6
ཨིས༌ར༌ཨེལ༌པ༌གུན༌ ཐར༌ཅུག༌ཁན༌ གི༌དི༌འོན༌།
6:1-40
ཡང༌སྐྱར༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཡ༌ཝའེ༌ སྐུན༌དུན༌ལ༌ ངན༌པ༌ ཅོས༌ ཡང༌ ཡ༌ཝའེ༌ ལོ༌ རྡུན༌ནི༌ ཕིའ༌ ཁོང༌གུན༌ མི༌དིའན༌པ༌གུན༌ནི༌ ལག༌ག༌ སྟད༌ད༌ ཛདས༌། མི༌དིའན༌པ༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ནགས༌ སྲན༌ཏྲེ༌ སྟན༌ པ༌སང༌ ཁོང༌གུན༌ རི༌, བྲག༌ཕུགས༌ ཡང༌ ཇིགས༌ནང༌ མེད༌སའེ༌ ས༌ཀྱད༌གུན༌ནི༌ ནང༌ང༌ ཨིབ༌སའེ༌ ནས༌ས༌ ཅོས༌། ཨིས༌ར༌ཨེལ༌པ༌གུན༌ནི༌ སྟོན༌ཐོག༌ ཏབ༌བ༌ཅིག༌ མི༌དིའན༌པ༌, ཨ༌མ༌ལིཀ༌པ༌ ཡང༌ ཤར༌ ཆོགས༌སི༌ མི༌གུན༌ནི༌ ཁོང༌གུན༌ལ༌ སྤུང༌གོལ༌ ཅོས༌ཏེ༌ ཏེ༌རུ༌ ཀུར༌ ཙུགས༌ཏེ༌ དུགས༌ཏེ༌ ག༌ཟ༌ ཚོག༌པ༌ ཁོང༌གུན༌ནི༌ སྟོན༌ཐོག༌གུན༌ མེད༌ཁན༌ ཅོའད༌པིན༌། ཁོང༌གུན༌ནི༌ ལུག༌, བ༌ལང༌ དང༌ བུང༌བུ༌ ཚང༌མའང༌ ཁྱེར༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ ཟའ༌ཅེས༌ ཅའང༌ ལུས༌ཤུག༌ག༌ མེད༌པིན༌། ཁོང༌གུན༌ ཁོང༌རང༌གུན༌ནི༌ སེམས༌ཅན༌ དང༌ ཀུར༌གུན༌ ཉམ༌པོ༌ པར༌པར༌ཙེ༌ ཚོགས༌ ཙོགས༌ལ༌ མ༌མང༌པོ༌ ཡོང༌ངད༌པིན༌། མི༌གུན༌ དང༌ རྔ༌བོང༌གུན༌ རྩི༌ མི༌ཉན༌ཅེས༌ མང༌པོ༌ ཡོངས༌ཏེ༌ ཏེ༌ ནས༌ས༌ སྟོང༌པ༌ ཆ༌ཆ༌ དུག༌གད༌པིན༌། མི༌དིའན༌པ༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ མ༌ ཉལ༌བ༌ཅན༌ གྱུར༌ཅུགས༌ཏེ༌ ཁོང༌གུན༌ལ༌ རྡུག༌པོ༌ ཐོང༌ ཅུགས༌ པ༌སང༌ ཁོང༌གུན༌ནི༌ ཡ༌ཝའ༌ རོགས༌ ཅོའ༌ ཛད༌ཅེས༌ལ༌ མོས༌ལམ༌ ཞུས༌།
