2
བོ༌ཀིམ༌མི༌ ནང༌ང༌ ཡ༌ཝའེ༌ ཕོ༌ཉ༌།
2:1-5
1 ཡ༌ཝའེ༌ ཕོ༌ཉ༌ གིལ༌གལ༌ནེ༌ ཀེན༌ལ༌ བོ༌ཀིམ༌མ༌ སྐྱོད༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ མོལས༌, “ངའེ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཨི༌ཇིབ༌ནེ༌ ཕིངས༌ཏེ༌ ཁོང༌གུན༌ལ༌ ཏང༌ཅེས༌ལ༌ ནའ༌ ཁུར༌ཁན༌ནི༌ འི༌ ས༌ཀྱད༌དི༌ ནང༌ང༌ ཁྱོ༌ཞ༌གུན༌ ཁྱོངས༌པིན༌། ངའེ༌ ཟེར༌པིན༌, ‘ངའེ༌ ཁྱོ༌ཞ༌གུན༌ ཉམ༌པོ༌ ཅོ༌ཁན༌ནི༌ ང༌རང༌ངི༌ ཆད༌དོན༌ མ༌ནེ༌ མི༌ཅག༌།
2 ཁྱོ༌ཞ༌གུན༌ནི༌ འི༌ ས༌ཀྱད༌དི༌ ནང༌ང༌ དུག༌ཁན༌གུན༌ ཉམ༌པོ༌ ཆད༌དོན༌ མ༌ཅོ༌ ཡང༌ ཁོང༌གུན༌ནི༌ ཆོད༌ཁྲི༌གུན༌ ཤིག༌གོས༌།’ ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ཁའ༌ མ༌ཉན༌ན༌ ཅི༌ ཅོས༌ཏེ༌ ཨིན༌?
3 ངའེ༌ འི༌བོའང༌ ཟེར༌པིན༌, འི༌ ས༌ཀྱད༌དི༌ ནང༌ང༌ དུག༌ཁན༌གུན༌ ངའེ༌ ཕིངས༌ཏེ༌ མི༌ཏང༌། ཁོང༌གུན༌ ཁྱོ༌ཞ༌གུན༌ནི༌ ཕྲོའ༌ ཚེར༌མངས༌ ཙོགས༌ ཡང༌ ཁོང༌གུན༌ནི༌ ལྷ༌ལྷ༌མོ༌གུན༌ལ༌ ཅོལ༌ཅེས༌པོ༌ ཁྱོ༌ཞའེ༌ ཕིའ༌ ཚོད༌ལྟ༌ གྱུར༌ཨིན༌།”
4 ཡ༌ཝའེ༌ ཕོ༌ཉའེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཏེ༌གུན༌ མོལ༌ ཚར༌ར༌ཅིག༌, མི༌གུན༌ ཤེད༌ནང༌ ངུས༌།
5 ཁོང༌གུན༌ནི༌ ཏེ༌ ས༌ཀྱད༌པོའ༌ བོ༌ཀིམ༌ མིང༌ ཏགས༌ ཡང༌ ཁོང༌གུན༌ནི༌ ཏེ༌རུ༌ ཡ༌ཝའ༌ ཆོད༌པ༌གུན༌ ཕུལས༌།
ཡོ༌ཤུའ༌ ཀྲོངས༌།
2:6-23
6 ཡོ༌ཤུའེ༌ ཨིས༌ར༌ཨེལ༌པ༌གུན༌ ལོགས༌ཏེ༌ ལམ༌ཅུག༌གི༌ ཏུས༌ལ༌ མི༌སྡེ༌ རེ༌རེ༌ ཁོ༌རང༌གུན༌ལ༌ ནོར༌སྐལ༌ལ༌ ཐོབ༌ཁན༌ནི༌ ས༌ཀྱད༌ལ༌ སོང༌།
7 ཡོ༌ཤུའེ༌ མི༌ཚེ༌ ཏང༌ ཁོང༌ངི༌ སྟིང༌ནེ༌ སོན༌ཏེའ༌ ལུས༌ཁན༌ འུ༌སྐྱོང༌གུན༌ནི༌ ཏུས༌ གང༌པོ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཡ༌ཝའ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུས༌། ཡ༌ཝའེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ ཧ༌ལས༌ཤེས༌སི༌ ཛད༌པ༌ ཛད༌ཁན༌གུན༌ ཏེ༌ འུ༌སྐྱོང༌ ཚང༌མའེ༌ ཐོང༌ཏེ༌ ཨིན༌པིན༌།
