38
ཆོད༌པ༌ མེའ༌ སྲག༌ཅེས༌སི༌ ཆོད༌ཁྲི༌།
38:1-7
བེ༌ཟ༌ལེལ༌ དང༌ ཁོའ༌ ཡ༌ཏོ༌ ཅོ༌ཁན༌གུན༌ནི༌ ཆོད༌པ༌ མེའ༌ སྲག༌ཅེས༌སི༌ ཕིའ༌ ཨ༌ཀ༌ཤིའེ༌ ཤིང༌ངི༌ ཆོད༌ཁྲི༌ ཅོས༌། ཏེ༌བོ༌ ཀྲུབ༌ཞི༌, ལྡོ༌ རེ༌རེ༌ ཞང༌ མི༌ཀྲར༌ 2 དང༌ ཐོན༌བོ༌ མི༌ཀྲར༌ 1.5 ཟམ༌ཤིག༌ ཡོད༌པིན༌། ཁོང༌གུན༌ནི༌ ཀྲུ༌ ཞི༌ཀོ༌ ཙེབ༌ཙེབ༌ ར༌ཅོ༌ ཙོགས༌ ཅོས༌། ཆོད༌ཁྲི༌ དང༌ ར༌ཅོ༌ གུན༌ ཤིང༌ཅིག༌ག༌ ཅོས༌ ཡང༌ ཆོད༌ཁྲི༌ གང༌པོའ༌ ར༌གན༌ ཏུམས༌། ཆོད༌ཁྲི༌ཀ༌ ཀོལ༌ཁན༌ནི༌ ཅ༌ལག༌: ཀོག༌ཐལ༌ གྱང༌ཅེས༌སི༌ ནོད༌གུན༌, ཁྱེམ༌གུན༌, ཐོར༌མ༌ ཏང༌ཅེས༌སི༌ སྒོར༌མོ༌གུན༌, ཤ༌ ལོག༌ཅེས༌སི༌ མེ༌ལེན༌གུན༌ ཡང༌ མེ༌ ཕིང༌ཅེས༌སི༌ ཏ༌འོ༌གུན༌ ར༌གན༌ནི༌ ཅོས༌། ཁོའེ༌ ར༌གན༌ནི༌ ཀྲ༌མིག༌ ཅོས༌ཏེ༌ ཏེ༌བོ༌ ཆོད༌ཁྲིའི༌ ནང༌ཀུག༌ག༌ ཕེད༌ ཟོད༌ ཅིག༌ག༌ ཏགས༌། ཏེ༌བོ༌ ཁུར༌ཅེས༌སི༌ ཀྲ༌ལུ༌གུན༌ གྱུད༌ཅེས༌ལ༌ ཁོའེ༌ ར༌གན༌ནི༌ ཀྱི༌ལྡིར༌ ཞི༌ ཅོས༌ཏེ༌ ཀྲ༌མིག༌གི༌ ཀྲུ༌ ཞི༌ཀོའེ༌ཀ༌ ཕི༌ལོག༌ ཆོགས༌ལ༌ ཏགས༌། ཏེ༌གུན༌ ཨ༌ཀ༌ཤིའེ༌ ཤིང༌ང༌ ཀྲ༌ལུ༌ ར༌གན༌ ཏུམས༌ཏེ༌ ཡོད༌པིན༌། ཆོད༌ཁྲི༌ ཁུར༌ཅེས༌ལ༌ ཀྲ༌ལུ༌གུན༌ ཀྱི༌ལྡིར༌གུན༌ནི༌ ནང༌ང༌ གྱུདས༌, ཆོད༌ཁྲི༌བོ༌ སྤང༌ལེབ༌བ༌ ཅོས༌ཏེ༌ ཁོག༌སྟོང༌ ཡོད༌པིན༌།
ལག༌པ༌ ཁྲུ༌ཅེས༌སི༌ ཞོང༌པ༌།
38:8
ཡ༌ཝ༌ ཐུག༌སའེ༌ ཀུར༌རི༌ སྒོའེ༌ཀ༌ ལས༌ ཅོ༌ཁན༌ བུ༌མོ༌གུན༌ནི༌ ར༌གན༌ནི༌ མེ༌ལོང༌ ཕུལ༌ཁན༌གུན༌ ཉམ༌པོ༌ བེ༌ཟ༌ལེལ༌ལི༌ ལག༌པ༌ ཁྲུ༌ཅེས༌སི༌ ཞོང༌པ༌ དང༌ ཏེ༌བོ༌ བོར༌ཅེས༌པོ༌ ཅོས༌།