མི༌དིའན༌པ༌གུན༌ནི༌ ཞས༌ཏེ༌ ཁོང༌གུན༌ནི༌ ཡ༌ཝའ༌ མོས༌ལམ༌ ཞུའ༌ཅིག༌, ཁོང༌ངི༌ ཁོང༌གུན༌ནི༌ཀ༌ ལུང༌སྟོན༌པ༌ཞིག༌ ཀལ༌ལ༌ ཛདས༌ ཡང༌ ཁོའེ༌ ཟེརས༌, “ཨིས༌ར༌ཨེལ༌ལི༌ དཀོན༌མཆོག༌ ཡ༌ཝའེ༌ འི༌ཟུག༌ མོལ༌ལ༌རག༌, ‘ངའེ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཚེ༌ཡོག༌ག༌ ཡོད༌ཁན༌ ཨི༌ཇིབ༌བི༌ ནས༌ས༌ནེ༌ ཕིངས༌ཏེ༌ ཁྱོངས༌པིན༌། ཨི༌ཇིབ༌པ༌གུན༌ ཐེས༌ཏེ༌ ཞན༌ ཁྱོ༌ཞའ༌ ནགས༌ སྟན༌ཁན༌ ཚང༌མའེ༌ ཀ༌ནེ༌ ངའེ༌ ཁྱོ༌རང༌གུན༌ སྐྱོབས༌ཏེ༌ ཁྱོངས༌པིན༌། ངའེ༌ ཁྱོ༌ཞའེ༌ གྲ༌འོ༌གུན༌ ཕིངས༌ཏེ༌ ཁོང༌གུན༌ནི༌ ས༌ཀྱད༌ ཁྱོ༌ཞའ༌ ཏངས༌པིན༌། 10 ངའེ༌ ཁྱོ༌ཞ༌གུན༌ལ༌ ཟེར༌པིན༌, ‘ང༌ ཁྱོ༌ཞ༌གུན༌ནི༌ དཀོན༌མཆོག༌ ཡ༌ཝ༌ ཡང༌ ཁྱོ༌ཞའེ༌ ཨ༌མོར༌པ༌གུན༌ནི༌ ལྷ༌ལྷ༌མོ༌གུན༌ལ༌ ཅོལ༌ མ༌གོས༌, ཀ༌གུན༌ནི༌ ས༌ཀྱད༌དི༌ ནང༌ང༌ ཁྱོ༌ཞའ༌ དུག༌ཨིན༌ ཨིན༌ནོག༌།’ ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ཁའ༌ མ༌ཉནས༌།”
11 ཡ༌ཝའེ༌ ཕོ༌ཉ༌ སྐྱོདས༌ཏེ༌ ཨོཕ༌རཧ༌ ནང༌ང༌ ཨ༌བིའེ༌ཟེར༌པ༌ ཡོ༌འཤ༌ཤི༌ ཨིན༌ཁན༌ ཨོག༌གི༌ ལྕང༌མ༌ ཆེན༌མོའེ༌ ཡོག༌ག༌ ཞུགས༌། ཏེ༌ཀ༌ མི༌དིའན༌པ༌གུན༌ནི༌ ཀ༌ནེ༌ ཨིབས༌ཏེ༌ ཡོ༌འཤ༌ཤི༌ བུ༌ཚ༌ གི༌དི༌འོན༌ནི༌ རྒུན༌ཆང༌ ཙིར༌སའེ༌ ནང༌ང༌ སྙེ༌མ༌ དུངས༌ཏེ༌ གྲོ༌ ཕིང༌ངད༌པིན༌། 12 ཡ༌ཝའེ༌ ཕོ༌ཉའ༌ ཁོ༌ ཡོད༌ས༌ སྐྱོད༌ཏེ༌ མོལས༌, “ནོལ༌ཁན༌ ཀྲག༌པོ༌ གི༌དི༌འོན༌, ཡ༌ཝ༌ ཁྱོ༌རང༌ ཉམ༌པོ༌ ཡོད༌།”
