7
ཨ༌རོན༌ནི༌ བེར༌ཀ༌ རུལ༌ལ༌ གྱུར༌།
7:1-13
1 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ངའེ༌ ཁྱོ༌རང༌ གྱལ༌པོའེ༌ ཕིའ༌ དཀོན༌མཆོག༌ ཙོགས༌ ཡང༌ ཁྱོ༌རང༌ངི༌ ཨ༌ཅོ༌ ཨ༌རོན༌ ཁྱོ༌རང༌ངི༌ ཕིའ༌ ལུང༌སྟོན༌པ༌ ཙོགས༌ ཅོས༌ཏེ༌ ཨིན༌།
2 ངའེ༌ ཁྱོ༌རང༌ང༌ བཀའ༌ ཏང༌ཁན༌ ཚང༌མ༌ ཨ༌རོན༌ལ༌ ཤོད༌ ཡང༌ ཁོའེ༌ གྱལ༌པོའ༌ ཨིས༌ར༌ཨེལ༌པ༌གུན༌ ཁོའེ༌ ཡུལ༌ནེ༌ བིང༌ཏེ༌ ཆ༌ཅུག༌ཅེས༌ལ༌ ཟེར༌གོས༌།
3 ཨིན༌ནའང༌ ངའེ༌ གྱལ༌པོའེ༌ སྙིང༌ སྐྱོང༌པོ༌ གྱུར༌ཅུག༌ཨིན༌ ཡང༌ ངའེ༌ ཨི༌ཇིབ༌བི༌ ས༌ཆའེ༌ ནང༌ང༌ ཧ༌ལས༌ཤེས༌སི༌ སྟགས༌ དང༌ ལྟས༌ མང༌པོ༌ སྟན༌ཨིན༌།
4 ཏེ༌ནེའང༌ གྱལ༌པོའེ༌ ཁྱོ༌རང༌ངི༌ ཟེར༌ཁན༌བོ༌ མི༌ཉན༌། ཏེ༌ནེ༌ ངའེ༌ ཨི༌ཇིབ༌པ༌གུན༌ནི༌ཀ༌ ཀྲག༌པོ༌ ཆད༌པ༌གུན༌ གྱུད༌ཏེ༌ ང༌རང༌ངི༌ མི༌གུན༌ ཁོང༌གུན༌ནི༌ སྡེ༌ ནང༌ཞིན༌ ཨི༌ཇིབ༌བི༌ ས༌ཆའེ༌ ནང༌ནེ༌ ཕིང༌ཏེ༌ ཁྱེར༌ཨིན༌།
5 ངའེ༌ ང༌རང༌ངི༌ སྟོབས༌ཤུགས༌ཅན༌ནི༌ ལག༌པ༌ ཨི༌ཇིབ༌པ༌གུན༌ནི༌ གྱབ༌གལ༌ལ༌ རྐྱངས༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ ཕིངས༌ཏེ༌ ཁྱེར༌ར༌ཅིག༌ ང༌ ཡ༌ཝ༌ དཀོན༌མཆོག༌ ཨིན༌ཁན༌བོ༌ ཁོང༌གུན༌ནི༌ ཧ༌གོ༌ཨིན༌།”
6 ཏེ༌ནེ༌ མོ༌ཟེས༌ དང༌ ཨ༌རོན༌ནི༌ ཡ༌ཝའེ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཅོས༌།
7 གྱལ༌པོའ༌ ཏེ༌གུན༌ ཟེར༌ ཟ༌ནེ༌ མོ༌ཟེས༌ལ༌ ལོ༌ 80 ཡང༌ ཨ༌རོན༌ལ༌ ལོ༌ 83 ཆའད༌པིན༌།
8 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ དང༌ ཨ༌རོན༌ལ༌ མོལས༌,
9 “གྱལ༌པོའེ༌ ལྟས༌ ལྟོན༌ ཟེར༌ར༌ཅིག༌, ཨ༌རོན༌ལ༌ ཟེར༌, ‘ཁྱོ༌རང༌ངི༌ བེར༌ཀ༌ ཁུར༌ཏེ༌ གྱལ༌པོའེ༌ དུན༌ལ༌ ཕོང༌ ཡང༌ ཏེ༌བོ༌ རུལ༌ལ༌ གྱུར༌ཨིན༌།’ ”