ཏམ༌པའེ༌ ཀུར༌རི༌ ནང༌སྐོར༌།
38:9-20
ཏེ༌ནེ༌ བེ༌ཟ༌ལེལ༌ དང༌ ཁོའ༌ ཡ༌ཏོ༌ ཅོ༌ཁན༌གུན༌ནི༌ ཀུར༌རི༌ ནང༌སྐོར༌རི༌ ཕིའ༌ ཀུས༌པོ༌ ཐགས༌ཁན༌ནི༌ ཡོ༌ལ༌ ཅོས༌། ལྷོ༌ ཆོགས༌སི༌ ཡོ༌ལ༌ མི༌ཀྲར༌ 46 རིང༌མོ༌ ཡོད༌པིན༌, 10 ཏེ༌གུན༌ ཅར༌ཅེས༌ལ༌ ར༌གན༌ནི༌ ཀ༌ཝ༌ ཉི༌ཤུ༌ དང༌ ཞབ༌ལྡན༌ ཉི༌ཤུ༌ ཡང༌ མུལ༌ཀུག༌གུན༌ དང༌ མུལ༌ལི༌ ཀྱི༌ལྡིར༌གུན༌ ཅོས༌། 11 བྱང༌ ཆོགས༌སི༌ ཕིའང༌ ཏེན༌ན༌ ཙོགས༌ ཡོ༌ལ༌ མི༌ཀྲར༌ 46 རིང༌མོ༌, ར༌གན༌ནི༌ ཀ༌ཝ༌ ཉི༌ཤུ༌ དང༌ ཞབ༌ལྡན༌ ཉི༌ཤུ༌ ཡང༌ མུལ༌ལི༌ ཀུག༌ཀུག༌གུན༌ དང༌ ཀྱི༌ལྡིར༌གུན༌ ཅོས༌།
12 ཁོང༌གུན༌ནི༌ ནུབ༌ ཆོགས༌སི༌ ཡོ༌ལ༌ མི༌ཀྲར༌ 23 རིང༌མོ༌, ཀ༌ཝ༌ རྕུ༌ དང༌ ཞབ༌ལྡན༌ རྕུ༌ ཡང༌ ཀ༌ཝ༌གུན༌ནི༌ཀ༌ མུལ༌ཀུག༌ དང༌ མུལ༌ལི༌ ཀྱི༌ལྡིར༌གུན༌ ཅོས༌། 13 དུན༌ ཡང༌ན༌ ཤར༌ ཆོགས༌སི༌ ཡོ༌ལ༌ མི༌ཀྲར༌ 22 རིང༌མོ༌ ཡང༌ ནང༌ཀུག༌ག༌ ཞུག༌སའེ༌ སྒོ༌ ཅོས༌། 14 སྒོའེ༌ ཡས༌ ཆོགས༌སི༌ ཡོ༌ལ༌ མི༌ཀྲར༌ 6.5 ཟམ༌ཤིག༌ རིང༌མོ༌ ཡང༌ ཀ༌ཝ༌ སུམ༌ དང༌ ཞབ༌ལྡན༌ སུམ༌ ཅོས༌། 15 སྒོའེ༌ ཡོ༌མ༌ ཆོགས༌སི༌ ཡོ༌ལ༌ མི༌ཀྲར༌ 6.5 ཟམ༌ཤིག༌ རིང༌མོ༌ ཡང༌ ཀ༌ཝ༌ སུམ༌ དང༌ ཞབ༌ལྡན༌ སུམ༌ ཅོས༌། 16 ནང༌སྐོར༌རི༌ ཡོ༌ལ༌ ཚང༌མ༌ ཐགས༌ཁན༌ནི༌ རས༌ རིན༌ཅན༌ལ༌ ཅོས༌། 17 ཀ༌ཝ༌ ལང༌ཅེས༌སི༌ ཞབ༌ལྡན༌གུན༌ ར༌གན༌ལ༌ ཡང༌ ཀ༌ཝ༌གུན༌ནི༌ ལྕག༌ཀུག༌གུན༌ དང༌ ཀྱི༌ལྡིར༌གུན༌ མུལ༌ལ༌ ཅོས༌། ཀ༌ཝ༌གུན༌ནི༌ ཁེ༌ཐོག༌པོ༌ མུལ༌ ཏུམས༌ ཡང༌ ཏེ༌ཀ༌ མུལ༌ལི༌ ཀྱི༌ལྡིར༌གུན༌ ཏགས༌།
