22
གྱུ༌ནོར༌ སྐོར༌ལ༌ ཁྲིམས༌
22:1-15
ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཀལ༌ཏེས༌ སུ༌ཞིག༌གི༌ ལང༌ཏོ༌ ཡ༌ ལུག༌ རྐུས༌ཏེ༌ ཏེ༌བོ༌ ཙོང༌ ཡ༌ སད༌ན༌, ཁོའེ༌ ལང༌ཏོ༌ ཅིག༌གི༌ ཚབས༌ལ༌ ལང༌ཏོ༌ ལྔ༌ ཡང༌ ལུག༌ ཅིག༌གི༌ ཚབས༌ལ༌ ལུག༌ ཞི༌ ཏང༌གོས༌། ཚན༌ལ༌ རྐུན༌མ༌ ཡོང༌ང༌ ཚོར༌ཏེ༌ རྐུན༌མ༌བོའ༌ བེར༌ཀ༌ གྱབས༌ཏེ༌ སད༌ན༌, མི༌ སད༌ཁན༌བོའེ༌ ཕིའ༌ ཁོ༌ ནོངས༌ཅན༌ ཐེ༌མ༌གོས༌། ཨིན༌ནའང༌ ཏེ༌བོ༌ ཉི༌མ༌ ཤར༌ཏེ༌ སྟིང༌ནེ༌ ཇུང༌ན༌ ཏེ༌ནེ༌ མི༌ སད༌ཁན༌བོའེ༌ ཕིའ༌ ཁོ༌ ནོངས༌ཅན༌ ཐེ༌གོས༌། རྐུན༌མ༌ མ༌ཤི༌ན༌ ཁོའེ༌ རྐུ༌ཁན༌ནི༌ ནོར༌ ཚང༌མ༌ ཡ༌ རིན༌ གང༌པོ༌ ལོགས༌ཏེ༌ ཤལ༌གོས༌། ཨིན༌ནའང༌ ཁོའ༌ ནོར༌ ཡ༌ རིན༌ ལོགས༌ཏེ༌ ཤལ༌གྱུ༌ མེད༌ན༌ ཁོའེ༌ ཁོ༌རང༌ ཚེ༌ཡོག༌ག༌ ཙོངས༌ཏེ༌ རིན༌ ཤལ༌གོས༌། ལང༌ཏོ༌ ཡ༌ ལུག༌ ཡ༌ བུང༌བུ༌, རྐུ༌ཁན༌བོ༌ སོན༌ཏེའ༌ ཐོབ༌ན༌, ཁོའེ༌ ཏེ༌བོའེ༌ཀ༌ ནན༌མ༌ ཏེ༌བོའེ༌ ཉི༌ལྡབ༌བོ༌ ལོག༌ཏེ༌ ཤལ༌གོས༌།”
“མི༌ཞིག༌གི༌ ཁོ༌རང༌ངི༌ ཞིང༌ངི༌ཀ༌ ཡ༌ རྒུན༌ཚས༌སི༌ ནང༌ང༌ ཙཱ༌ ཟའ༌ལ༌ ཕུད༌ཁན༌ སེམས༌ཅན༌གུན༌ བིང༌ཏེ༌ ཞན༌མའེ༌ སྟོན༌ཐོག༌གུན༌ ཟའ༌ན༌, ཁོའེ༌ ཁོ༌རང༌ངི༌ ཞིང༌ ཡ༌ རྒུན༌ཚས༌སི༌ སྟོན༌ཐོག༌ གྱལ༌ཤོག༌པོ༌ ཏེ༌ མི༌བོའ༌ ཚབས༌ལ༌ ཏང༌གོས༌།”
“སུ༌ཞིག༌གི༌ ཁོ༌རང༌ངི༌ ཞིང༌ངི༌ ཙཱ༌ངན༌ མེའ༌ ཏུག༌ ཟ༌ནེ༌ ཏེ༌བོ༌ ཞན༌མའེ༌ ཞིང༌ང༌ ཁྱེབས༌ཏེ༌ ཞིང༌ རྔས༌ཁན༌ ཡ༌ སྐྱེ༌ཨིན༌ ཡོད༌ཁན༌ གུན༌ མེའ༌ ཞེན༌ན༌, མེ༌ གོ༌ཟུག༌ ཅོ༌ཁན༌ནི༌ མི༌བོའེ༌ ཀོད༌ཀ༌ ཆའ༌ཁན༌ནི༌ མི༌བོའ༌ རིན༌ གང༌པོ༌ ཤལ༌གོས༌།”