13 གི༌དི༌འོན༌ནི༌ ལན༌ཏངས༌, “སྤོན༌བོ༌ལེ༌ ཀལ༌ཏེས༌ ཡ༌ཝ༌ ང༌ཞའ༌ ཉམ༌པོ༌ ཡོད༌ན༌ ང༌ཞ༌གུན༌ནི༌ཀ༌ འི༌ ཚང༌མ༌ ཅིའ༌ ཇུངས༌ཏེ༌ ཨིན༌ནོག༌? ‘ཡ༌ཝའེ༌ ང༌དང༌གུན༌ ཨི༌ཇིབ༌བི༌ ནང༌ནེ༌ ཕིངས༌ཏེ༌ མ༌ཁྱོངས༌ས༌’ ཟེར༌ཏེ༌ ང༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ ཤད༌ཁན༌ ཁོང༌ངི༌ ཧ༌ལས༌ཤེས༌སི༌ ཛད༌པ༌གུན༌ ཀ༌རུ༌ སོང༌? ཨིན༌ནའང༌ ཏ༌ ཡ༌ཝའེ༌ ང༌ཞའ༌ ཕང༌ང༌ ཛད༌ཏེ༌ མི༌དིའན༌པ༌གུན༌ནི༌ ལག༌ག༌ སྟད༌ད༌ ཛདས༌།”
14 ཏེ༌ནེ༌ ཡ༌ཝ༌ ཁོ༌ ཆོགས༌ལ༌ གྱུར༌ར༌ ཛད༌ཏེ༌ མོལས༌, “ངའེ༌ ཁྱོ༌རང༌ ཀལ༌ཏེ༌ མ༌ནོག༌ག༌? སོང༌, ཁོ༌རང༌ང༌ ཡོད༌ཁན༌ནི༌ ཤེད༌ ཀོལ༌ཏེ༌ མི༌དིའན༌པ༌གུན༌ནི༌ ལག༌ནེ༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབས༌ཏེ༌ ཁྱོང༌།” 15 ཨིན༌ནའང༌ གི༌དི༌འོན༌ནི༌ ཟེརས༌, “ཡ༌ཝ༌ལེ༌, ཀ༌ཟུག༌གི༌ ངའེ༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབ༌ཨིན༌? མ༌ནས༌སའེ༌ མི༌སྡེ༌ གང༌པོའེ༌ ནང༌ནེ༌ ང༌ཞའེ༌ མི༌རིགས༌པོ༌ ཚང༌མའེ༌སང༌ ཤེད༌མེད༌ ཡང༌ ངའེ༌ ནང༌ཚངས༌སི༌ ནང༌ནེ༌ ང༌ ཆུང༌ཤོག༌ རྩིས༌མེད༌པོ༌ ཨིན༌།”
16 ཡ༌ཝའེ༌ ཁོའ༌ མོལས༌, “ཨིན༌ནའང༌ ང༌ ཁྱོ༌རང༌ ཉམ༌པོ༌ ཡོད༌ ཡང༌ ཁྱོ༌རང༌ངི༌ མི༌དིའན༌པ༌ ཚང༌མའ༌ ཕམ༌ཀལ༌ཏེ༌ མེད༌ཁན༌ ཅོ༌ཨིན༌།”