18 ནང༌སྐོར༌རི༌ ནང༌ང༌ ཞུག༌སའེ༌ ཡོ༌ལ༌ ཐགས༌ཁན༌ནི༌ རས༌རིན༌ཅན༌ནི༌ཀ༌ སྔོན༌པོ༌, སྔོ༌མར༌ དང༌ མར༌པོ༌ ནས༌མ༌ སྲུལ༌ཏེ༌ ཅོས༌། ཏེ༌བོའེ༌ རིང༌བོ༌ མི༌ཀྲར༌ 9 ཡང༌ ཐོན༌བོ༌ མི༌ཀྲར༌ 2 ཟམ༌ཤིག༌, ཀ༌ཟུག༌ ནང༌སྐོར༌རི༌ ཞན༌ ཡོ༌ལ༌གུན༌ ཡོད༌པིན༌། 19 ཏེ༌བོའ༌ ཀ༌ཝ༌ ཞི༌ དང༌ ར༌གན༌ནི༌ ཞབ༌ལྡན༌ ཞི༌ ཡང༌ མུལ༌ལི༌ ཀུག༌ཀུག༌གུན༌ དང༌ ཀྱི༌ལྡིར༌གུན༌, ཀ༌ཝ༌གུན༌ནི༌ ཁེ༌ཐོག༌པོ༌ མུལ༌ལི༌ ཏུམས༌ཏེ༌ ཡོད༌པིན༌། 20 ཏམ༌པ༌ ཀུར༌ དང༌ ནང༌སྐོར༌རི༌ ཡོ༌ལ༌གུན༌ནི༌ པུར༌ཆ༌ ཚང༌མ༌ ར༌གན༌ནི༌ ཅོས༌།
ཏམ༌པ༌ ཀུར༌ ཅོ༌ཅེས༌ལ༌ ཀོལ༌ཁན༌ནི༌ གྱུ༌།
38:21-31
21 མོ༌ཟེས༌སི༌ བཀའ༌ ཏངས༌པ༌, ཏམ༌པ༌ ཀུར༌ ཅོ༌ཅེས༌ལ༌ ཀོལ༌ཁན༌ནི༌ གྱུ༌ ཚང༌མའེ༌ ཐོ༌ བླ༌མ༌ ཨ༌རོན༌ནི༌ བུ༌ཚ༌ ཨི༌ཐ༌མར༌རི༌ ལམ༌སྟན༌ ནང༌ཞིན༌ ལི༌ཝི༌པ༌གུན༌ནི༌ ཅོས༌། 22 ཡ༌ཧུ༌དཱའེ༌ སྡེ༌ ནང༌ནེ༌ ཧུར༌རི༌ ཚ༌འོ༌ ཨུ༌རི༌ བུ༌ཚ༌ བེ༌ཟ༌ལེལ༌ལི༌, ཡ༌ཝའེ༌ མོ༌ཟེས༌ལ༌ བཀའ༌ ཏང༌ཁན༌ ནང༌ཞིན༌ ཅི༌ཚང༌མ༌ ཅོས༌། 23 ཁོའ༌ རོགས༌ཅོ༌ཁན༌ ཨ༌ཧི༌ས༌མག༌གི༌ བུ༌ཚ༌ ཨོ༌ཧོ༌ལིའབ༌, དཱན༌ནི༌ སྡེ༌ ནང༌ནེ༌ ཨིན༌པིན༌, ཁོ༌ རི༌མོ༌, ཟོ༌ལས༌ལ༌ ཡང༌ རས༌ ཀུས༌པོའེ༌ཀ༌ སྔོན༌པོ༌, སྔོ༌མར༌ དང༌ མར༌པོ༌ ནས༌མ༌ སྲུལ༌ཁན༌ ཁས༌པ༌ ཞིག༌ ཨིན༌པིན༌། 24 ཡ༌ཝའ༌ མིག༌སལ༌ལི༌ ཆོད༌པ༌ ཕུལ༌ཁན༌ནི༌ ནང༌ནེ༌ སེར༌ ཀི༌ལོ༌ 1,000 ཏམ༌པའེ༌ ཀུར༌ ཅོ༌ཅེས༌སི༌ ལས༌སི༌ ནང༌ང༌ ཀོལས༌, ཏེ༌བོ༌ སྐར༌ཅེས༌ལ༌ ཏམ༌པའེ༌ ཀུར༌རི༌ ནང༌ང༌ ཏབ༌བ༌ ཀོལ༌ཁན༌ནི༌ ཚད༌པོ༌ ཀོལས༌།