8 ཡ༌ཝའ༌ ཞབས༌ཏོག༌ ཞུ༌ཁན༌ ནུན༌ནི༌ བུ༌ཚ༌ ཡོ༌ཤུའ༌ ཤི༌ ཟ༌ནེ༌ ལོ༌ 110 ཆའད༌པིན༌ །
9 ཁོང༌གུན༌ནི༌ ཡོ༌ཤུའེ༌ སྤུར༌ ཁོའ༌ ནོར༌སྐལ༌ལ༌ ཐོབ༌ཁན༌ ཏིམ༌ནཐ༌ ཧེ༌རེས༌སི༌ ནང༌ང༌ སུབས༌། ཏེ༌ ནས༌ས༌བོ༌ གའཤ༌ རི༌ བྱང༌ ཆོགས༌ལ༌ ཨེཕ༌ར༌ཡིམ༌པའེ༌ རི༌ཡུལ༌ལི༌ ནང༌ང༌ ཡོད༌པིན༌།
10 ཏེ༌ མི༌རབས༌པོ༌ ཤི༌ཏེ༌ མི༌རབས༌ སོ༌མ༌ཞིག༌ ལྡནས༌། ཁོང༌གུན༌ལ༌ ཡ༌ཝ༌ ཡ༌ ཁོང༌ངི༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ ཛད༌ཁན༌གུན༌ གྱུས༌ མེད༌པིན༌།
11 ཏེ༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཡ༌ཝ༌ དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ངན༌པ༌ ཅོས༌ ཡང༌ བའལ༌ ཟེར༌ཁན༌ནི༌ སྐུན༌དྲ༌གུན༌ལ༌ ཅོལས༌།
12 ཁོང༌གུན༌ནི༌ ཕ༌མེས༌པོ༌གུན༌ ཨི༌ཇིབ༌ནེ༌ ཕིངས༌ཏེ༌ ཁྱོང༌ང༌ ཛད༌ཁན༌ དཀོན༌མཆོག༌ ཡ༌ཝ༌ ཁོང༌གུན༌ནི༌ ཕངས༌། ཁོང༌གུན༌ནི༌ ཉེ༌ཁོར༌ལ༌ དུག༌ཁན༌གུན༌ནི༌ ལྷ༌ལྷ༌མོ༌གུན༌ལ༌ ཅོལས༌ ཡང༌ ཞབས༌ཏོག༌ ཞུས༌ཏེ༌ ཡ༌ཝའ༌ ཐུག༌སྲོ༌ སྐྱོད༌ཅུག༌ག༌ ཛདས༌།
13 ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཡ༌ཝ༌ ཕངས༌ཏེ༌ བའལ༌ དང༌ ཨཤ༌ཏོ༌རེཐ༌ སྐུན༌དྲ༌གུན༌ལ༌ ཅོལས༌།
14 ཡ༌ཝའེ༌ ཐུག༌སྲོ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གྱབ༌གལ༌ལ༌ ཡོད༌ཅེས༌པོའེ༌ ཁོང༌ངི༌ ཁོང༌གུན༌ ཀོག༌ཅོམ༌ ཏང༌ཁན༌གུན༌ནི༌ ལག༌ག༌ སྟདས༌ ཀ༌གུན༌ནི༌ ཁོང༌གུན༌ནི༌ ནོར༌གུན༌ ཅོམས༌ཏེ༌ ཁྱེརས༌། ཡ༌ཝའེ༌ ཁོང༌གུན༌ ཆོགས༌ ཚང༌མ༌ནེ༌ གྲ༌འོ༌གུན༌ནི༌ ལག༌ག༌ སྟདས༌ ཡང༌ ཁོང༌གུན༌ལ༌ ཏེ༌ སྤུང༌གོལ༌གུན༌ནེ༌ ཁོ༌རང༌གུན༌ སྐྱོབ༌ མ༌ཉན༌།
15 ཏུས༌གྱུན༌ ཨིས༌ར༌ཨེལ༌པ༌གུན༌ མག༌ག༌ ཆ༌ ཟ༌ནེ༌ ཡ༌ཝའེ༌ ཁོང༌གུན༌ནི༌ གྱབ༌གལ༌ ཛད༌ཏེ༌ ཁོང༌གུན༌ ཕམ༌ ཅུག༌ག༌ ཛདས༌ ཀ༌ཟུག༌ ཁོང༌ངི༌ ནའ༌ ཁུར༌ར༌ ཛད༌ཏེ༌ ཨིན༌པིན༌། ཁོང༌གུན༌ མ༌སྲན༌ཏྲེ༌ རྡུག༌ངལ༌ལི༌ ནང༌ང༌ ཡོད༌པིན༌།
16 ཏེ༌ནེ༌ ཏེ༌ སྤུང༌གོལ༌ ཅོ༌ཁན༌གུན༌ནི༌ ཀ༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ ཐར༌ཅུག༌ཅེས༌སི༌ ཕིའ༌ ཡ༌ཝའེ༌ ཁོང༌གུན༌ སྐྱོབ༌ཁན༌ནི༌ གོ༌ཁྲིད༌ རིག༌ ལྡམ༌མ༌ ཛདས༌།