17 གི༌དི༌འོན༌ནི༌ ལན༌ཏངས༌, “ཀལ༌ཏེས༌ ཉེ༌རང༌ ངའེ༌ཀ༌ དེན༌བའ༌ ཐུག༌ཉེས༌ན༌, ཡ༌ཝའེ༌ ཞལ༌ཏ༌ སལ༌ཁན༌བོ༌ དེན༌བ༌ ཨིན༌ཁན༌ནི༌ སྟགས༌ཤིག༌ ངའ༌ སྟན༌ན༌ ཛད༌། 18 ངའེ༌ ཉེ༌རང༌ང༌ ཕུལ༌ཅེས༌སི༌ ཆོད༌པ༌ ཁྱོང༌ཁྱོང༌ ཚག༌པ༌ ཉེ༌རང༌ སྐྱོད༌ མ༌སྐྱོད༌ད༌ འི༌ཀ༌ ཞུགས༌ལེ༌།”
ཁོང༌ངི༌ ལན༌སལས༌, “ཁྱོ༌རང༌ ལོགས༌ཏེ༌ ཡོང༌ཡོང༌ ཚག༌པ༌ ང༌ འིན༌ནི༌ཀ༌ དུག༌ཨིན༌།”
19 གི༌དི༌འོན༌ གྱོགས༌པ༌ ཁང༌པ༌ སོང༌ཏེ༌ ར༌མ༌ ཆུ༌ངུན༌ནི༌ ཤ༌ སྐོལས༌ ཡང༌ གི༌གུ༌ ཆེན༌མོ༌ གང༌ངི༌ པག༌པའེ༌ ཁྱོངས༌ཏེ༌ སྐྱུར༌ མེད༌ཁན༌ནི༌ ཏ༌གི༌ ཅོས༌། ཏེ༌ནེ༌ ཁོའེ༌ ཤ༌ པག༌ཙེ༌ ནང༌ང༌ ཡང༌ ཤ༌ཁུའ༌ ཟང༌བུའི༌ ནང༌ང༌ གྱངས༌ཏེ༌ ཁྱོངས༌ ཡང༌ ལྕང༌མ༌ ཆེན༌མོའེ༌ ཡོག༌ག༌ ཞུགས༌ཁན༌ནི༌ ཕོ༌ཉའ༌ ཆོད༌པ༌ ཕུལས༌།
20 དཀོན༌མཆོག༌གི༌ ཕོ༌ཉའེ༌ ཁོའ༌ མོལས༌, “ཤ༌ དང༌ སྐྱུར༌ མེད༌ཁན༌ནི༌ ཏ༌གི༌ འི༌ ཕོ༌ལོངས༌སི༌ཀ༌ བོར༌ཏེ༌ ཤ༌ཁུའ༌ ཏེ༌བོའེ༌ ཁེ༌ཐོག༌ག༌ ལུག༌།” ཡང༌ གི༌དི༌འོན༌ནི༌ ཁོང༌ངི༌ མོལ༌ཁན༌བོ༌ ཅོས༌། 21 ཡ༌ཝའེ༌ ཕོ༌ཉའེ༌ ཁོང༌རང༌ངི༌ ཆག༌ག༌ ནམས༌ཁན༌ནི༌ བེར༌ཀའེ༌ གོ༌ ཤ༌ དང༌ ཏ༌གིའ༌ ཐུག༌ ཅུག༌ག༌ ཛད༌ད༌ཅིག༌ ཕོ༌ལོངས༌སི༌ ནང༌ནེ༌ མེ༌ བིང༌ཏེ༌ ཟན༌ ཚང༌མ༌ མེའ༌ སྲག༌ཏེ༌ མེད༌ཁན༌ ཛདས༌ ཡང༌ ཡ༌ཝའེ༌ ཕོ༌ཉ༌ ཏེ༌ཀ༌ནེ༌ སྟོར༌།
22 གི༌དི༌འོན༌ལ༌ ཁོང༌ ཡ༌ཝའེ༌ ཕོ༌ཉ༌ ཨིན༌ཁན༌བོ༌ ཧ༌གོའ༌ཅིག༌ ཁོའེ༌ ཟེརས༌, “ཡ༌ཝ༌ ཀུན༌ཝང༌ལེ༌། ཝའོ༌, ངའེ༌ ཡ༌ཝའེ༌ ཕོ༌ཉ༌ ང༌རང༌ངི༌ མིག༌ནེ༌ ཇལ༌།”
23 ཨིན༌ནའང༌ ཡ༌ཝའེ༌ ལན༌སལས༌, “ཇིགས༌ མ༌ཇིགས༌, ཞི༌དེ༌ ཉམ༌པོ༌ དུག༌། ཁྱོ༌རང༌ ཤི༌ མི༌ཤི༌།”