10 ཏེ༌ནེ༌ མོ༌ཟེས༌ དང༌ ཨ༌རོན༌ གྱལ༌པོ༌ ཡོད༌ས༌ སོང༌ཏེ༌ ཡ༌ཝའེ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཅོས༌། ཨ༌རོན༌ནི༌ ཁོ༌རང༌ངི༌ བེར༌ཀ༌ གྱལ༌པོ༌ དང༌ ཁོའེ༌ སྤོན༌བོ༌གུན༌ནི༌ དུན༌ལ༌ ཕངས༌པ༌ རུལ༌ལ༌ གྱུར༌།
11 ཏེ༌ནེ༌ གྱལ༌པོའེ༌ ཁོ༌རང༌ངི༌ མི༌ ཁས༌པ༌གུན༌ དང༌ སེམ༌ཉིད༌ལ༌ བོད༌ཁན༌གུན༌ བོད༌ཏེ༌ ཁྱོངས༌ ཡང༌ ཏེ༌ ཨི༌ཇིབ༌པ༌ ཆོས༌ངན༌ ཅོ༌ཁན༌གུན༌ནི༌ ཁོ༌རང༌གུན༌ནི༌ སང༌ཝའེ༌ ཁྱུད༌ གྱུད༌ཏེ༌ ཏེན༌ན༌ ཙོགས༌ ཅོས༌།
12 ཁོང༌ རེ༌རེ༌ བེར༌ཀ༌གུན༌ ཕངས༌པ༌ རུལ༌ལ༌ གྱུར༌། ཨིན༌ནའང༌ ཨ༌རོན༌ནི༌ བེར༌ཀ༌ རུལ༌ གྱུར༌ཁན༌བོའེ༌ ཁོང༌གུན༌ནི༌ བེར༌ཀ༌ རུལ༌ གྱུར༌ཁན༌གུན༌ ཟོས༌ ཏངས༌།
13 གྱལ༌པོའེ༌ སྙིང༌ ཏ༌རུང༌ངའང༌ སྐྱོང༌པོ༌ ལུས༌ ཡང༌ ཁོའེ༌ ཁོང༌གུན༌ནི༌ ཟེར༌ཁན༌གུན༌ལ༌ མ༌ཉནས༌ ཀ༌ཟུག༌ ཡ༌ཝའེ༌ མོལ༌ལ༌ ཛད༌ཏེ༌ ཨིན༌པིན༌།
ཆད༌པ༌ ཀྲང༌པོ༌
7:14-25
14 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “གྱལ༌པོའེ༌ སྙིང༌ སྐྱོང༌པོ༌ ལུས༌ཏེ༌ ཁོའེ༌ ངའེ༌ མི༌གུན༌ ཆ༌ཅུག༌ག༌ མི༌དུག༌།
15 ང༌མོ༌ གྱལ༌པོ༌ ཐུར༌ལ༌ ལྩངས༌པོའ༌ ཆའ༌ ཟ༌ནེ༌ ཁོའ༌ ཐུག༌ཅེས༌ལ༌ ཁྱོ༌རང༌ ནཱའེལ༌ ལྩངས༌པོའེ༌ ཐའ༌མ༌ ལངས༌ཏེ༌ དུག༌ ཡང༌ རུལ༌ གྱུར༌ཁན༌ནི༌ བེར༌ཀ༌ ཁུར༌ཏེ༌ སོང༌།
16 ཁོའ༌ ཟེར༌ ‘ཡ༌ཝ༌, ཨིབ༌རི༌པའེ༌ དཀོན༌མཆོག༌གི༌ ང༌ ཁྱོ༌རང༌ང༌ འི༌བོ༌ ཟེར༌ར༌ལ༌ ལམ༌ཅུགས༌, “རི༌སྟོང༌ངི༌ ནང༌ང༌ ངའ༌ ཅོལ༌ཅེས༌ལ༌ ངའེ༌ མི༌གུན༌ ཆ༌ཅུག༌།” དག༌ས༌ ཚག༌པ༌, ཁྱོ༌རང༌ངི༌ ཁོང༌ངི༌ མོལ༌ཁན༌བོའ༌ མ༌ཉན༌ན༌ ཨིན༌ནོག༌།
17 ཡ༌ཝའེ༌ འི༌ཟུག༌ མོལས༌, “ངའེ༌ ཁྱོ༌རང༌ང༌ ང༌ ཡ༌ཝ༌ ཨིན༌ཁན༌བོ༌ སྟན༌ཨིན༌།” ལྟོས༌, ངའེ༌ ལག༌པའེ༌ ནང༌ང༌ ཡོད༌ཁན༌ནི༌ བེར༌ཀ༌ ངའེ༌ ནཱའེལ༌ལི༌ ཆུའ༌ གྱབ༌ཨིན༌ ཡང༌ ལྩངས༌པོའེ༌ ཆུ༌ ཁྲག༌ག༌ གྱུར༌ཨིན༌།
