ༌གལ༌ཁན༌ ཕེ༌ཅེས༌སི༌ ཐག༌ཅད༌ ཉན༌ན༌ ཡོང༌ང༌ནོག༌ ཡང༌ ངའེ༌ ཁོང༌གུན༌ལ༌ དཀོན༌མཆོག༌གི༌ བཀའ༌ དང༌ ཁྲིམས༌ གུན༌ ཤད༌དད༌།”
17 ཏེ༌ནེ༌ ཡེ༌ཐོརོའེ༌ ཟེརས༌, “ཁྱོ༌རང༌ངི༌ འི༌ ལས༌ ཅོ༌ཚུལ༌བོ༌ སམ༌བ༌ཅན༌ ཤིག༌ མི༌དུག༌། 18 ཏུས༌ མང༌པོ༌ གོར༌ཅེས༌པོའེ༌ ཁྱོ༌རང༌ངི༌ རང༌ དང༌ མི༌གུན༌ འུ༌ཐུག༌ ཤུག༌དུག༌། འི༌ ལས༌པོ༌ མངས༌ཏེའང༌ ལྕིན༌ཏྲེ༌ ཡོད༌ཅེས༌པོའེ༌ ཁྱོ༌རང༌ ཅིག༌པོའེ༌ ཅོ༌ ཉན༌ཅེས༌ མ༌ནོག༌། 19 ཏ༌ ང༌ ཉོན༌ ངའེ༌ ཁྱོ༌རང༌ང༌ ལབ༌ཞ༌ ཏང༌ཨིན༌ ཡང༌ དཀོན༌མཆོག༌ ཁྱོ༌རང༌ ཉམ༌པོ༌ ཞུགས༌ཤིག༌། ཁྱོ༌རང༌ དཀོན༌མཆོག༌གི༌ དུན༌ལ༌ མི༌གུན༌ནི༌ ཚབས༌ ཅོས༌ཏེ༌ ཁོང༌གུན༌ནི༌ ཛིང༌མོ༌གུན༌ ཁོང༌ངི༌ཀ༌ ཁྱོང༌གོས༌། 20 ཁོང༌གུན༌ལ༌ དཀོན༌མཆོག༌གི༌ བཀའ༌ དང༌ ཁྲིམས༌ གུན༌ ཡང༌ ཁོང༌གུན༌ལ༌ མི༌ཚེ༌ ཀ༌ཟུག༌གི༌ ཕུད༌ཅེས༌ དང༌ ཁོང༌གུན༌ནི༌ ལས༌སི༌ ཁག༌གུན༌ ལོབ༌། 21 ཨིན༌ནའང༌ མི༌ ཚང༌མའེ༌ ཕྲོ༌ནེ༌ ཁྱོ༌རང༌ངི༌ ཇོན༌པོ༌ མི༌, དཀོན༌མཆོག༌ག༌ ཇིགས༌ཁན༌, ཨིད༌ཤེས༌ཅན༌ ཡང༌ ཕག༌སུབ༌བ༌ ནཕ༌རད༌ ཅོ༌ཁན༌ གུན༌ ལྡམས༌ཏེ༌ ཁོང༌གུན༌ སྟོང༌, གྱ༌, ལྔབ༌ཅུ༌, ཡང༌ རྕུ༌ མི༌སྡེ༌ གུན༌ནི༌ཀ༌ སྤོན༌བོའ སྐོས༌། 22 ནམ༌ སྒོས༌དོམ༌ ཆ༌ནའང༌ ཐག༌ཅད༌ ཅོ༌ཅེས༌ལ༌ ཁོང༌གུན༌ ཁྲིམ༌སྤོན༌ལ༌ སྐོས༌། ཁོང༌གུན༌ལ༌ ཛིང༌མོ༌ ཆུ༌ངུན༌ ཚང༌མའ༌ ཁོ༌རང༌གུན༌ལ༌ ཐག༌ཅད༌ ཏང༌ཅུག༌, ཨིན༌ནའང༌ ཛིང༌མོ༌ ཆེན༌མོ༌གུན༌ ཁྱོ༌རང༌ངི༌ཀ༌ ཁྱོང༌ཅུག༌། ཏེ༌བོའེ༌ ཁྱོ༌རང༌ངི༌ ལས༌ ལ༌མོ༌ ཆེན༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཁྱོ༌རང༌ངི༌ ལས༌སི༌ ལྕིད༌པོ༌ བགོ༌ཨིན༌། 23 དཀོན༌མཆོག༌གི༌ བཀའ༌ ནང༌ཞིན༌ ཁྱོ༌རང༌ངི༌ ཏེ༌བོ༌ ཅོ༌ན༌ ཁྱོ༌རང༌ང༌ སེམ༌སྟོབས༌ ཉམ༌པོ༌ ལས༌ ཅོ༌ཉན༌ཨིན༌ ཡང༌ མི༌ ཚང༌མ༌ སེམས༌སི༌ ནང༌ང༌ ཞི༌དེ༌ ཉམ༌པོ༌ ཁོ༌རང༌གུན༌ནི༌ ཁང༌པ༌ ཆེན༌།”
24 མོ༌ཟེས༌སི༌ ཡེ༌ཐོརོའེ༌ ལབ༌ཞ༌གུན༌ ཉན༌ཏེ༌ ལག༌ལེན༌ ཅོས༌། 25 ཨིས༌ར༌ཨེལ༌པ༌ ཚང༌མའེ༌ ནང༌ནེ༌ མི༌ ཇོན༌པོ༌གུན༌ ལྡམས༌ཏེ༌ ཁོང༌གུན༌ སྟོང༌, གྱ༌, ལྔབ༌ཅུ༌ དང༌ རྕུ༌ མི༌སྡེ༌ གུན༌ནི༌ཀ༌ སྤོན༌བོའ༌ སྐོས༌། 26 ནམ༌ སྒོས༌དོམ༌ ཆ༌ནའང༌ ཁོང༌གུན༌ནི༌ མི༌ཚང༌མའེ༌ ཕིའ༌ ཁྲིམ༌སྤོན༌ནི༌ ལས༌ ཅོས༌། ཛིང༌མོ༌ ཆེན༌མོ༌གུན༌ མོ༌ཟེས༌སི༌ཀ༌ ཁྱོངས༌ ཨིན༌ནའང༌ ཛིང༌མོ༌ ཆུ༌ངུན༌གུན༌ ཁོང༌རང༌གུན༌ནི༌ ཐག༌ཅད༌ ཏངས༌། 27 མོ༌ཟེས༌སི༌ ན༌མའེ༌ ཨ༌བ༌ ཡེ༌ཐོརོ༌ ཁོང༌རང༌ངི༌ ཁང༌པ༌ ལོགས༌ཏེ༌ ཆའ༌ཅིག༌ མོ༌ཟེས༌སི༌ ཁོའ༌ ཇུ༌ ཞུས༌ཏེ༌ ལམ༌ཅུགས༌།
* 18:3 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ གེར༌ཤོམ༌ ནི༌ ཞན༌ཡུལ༌ལི༌ མི༌ ཟེར༌ར༌ནོག༌། 18:4 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨེ༌ལི༌འེ༌ཟེར༌ ནི༌ ངའེ༌ དཀོན༌མཆོག༌ རོགས༌ ཛད༌ཁན༌ ཟེར༌ར༌ནོག༌།