24 ཏེ༌ནེ༌ གི༌དི༌འོན༌ནི༌ ཏེ༌ཀ༌ ཡ༌ཝའེ༌ ཕིའ༌ ཆོད༌ཁྲི༌ཞིག༌ རྩིགས༌ ཡང༌ ཏེ༌བོའ༌ ‘ཡ༌ཝ༌ ཞི༌དེ༌ཅན༌’ མིང༌ང༌ ཏགས༌། ཏེ༌ ཆོད༌ཁྲི༌ དི༌རིང༌ངའང༌ ཨ༌བིའེ༌ཟེར༌པ༌གུན༌ནི༌ ནས༌ས༌ ཨོཕ༌རཧའེ༌ ནང༌ང༌ ཡོད༌ཏེ༌ ཨིན༌ནོག༌།
25 ཏེན༌ན༌ ཚན༌ལ༌ ཡ༌ཝའེ༌ གི༌དི༌འོན༌ལ༌ མོལས༌, “ཁྱོ༌རང༌ངི༌ ཨ༌བའེ༌ བ༌ལང༌ངི༌ ཁྱུའི༌ ནང༌ནེ༌ ལོ༌ རྡུན༌ ཆའ༌ཁན༌ནི༌ ལང༌ཏོ༌ ཉིས༌པ༌བོ༌ ཁྱོང༌། ཁྱོ༌རང༌ངི༌ ཨ༌བའེ༌ བའལ༌ལ༌ ཅོལ༌ཅེས༌སི༌ ཕིའ༌ རྩིག༌ཁན༌ནི༌ ཆོད༌ཁྲི༌ ཤིག༌ ཡང༌ ཏེ༌བོའེ༌ དུན༌ལ༌ ཨ༌ཤེ༌རཧ༌ ལྷ༌མོའེ༌ ཕིའ༌ ལངས༌ཁན༌ནི༌ རྡུང༌མ༌བོ༌ ཏུམ༌པ༌ཏུམ༌པའེ༌ ནང༌ང༌ ཅོད༌། 26 ཏེ༌ནེ༌ འི༌ རིའི༌ གོའེ༌ཀ༌ ང༌ ཁྱོ༌ཞའེ༌ དཀོན༌མཆོག༌ ཡ༌ཝའེ༌ ཕིའ༌ རྡོའ༌གུན༌ རིགས༌ཏེ༌ ཆོད༌ཁྲི༌ཞིག༌ རྩིགས༌། ཨ༌ཤེ༌རཧའེ༌ རྡུང༌མ༌ ཅད༌ཁན༌ནི༌ ཤིང༌ ཀོལ༌ཏེ༌ ཏེ༌ ཆོད༌ཁྲི༌ཀ༌ ལང༌ཏོ༌ ཉིས༌པའེ༌ ཤ༌ མེའ༌ སྲགས༌ཏེ༌ ཆོད༌པའ༌ ཕུལ༌།”
27 ཏེ༌ནེ༌ གི༌དི༌འོན༌ནི༌ ཁོ༌རང༌ངི༌ ཡོག༌པོ༌ རྕུ༌ ཁྲིད༌ཏེ༌ ཡ༌ཝའེ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཅོས༌། ཨིན༌ནའང༌ ཁོ༌རང༌ངི༌ ནང༌ཚངས༌ དང༌ གྲོང༌ཁྱེར༌རི༌ མི༌གུན༌ལ༌ ཇིགས༌ པ༌སང༌ ཁོའེ༌ ཏེ༌བོ༌ ཚན༌ལ༌ ཅོས༌།
28 ཐོ༌རེ༌ཟུག༌པོ༌ ང༌མོ༌ གྲོང༌ཁྱེར༌རི༌ མི༌གུན༌ལ༌ བའལ༌ལི༌ ཆོད༌ཁྲི༌ ཤིགས༌ཏེ༌ ཏེ༌བོའེ༌ དུན༌ལ༌ ཡོད༌ཁན༌ནི༌ ཨ༌ཤེ༌རཧའེ༌ རྡུང༌མ༌ ཅད༌ཏེ༌ ཏེ༌ ནས༌སའེ༌ཀ༌ ཆོད༌ཁྲི༌ སོ༌མ༌ཞིག༌ རྩིགས༌ཏེ༌ ལང༌ཏོ༌ ཉིས༌པ༌ ཆོད༌པ༌ ཕུལ༌ཁན༌ནི༌ རོ༌ཏོ༌གུན༌ ཐོང༌།