“སུ༌ཞིག༌གི༌ ཁོ༌རང༌ངི༌ ཁྱིམ༌ཚེས༌པའེ༌ཀ༌ པེ༌ནེ༌ ཡ༌ རིན༌ཅན༌ ཅ༌ལག༌ ཅོལ༌ཏེ༌ བོར༌ཁན༌བོའ༌ རྐུན༌མ༌ ཤོར༌ཏེ༌ རྐུན༌མ༌བོ༌ ཐོབ༌ན༌ ཁོའེ༌ ཏེ༌བོའེ༌ ཉི༌ལྡབ༌ ལོགས༌ཏེ༌ ཤལ༌གོས༌། ཨིན༌ནའང༌ རྐུན༌མ༌བོ༌ མ༌ཐོབ༌ན༌ ཁོའེ༌ ཏེ༌ ནོར༌བོ༌ ཁོ༌རང༌ངི༌ ཁྱིམ༌ཚེས༌པ༌བོའེ༌ རྐུས༌ཏོག༌ག༌ མ༌རྐུས༌ཏོག༌ ཐག༌ཅད༌ཅེས༌ལ༌ ཁྲིམ༌སྤོན༌གུན༌ནི༌ དུན༌ལ༌ ཁོའེ༌ ཁྱོང༌གོས༌། ལང༌ཏོ༌, བུང༌བུ༌, ལུག༌, ཀོས༌ལག༌, ཡ༌ ཅི༌ཞིག༌ སྟོར༌ཁན༌བོའེ༌ དག༌པོ༌ ང༌ ཨིན༌ ཟེར༌ཏེ༌ ཛིང༌མོ༌ ཏང༌ཁན༌ནི༌ མི༌གུན༌ ཁྲིམ༌སྤོན༌གུན༌ནི༌ དུན༌ལ༌ ཁྱེར༌གོས༌། གལ༌ཅན༌ ཐེའ༌ ཛད༌ཁན༌བོའེ༌ ཞན༌མ༌བོའ༌ ཉི༌ལྡབ༌ ཤལ༌གོས༌།”
10 “སུ༌ཞིག༌གི༌ ཁོ༌རང༌ངི༌ ཁྱིམ༌ཚེས༌པ༌ བུང༌བུ༌, ལང༌ཏོ༌, ལུག༌ ཡ༌ ཞན༌ཡང༌ སེམས༌ཅན༌ སྟ༌སྟོག༌ ཅོ༌ཅེས༌ལ༌ ཏང༌ཁན༌བོ༌ ཤི༌ན༌ ཡ༌ མ༌སྐྱོན༌ ཆ༌ན༌ ཡ༌ སུའང༌ མ༌ཐོང༌ང༌ རྐུས༌ཏེ༌ ཁྱེར༌ན༌, 11 ཁྱིམ༌ཚེས༌པ༌བོ༌ ཡ༌ཝའེ༌ སྐུན༌དུན༌ལ༌ སོང༌ཏེ༌ ཏེ༌ སེམས༌ཅན༌གུན༌ ཁོའེ༌ མ༌ རྐུས༌པིན༌ ཟེར༌ཏེ༌ ནའ༌ ཁུར༌ཏེ༌ སྟིང༌ནེ༌ དག༌པོའེ༌ ཏེ༌བོའ༌ ཨིད༌ཤེས༌ ཅོ༌གོས༌ ཡང༌ ཁྱིམ༌ཚེས༌པ༌ ཏེ༌བོའེ༌ རིན༌ ཤལ༌ མི༌གོས༌། 12 ཨིན༌ནའང༌ སེམས༌ཅན༌བོ༌ རྐུས༌ཏེ༌ ཨིན༌ན༌, སྟ༌སྟོག༌ ཅོ༌ཅེས༌སི༌ ཁ༌ཆད༌ ཅོ༌ཁན༌བོའེ༌ སེམས༌ཅན༌ནི༌ དག༌པོའ༌ རིན༌ ཤལ༌གོས༌། 13 རིའི༌ སེམས༌ཅན༌ནི༌ སད༌ཏེ༌ ཨིན༌ན༌ སྟ༌སྟོག༌ ཅོ༌ཅེས༌སི༌ ཁ༌ཆད༌ ཅོ༌ཁན༌བོའེ༌ ལུས༌ཁན༌ནི༌ ཤའ༌ སྤང༌པོའེ༌ ཚུལ༌ལ༌ ཁྱོང༌གོས༌ ཡང༌ ཏེ༌བོའེ༌ རིན༌ ཤལ༌ མི༌གོས༌།”