25 མི༌ཀྲངས༌ རྩི༌ ཟ༌ནེ༌ མི༌གུན༌ནི༌ ཀ༌ནེ༌ མུལ༌ ཀི༌ལོ༌ 3,400 ལྡུས༌, ཏེ༌བོ༌ སྐར༌ཅེས༌ལ༌ ཏམ༌པའེ༌ ཀུར༌རི༌ ནང༌ང༌ ཏབ༌བ༌ ཀོལ༌ཁན༌ནི༌ ཚད༌པོ༌ ཀོལས༌། 26 ལོ༌ ཉི༌ཤུ༌ ཡང༌ ཉི༌ཤུའི༌ སང༌ མང༌ང༌ ཨིན༌ཁན༌ མི༌ རེ༌རེའེ༌ ཀ༌ནེ༌ ཏམ༌པའེ༌ ཀུར༌རི༌ ནང༌ང༌ ཏབ༌བ༌ ཀོལ༌ཁན༌ནི༌ ཚད༌པོ༌ ནང༌ཞིན༌ མུལ༌ གརམ༌ 5.5 ལེནས༌། ཁོང༌གུན༌ནི༌ ཀྲངས༌ཀ༌ 6,03,550 ཡོད༌པིན༌། 27 ཏམ༌པའེ༌ ཀུར༌རི༌ ཡོ༌ལའེ༌ ཕིའ༌ ཀ༌ཝ༌ ལང༌ཅེས༌སི༌ ཞབ༌ལྡན༌ རེ༌རེ༌ ཅོ༌ཅེས༌ལ༌ ཏམ༌པའེ༌ ཀུར༌རི༌ ནང༌ང༌ ཏབ༌བ༌ ཀོལ༌ཁན༌ནི༌ ཚད༌པོ༌ ནང༌ཞིན༌ མུལ༌ ཀི༌ལོ༌ 34 ཀོལས༌། ཀ༌ཝ༌ གྱའེ༌ ཕིའ༌ མུལ༌ ཀི༌ལོ༌ 3,400 ཀོལས༌། 28 ལུས༌ཁན༌ནི༌ མུལ༌ ཀི༌ལོ༌ 30 ཅ༌ཀུག༌གུན༌, ཀྱི༌ལྡིར༌གུན༌ དང༌ ཀ༌ཝ༌གུན༌ནི༌ ཁེ༌ཐོག༌པོ༌ ཏུམ༌ཅེས༌ལ༌ ཀོལས༌།
29 ཡ༌ཝའེ༌ ཕིའ༌ ཕུལ༌ཁན༌ནི༌ ར༌གན༌ ཀི༌ལོ༌ 2,425 ཡོད༌པིན༌། 30 ཏེ༌བོ༌ ཁོང༌གུན༌ནི༌ ཡ༌ཝ༌ ཐུག༌སའེ༌ ཀུར༌རི༌ ནང༌ང༌ ཞུག༌སའེ༌ སྒོའེ༌ ཞབ༌ལྡན༌, ཆོད༌ཁྲི༌, ཏེ༌བོའེ༌ ཀྲ༌མིག༌ དང༌ ཆོད༌ཁྲི༌ཀ༌ ཀོལ༌ཅེས༌སི༌ ཅ༌ལག༌ ཚང༌མ༌, 31 ནང༌སྐོར༌རི༌ ཀ༌ཝ༌གུན༌ དང༌ སྒོའེ༌ ཞབ༌ལྡན༌གུན༌ ཡང༌ ཏམ༌པའེ༌ ཀུར༌ དང༌ ནང༌སྐོར༌རི༌ པུར༌ཆ༌ ཚང༌མ༌ ཅོ༌ཅེས༌ལ༌ ཀོལས༌།