29 མི༌གུན༌ནི༌ ཅིག༌ དང༌ ཅིག༌ག༌ ཟེརས༌, “འི༌བོ༌ སུའི༌ ཅོས༌ཧེ༌?” ཡང༌ ཉེ༌ཁོར༌ལ༌ ཞིབ༌སལ༌ ཅོས༌ཏེ༌ སྟག༌ཅད༌ ཅོས༌པ༌ ཁོང༌གུན༌ལ༌ ཡོ༌འཤ༌ཤི༌ བུ༌ཚ༌ གི༌དི༌འོན༌ནི༌ ཅོས༌ཁན༌བོ༌ ཧ༌གོ༌།
30 གྲོང༌ཁྱེར༌རི༌ མི༌གུན༌ནི༌ ཡོ༌འཤ༌ལ༌ ཟེརས༌, “ཁྱོ༌རང༌ངི༌ བུ༌ཚ༌ ཕིངས༌ཏེ༌ ཁྱོང༌, ཁོ༌ སད༌གོས༌ ཅིའ༌ཟེར༌ན༌ ཁོའེ༌ བའལ༌ལི༌ ཆོད༌ཁྲི༌ ཤིགས༌ཏེ༌ ཏེ༌ དུན༌ལ༌ ཡོད༌ཁན༌ ཨ༌ཤར༌རི༌ རྡུང༌མ༌ ཅད༌ཏེ༌ ཨིན༌ནོག༌།”
31 ཨིན༌ནའང༌ སྲོ༌ ཡོངས༌ཁན༌ནི༌ མི༌གུན༌ལ༌ ཡོ༌འཤ༌ཤི༌ ཟེརས༌, “ཅི༌ཕིའ༌ ཁྱོ༌རང༌གུན༌ནི༌ བའལ༌ སྐྱོབ༌བད༌? ཅིའ༌ ཁྱོ༌ཞ༌གུན༌ནི༌ བའལ༌ལི༌ ཕིའ༌ ནོལ༌ལད༌? བའལ༌ལ༌ ཆོགས༌སྐྱོར༌ ཅོས༌ཏེ༌ ནོལ༌ཁན༌ནི༌ མི༌ ང༌མོ༌ ཚོག༌པ༌ སོན༌ཏེའ༌ མི༌ལུས༌། ཀལ༌ཏེས༌ བའལ༌ དེན༌བའེ༌ ལྷ༌ ཨིན༌ན༌ ཁོའེ༌ ཆོད༌ཁྲི༌ ཤིག༌ཁན༌གུན༌ལ༌ ཆད༌པ༌ ཏངས༌ཏེ༌ ཁོ༌རང༌ སྐྱོབ༌ཨིན༌།” 32 ཏེ༌ ཏུས༌ནེ༌ ཕར༌ལ༌ གི༌དི༌འོན༌ལ༌ ཡེ༌རུབ༌བའལ༌ མིང༌ང༌ ཏགས༌ ཀ༌བོའེ༌ དོན༌ནི༌ “བའལ༌ལ༌ ཁོ༌རང༌ སྐྱོབ༌ཅུག༌” ཨིན༌ནོག༌ ཅིའ༌ཟེར༌ན༌ ཤིག༌ཁན༌ནི༌ ཆོད༌ཁྲི༌ ཁོའེ༌ ཨིན༌ནོག༌།
33 ཏ༌ མི༌དིའན༌པ༌, ཨ༌མ༌ལིཀ༌པ༌ ཡང༌ ཤར༌ ཆོགས༌སི༌ ཞན༌ མི༌ ཚང༌མ༌ ཐུན༌བྲེལ༌ སོང༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ནོལ༌ལ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ ཡེཟ༌རེ༌འེལ༌ལི༌ ལུང༌པའེ༌ ནང༌ང༌ ཀུར༌ ཙུགས༌ཏེ༌ དུགས༌། 34 ཏེ༌ནེ༌ ཡ༌ཝའེ༌ ཐུག༌ཉིད༌ གི༌དི༌འོན༌ནི༌ཀ༌ བབས༌པ༌ ཁོའེ༌ ཨ༌བིའེ༌ཟེར༌པ༌གུན༌ལ༌ ཁོའེ༌ གྱབ༌ནེ༌ ནོལ༌ལ༌ ཡོང༌ཅེས༌ལ༌ ཏུང༌ ཕུས༌ཏེ༌ བོདས༌། 35 ཁོའེ༌ མ༌ནས༌ས༌, ཨ༌ཤེར༌, ཟེ༌བུ༌ལོན༌ དང༌ ནཕ༌ཐལ༌ལི༌ མི༌སྡེ༌གུན༌ལ༌ ལོན༌ ཀལ༌ཏེ༌ བོདས༌ ཡང༌ ཁོང༌ངི༌ མག༌མི༌ ཚང༌མ༌ རོགས༌ ཅོ༌ཅེས༌ལ༌ ཡོངས༌།
36 ཏེ༌ནེ༌ གི༌དི༌འོན༌ནི༌ དཀོན༌མཆོག༌ག༌ མོལས༌, “ཉེ༌རང༌ངི༌ ཞལ༌ཆད༌ ནང༌ཞིན༌ ཀལ༌ཏེས༌ ཉེ༌རང༌ངི༌ ང༌ གྱུད༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབ༌བ༌ ཛད༌ཅེས༌ ཨིན༌ན༌, 37 དི༌རིང༌ ཚན༌ལ༌ ངའེ༌ ཁུ༌ཡུས༌ སྐོར༌སའེ༌ ནས༌སའེ༌ཀ༌ ལུག༌གི༌ བལ༌ བོར༌ཨིན༌, ང༌མོ༌ བལ༌ ཟིལ༌པའེ༌ ལོན༌པ༌ ཨིན༌ནའང༌ ས༌ཀྱད༌པོ༌ སྐམ༌པོ༌ ཡོད༌ན༌ ཏེ༌ནེ༌ ཉེ༌རང༌ངི༌ ཞལ༌ཆད༌ ནང༌ཞིན༌ ང༌ གྱུད༌ཏེ༌ ཨིས༌ར༌ཨེལ༌པ༌གུན༌ སྐྱོབ༌བ༌ ཛད༌ཅེས༌པོ༌ ང༌ ཧ༌གོ༌ཨིན༌།” 38 ཡང༌ ཏེན༌ན༌བོ༌ ཇུང༌། ང༌མོ༌ གི༌དི༌འོན༌ ལངས༌ཏེ༌ བལ༌བོ༌ ཙིར༌ར༌ཅིག༌ གོར༌མོ༌ གང༌ངི༌ ཆུ༌ ཕིངས༌།
39 ཏེ༌ནེ༌ གི༌དི༌འོན༌ནི༌ དཀོན༌མཆོག༌ག༌ མོལས༌, “ཇུ༌ཇུ༌ ངའེ༌ཀ༌ ཐུག༌སྲོ༌ མ༌སྐྱོད༌། ཡང༌སྐྱར༌ སྟགས༌ཤིག༌ སྟན༌ན༌ ཛད༌ཅེས༌ལ༌ ང༌ ཞུ༌ཝ༌ ཕུལ༌ཅུག༌། འི༌ ལན༌ བལ༌ སྐམ༌པོ༌ ཨིན༌ནའང༌ ས༌ཀྱད༌ ལོན༌པ༌ ལུ༌ ཤུག༌ག༌ ཛད༌། 40 ཏེན༌ན༌ ཚན༌ལ༌ དཀོན༌མཆོག༌གི༌ གི༌དི༌འོན༌ནི༌ ཟེར༌ཁན༌བོ༌ ཛདས༌། ང༌མོ༌ བལ༌ སྐམ༌པོ༌ ཡང༌ ས༌ཀྱད༌ ཟིལ༌པའེ༌ ཀབས༌ཏེ༌ ཡོད༌པིན༌།