14 “རང༌ངི༌ ཁྱིམ༌ཚེས༌པའེ༌ སེམས༌ཅན༌ སྐྱིས༌ཏེ༌ ཁྱོང༌ཁན༌བོའེ༌ དག༌པོ༌ དུན༌ལ༌ མེད༌ ཟ༌ནེ༌ ཏེ༌བོའ༌ མ༌སྐྱོན༌ ཡ༌ ཤི༌ན༌, ཁོའེ༌ དག༌པོའ༌ ཏེ༌བོའེ༌ རིན༌ གང༌པོ༌ ཤལ༌གོས༌། 15 ཨིན༌ནའང༌ སེམས༌ཅན༌ནི༌ དག༌པོ༌ ཡོད༌ས༌ ཏེ༌ཟུག༌ ཆ༌ན༌ ཁོའ༌ ཏེ༌བོའེ༌ རིན༌ ཤལ༌ མི༌གོས༌། ཏེ༌བོ༌ སྐྱི༌ ཟ༌ནེ༌ ལ༌ ཏང༌ཁན༌བོ༌ ཤི༌ཁན༌ ཡ༌ མ༌སྐྱོན༌ ཆའ༌ཁན༌ནི༌ རིན༌ ཨིན༌ནོག༌།”
མི༌ཚེའེ༌ སྕོད༌ལམ༌མི༌ ཁྲིམས༌།
22:16-31
16 “ཀལ༌ཏེས༌ མི༌ཞིག༌གི༌ ན༌མ༌ མ༌ཏྲིས༌ཁན༌ནི༌ བུ༌མོ༌ ལག༌པ༌ མ༌ཐུག༌ཁན༌ ཞིག༌ག༌ ལུས༌བྲེལ༌ ཅོ༌ཅེས༌སི༌ དོད༌པ༌ སྐྱེ༌ཅུགས༌ཏེ༌ ལུས༌བྲེལ༌ ཅོ༌ན༌ ཁོའེ༌ ཏེ༌ བུ༌མོ༌བོའ༌ ན༌མའེ༌ རིན༌ཐང༌ ཤལ༌ཏེ༌ ཁོ༌ ཉམ༌པོ༌ ན༌མ༌ ཅོ༌གོས༌། 17 ཨིན༌ནའང༌ བུ༌མོའེ༌ ཨ༌བ༌ ཁོའ༌ བུ༌མོ༌ ཏང༌ཅེས༌ལ༌ མ༌ཐད༌ནའང༌ ཁོའེ༌ ན༌མའེ༌ རིན༌ཐང༌ ལག༌པ༌ མ༌ཐུག༌ཁན༌ནི༌ བུ༌མོ༌ཞིག༌ག༌ ཤལ༌ཁན༌ དྲན༌དྲ༌ ཤལ༌གོས༌།”
18 “ཆོས༌ངན༌ ཅོ༌ཁན༌ནི༌ བུ༌མོ༌གུན༌ སོན༌ཏེའ༌ དུག༌ མི༌ཆོག༌།”
19 “སེམས༌ཅན༌ ཉམ༌པོ༌ ལུས༌བྲེལ༌ བོར༌ཁན༌གུན༌ སད༌གོས༌།”
20 “ཡ༌ཝ༌ མན༌པ༌ ལྷ༌ལྷ༌མོ༌ གུན༌ལ༌ ཆོད༌པ༌ ཕུལ༌ཁན༌གུན༌ སད༌གོས༌།”
21 “ཞན༌ཡུལ༌ལི༌ མི༌གུན༌ལ༌ ངན༌པ༌ ཡ༌ གོབ༌ནོན༌ མ༌ཅོ༌། ཨིད༌ཏུ༌ ཅོས༌, ཁྱོ༌ཞ༌གུན༌ནའང༌ ཨི༌ཇིབ༌བི༌ ནང༌ང༌ ཞན༌ཡུལ༌ལི༌ མི༌ ཨིན༌པིན༌།”
22 “མག༌པ༌ ཤི༌ཁན༌ནི༌ བུ༌མོ༌ ཡ༌ ཕ༌མ༌ མེད༌ཁན༌ནི༌ ཕྲུ༌གུ༌ གུན༌ལ༌ ངན༌པ༌ མ༌ཅོ༌། 23 ཀལ༌ཏེས༌ ངན༌པ༌ ཅོས༌ཏེ༌ ཁོང༌གུན༌ནི༌ རོགས༌སི༌ ཕིའ༌ ངའ༌ ཞུ༌ན༌ ངའེ༌ ཏན༌ཏན༌ ཁོང༌གུན༌ནི༌ མོས༌ལམ༌གུན༌ ཉན༌ཨིན༌, 24 ཡང༌ ངའེ༌ སྲོ༌ མེ༌ ཙོགས༌ལ༌ བར༌ཏེ༌ ཁྱོ༌ཞ༌གུན༌ ར༌འི༌ ཉམ༌པོ༌ སད༌ ཅུག༌ཨིན༌། ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ན༌མ༌ མག༌པ༌ མེད༌ཁན༌ ཡང༌ ཕྲུ༌གུ༌ གུན༌ ཨ༌བ༌ མེད༌ཁན༌ གྱུར༌ཨིན༌།”