17 ཏེ༌ནེའང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཏེ༌ གོ༌ཁྲིད༌གུན༌ནི༌ ཁའ༌ མ༌ཉན༌ན༌ ཡ༌ཝ༌ ཕངས༌ཏེ༌ ལྷ༌ལྷ༌མོ༌གུན༌ལ༌ ཅོལས༌། ཁོང༌གུན༌ནི༌ ཕ༌མེས༌པོ༌གུན༌ ཡ༌ཝའེ༌ བཀའ༌ ཁའ༌ཉན༌ཏེ༌ གྲུལ༌ཁན༌ནི༌ ལམ༌མི༌ ཀ༌ནེ༌ ཁོང༌གུན༌ གྱོགས༌པ༌ གྱུར༌ཏེ༌ སོང༌།
18 ཁོང༌གུན༌ནི༌ ཕྲོ༌ནེ༌ ཡ༌ཝའེ༌ སྐྱོབ༌ཁན༌ གོ༌ཁྲིད༌ ལྡམ༌མ༌ ཛད༌ཏེ༌ སྟིང༌ནེ༌ ཁོ༌ ཤི༌ཤི༌ ཚག༌པ༌ ཡ༌ཝ༌ ཁོ༌ ཉམ༌པོ༌ ཞུགས༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ གྲ༌འོ༌གུན༌ནི༌ ཀ༌ནེ༌ སྐྱོབ༌བ༌ ཛདས༌། རྡུག༌ངལ༌ལི༌ ནན༌ཏེ༌ སྙིང༌ཤུགས༌ ཏངས༌ པ༌སང༌ ཁོང༌གུན༌ནི༌ཀ༌ ཡ༌ཝའ༌ སྙིང༌རྗེ༌ སྐྱེའ༌ ཛདས༌།
19 ཨིན༌ནའང༌ སྐྱོབ༌ཁན༌ནི༌ གོ༌ཁྲིད༌ ཤིའ༌ཅིག༌ མི༌གུན༌ ཁོང༌རང༌གུན༌ནི༌ ངན༌པ༌ མི༌ཚེ༌ ནང༌ང༌ ལོགས༌ཏེ༌ སོང༌ ཡང༌ ཁོ༌རང༌གུན༌ནི༌ ཕ༌མེས༌པོ༌གུན༌ནི༌ སང༌ མང༌ང༌ ངན༌པ༌ ཅོས༌། ཁོང༌གུན༌ནི༌ ལྷ༌ལྷ༌མོ༌གུན༌ནི༌ ཁའ༌ ཉན༌ཏེ༌ ཁོང༌གུན༌ལ༌ ཞབས༌ཏོག༌ ཞུས༌ཏེ༌ ཅོལས༌། ཁོང༌གུན༌ སྙིང༌སྐྱོང༌པོ༌ ཡང༌ ཏེ༌ ལས༌ ངན༌པ༌གུན༌ ཕང༌ཅེས༌ལ༌ མ༌ཐད༌།
20 ཏེ༌བོའེ༌ཕིའ༌ ཡ༌ཝ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ཀ༌ མ༌སྲན༌ཏྲེ༌ ཐུག༌སྲོ༌ སྐྱོད༌ཏེ༌ མོལས༌, “འི༌ མི༌གུན༌ནི༌ ཁོང༌གུན༌ནི༌ ཕ༌མེས༌པོ༌གུན༌ནི༌ ང༌ ཉམ༌པོ༌ ཅོ༌ཁན༌ ཆད༌དོན༌བོ༌ ཅགས༌ཏེ༌ ཁའ༌ མ༌ཉན༌ པ༌སང༌,
21 ཡོ༌ཤུའེ༌ ཤི༌ སང༌ སྔུན༌ལ༌ ང༌ཡོག༌ག༌ མ༌ཁྱོང༌ཁན༌ནི༌ གྱལ༌ཁག༌གུན༌ནི༌ ནང༌ནེ༌ མི༌གུན༌ ངའེ༌ ཕིངས༌ཏེ༌ མི༌ཏང༌།
22 ཁོང༌གུན༌ནི༌ ཕ༌མེས༌པོ༌གུན༌ གྲུལ༌ལ༌ ཙོགས༌ལ༌ ཨིས༌ར༌ཨེལ༌པ༌གུན༌ ཡ༌ཝའེ༌ ལམ༌མི༌ཀ༌ གྲུལ༌ དུག༌ག༌ མི༌དུག༌ ཚོད༌ ལྟ༌ཅེས༌ལ༌ ངའེ༌ འི༌ མི༌གུན༌ ཀོལ༌ཨིན༌།”
23 ཏེ༌བོའེ༌ཕིའ༌ ཡ༌ཝའེ༌ ཏེ༌ གྱལ༌ཁག༌གི༌ མི༌གུན༌ ཏེན༌ན༌རུ༌ བོར༌ར༌ ཛད༌། ཁོང༌ངི༌ ཏེན༌ན༌མལ༌ལ༌ ཁོང༌གུན༌ ཕིང༌ང༌ ཛད༌ཏེ༌ ཡོ༌ཤུའེ༌ ལག༌ག༌ ཏང༌ང༌ མ༌ཛདས༌།