18 ཏེ༌ནང༌ང༌ ཡོད༌ཁན༌ནི༌ ཉ༌གུན༌ ཤི༌ཨིན༌ ཡང༌ ལྩངས༌པོའེ༌ ནང༌ནེ༌ ཏྲི༌མ༌ རྩོག༌པོ༌ ཡོང༌ཨིན༌། ཨི༌ཇིབ༌པ༌གུན༌ནི༌ ནཱའེལ༌ལི༌ ཆུ༌ ཐུང༌ མི༌ཉན༌།’ ”
19 ཏེ༌ནེ༌ ཡ༌ཝའེ༌ མོ༌ཟེས༌ལ༌ མོལས༌, “ཨ༌རོན༌ལ༌ ཟེར༌, ‘ཁྱོ༌རང༌ངི༌ བེར༌ཀ༌ ཁུར༌ཏེ༌ རང༌ངི༌ ལག༌པ༌ ཨི༌ཇིབ༌བི༌ ཆུ༌གུན༌ ཡང༌ན༌ ལྩངས༌པོ༌, ཡུ༌ར༌, ཟིང༌, ཡང༌ ཆུ༌ སགས༌ཏེ༌ བོར༌ས༌ ཚང༌མའེ༌ཀ༌ སྐྱོང༌’ ཡང༌ ཏེ༌ ཆུ༌ ཚང༌མ༌ ཁྲག༌ག༌ གྱུར༌ཨིན༌། ཨི༌ཇིབ༌བི༌ ཆུ༌ ཚང༌མ༌ ཁྲག༌ག༌ གྱུར༌ཨིན༌, ཤིང༌ དང༌ རྡོའེ༌ ཆུ༌སྣོད༌གུན༌ནི༌ ཆུ༌ གུན༌ནའང༌།”
20 མོ༌ཟེས༌ དང༌ ཨ༌རོན༌ནི༌ ཡ༌ཝའེ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཅོས༌། གྱལ༌པོ༌ དང༌ ཁོའེ༌ སྤོན༌བོ༌གུན༌ནི༌ དུན༌ལ༌ ཨ༌རོན༌ནི༌ ཁོ༌རང༌ངི༌ བེར༌ཀ༌ སྟགས༌ཏེ༌ ནཱའེལ༌ ལྩངས༌པོའ༌ གྱབས༌པ༌ ལྩངས༌པོའེ༌ ཆུ༌ གང༌པོ༌ ཁྲག༌ག༌ གྱུར༌།
21 ལྩངས༌པོའེ༌ ནང༌ང༌ ཡོད༌ཁན༌ནི༌ ཉ༌གུན༌ ཤི༌ ཡང༌ ཆུའི༌ ནང༌ནེ༌ ཏྲི༌མ༌ རྩོག༌པོ༌ ཡོངས༌ ཡང༌ ཨི༌ཇིབ༌པ༌གུན༌ནི༌ ཏེ༌ ཆུ༌གུན༌ ཐུང༌ མ༌ཉན༌། ཨི༌ཇིབ༌བི༌ ས༌ཆ༌ གང༌པོའེ༌ ནང༌ང༌ ཁྲག༌ གྱུག༌།
22 ཨིན༌ནའང༌ ཨི༌ཇིབ༌པ༌ ཆོས༌ངན༌ ཅོ༌ཁན༌གུན༌ནིའང༌ ཁོང༌རང༌གུན༌ནི༌ སང༌ཝའེ༌ ཁྱུད༌ གྱུད༌ཏེ༌ ཆུ༌གུན༌ ཁྲག༌ག༌ གྱུར༌ཅུགས༌, ཏེ༌བོའེ༌ཕིའ༌ གྱལ༌པོའེ༌ སྙིང༌ ཏ༌རུང༌ངའང༌ སྐྱོང༌པོ༌ ལུས༌ཏེ༌ ཁོའེ༌ མོ༌ཟེས༌ དང༌ ཨ༌རོན༌ནི༌ ཟེར༌ཁན༌བོའ༌ མ༌ཉནས༌ ཀ༌ཟུག༌ ཡ༌ཝའེ༌ མོལ༌ཏེ༌ ཨིན༌པིན༌།
23 གྱལ༌པོ༌ ཁོ༌རང༌ངི༌ ཁར༌ལ༌ ལོགས༌ཏེ༌ སོང༌ ཡང༌ འི༌ ཚང༌མའེ༌ཀ༌ སྣང༌ང༌ མ༌ཏངས༌།
24 ནཱའེལ༌ལི༌ ཆུ༌ ཐུང༌ མ༌ཉན༌ པ༌སང༌ ཨི༌ཇིབ༌པ༌ ཚང༌མའེ༌ ལྩངས༌པོའེ༌ ཉེ༌ཁོར༌རི༌ ས༌ཀྱད༌གུན༌ བྲུས༌ཏེ༌ ཐུང༌ཅེས༌སི༌ ཆུ༌ ཙལས༌།
25 ཡ༌ཝའེ༌ ནཱའེལ༌ལི༌ ཆུ༌ ཁྲག༌ག༌ གྱུར༌ཅུག༌ག༌ ཛད༌ཏེ༌ ཞག༌མ༌ རྡུན༌ བུད༌།