25 “ཀལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ སྒོས༌དོམ༌ ཡོད༌ཁན༌ནི༌ ངའེ༌ མི༌གུན༌ལ༌ པེ༌ནེ༌ སྐྱིས༌ཏེ༌ ཏང༌ན༌, པེ༌ནེ༌ སྐྱིས༌ཏེ༌ ཏང༌ཁན༌གུན༌ ཙོགས༌ལ༌ ཁོང༌གུན༌ནི༌ ཀ༌ནེ༌ ཕར༌ མ༌ལེན༌། 26 ཀལ༌ཏེས༌ ཁྱོ༌ཞའེ༌ ཁོང༌གུན༌ནི༌ ཀོས༌པོ༌ དམ༌ཆའེ༌ ཚུལ༌ལ༌ ཁྱེར༌ན༌ ཉི༌མ༌ སྐྱོད༌དི༌ སང༌ སྔུན༌ལ༌ ཏེ༌བོ༌ ཁོང༌གུན༌ལ༌ ལོགས༌ཏེ༌ ཏང༌གོས༌, 27 ཅིའ༌ཟེར༌ན༌ ཟུགས༌པོ༌ ཀབ༌ཅེས༌ལ༌ ཁོའ༌ ཏེན༌ན༌ ཀོས༌པོ༌ མ༌ནེ༌ མེད༌ཏེ༌ ཨིན༌ནོག༌། ཏེ༌ནེ༌ ཉིད༌ཏང༌ ཟ༌ནེ༌ ཁོ༌ ཅི༌ གོན༌ཨིན༌? ཀལ༌ཏེས༌ ཁོའ༌ ནགས༌ ཐོང༌ཏེ༌ ངའ༌ བོད༌ན༌ ངའེ༌ ཁོའེ༌ མོས༌ལམ༌ ཉན༌ཨིན༌, ང༌ ནི༌ སྙིང༌རྗེ༌ཅན༌ ཨིན༌།”
28 “ཁྱོ༌ཞའེ༌ དཀོན༌མཆོག༌ག༌ དད༌ལོག༌ མ༌ཅོ༌ ཡ༌ རང༌ངི༌ མི༌གུན༌ནི༌ སྤོན༌བོའ༌ རྔན༌ མ༌ཏབ༌།”
29 “ཁྱོ༌རང༌གུན༌ནི༌ གྲུ༌ནས༌, ཆང༌ དང༌ ཨོ༌ལིཝ༌ཝི༌ མར༌ནག༌ གུན༌ནི༌ ཆོད༌པ༌ ཕུལ༌གོ༌ཤེས༌སི༌ ཏུས༌པོའེ༌ཀ༌ ངའ༌ ཕུལ༌།”
“ཁྱོ༌ཞ༌གུན༌ནི༌ གོ༌སྐྱེས༌ བུ༌ཚ༌གུན༌ ངའ༌ ཏོང༌། 30 ཏེན༌ན༌ ཙོགས༌ ཁྱོ༌ཞའེ༌ བ༌ལང༌ དང༌ ལུག༌ གུན༌ནི༌ གོ༌སྐྱེས༌ ཉམ༌པོ༌ ཅོས༌། ཏེ༌གུན༌ ཁོ༌རང༌ངི༌ ཨ༌མ༌ ཉམ༌པོ༌ ཞག༌མ༌ རྡུན༌ དུག༌ཅུག༌ ཨིན༌ནའང༌ ཞག༌མ༌ རྒྱད༌པའེ༌ ཞག༌ག༌ ཏེ༌བོ༌ ངའ༌ ཆོད༌པ༌ ཕུལ༌། 31 ཁྱོ༌ཞའ༌ ངའེ༌ མི༌ ཏམ༌པ༌གུན༌ ཨིན༌ པ༌སང༌ རིའི༌ སེམས༌ཅན༌ནི༌ སད༌ཁན༌ནི༌ ཤ༌ ཁྱོ༌ཞ༌གུན༌ནི༌ ཟའ༌ མ༌གོས༌, ཏེ༌བོ༌ ཁྱི༌གུན༌ལ༌ ཟའ༌ ཏོང༌།”