7
གི༌དི༌འོན༌ནི༌ མི༌དིའན༌པ༌གུན༌ལ༌ ཕམ༌ཀལས༌།
7:1-25
ཡེ༌རུབ༌བའལ༌ ཡང༌ན༌ གི༌དི༌འོན༌ དང༌ ཁོའེ༌ མག༌མི༌གུན༌ ང༌མོ༌ནེ༌ ལངས༌ཏེ༌ ཐག༌རིང༌ ཧེ༌རོད༌ ཟེར༌ཁན༌ནི༌ ཆུ༌མིག༌ ཚོག༌པ༌ སོང༌། ཁོང༌གུན༌ནི༌ བྱང༌ ཆོགས༌ལ༌ རི༌ མོ༌རེཧའེ༌ ཉེ༌མོའ༌ ལུང༌པའེ༌ ནང༌ང༌ མི༌དིའན༌པ༌ མག༌མི༌གུན༌ ཀུར༌ ཙུགས༌ཏེ༌ དུགས༌ཏེ༌ ཡོད༌པིན༌། ཡ༌ཝའེ༌ གི༌དི༌འོན༌ལ༌ མོལས༌, “ངའེ༌ མི༌དིའན༌པ༌གུན༌ ཁྱོ༌རང༌ངི༌ ལག༌ག༌ སྟད༌ཨིན༌ ཨིན༌ནའང༌ ཁྱོ༌རང༌ ཉམ༌པོ༌ མག༌མི༌ མངས༌ཏེའང༌ མང༌པོ༌ ཡོད༌ པ༌སང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཕོ༌སོ༌ ཅོས༌ཏེ༌ ཁོང༌རང༌གུན༌ནི༌ ཁྱུད༌ གྱུད༌ཏེ༌ གྱལ༌ཁ༌ ཐོབ༌ ཟེར༌སྲིད༌ཅེས༌ ཨིན༌ནོག༌། ཏེ༌བོའེ༌ཕིའ༌ ‘སེམས༌ཤུག༌ ཆགས༌ཁན༌ ཡ༌ ཇིགས༌ཁན༌ མི༌གུན༌ རི༌ གི༌ལེད༌ནེ༌ ལོགས༌ཏེ༌ ཁང༌པ༌ ཆ༌ནའང༌ གྲིག༌’ ཟེར༌།” ཏེ༌ནེ༌ ཁོང༌གུན༌ནི༌ ནང༌ནེ༌ 22,000 ཁང༌པ༌ ལོགས༌ཏེ༌ སོང༌ ཡང༌ 10,000 མན༌ནེ༌ མ༌ལུས༌།
ཨིན༌ནའང༌ ཡ༌ཝའེ༌ གི༌དི༌འོན༌ལ༌ མོལས༌, “ཏ༌རུང༌ངའང༌ མག༌མི༌ མངས༌ཏེའང༌ མང༌པོ༌ དུག༌། ཁོང༌གུན༌ ཐུར༌ལ༌ ཆུ༌མིག༌ ཡོད༌ས༌ ཁྱེར༌ ཡང༌ ངའེ༌ ཏེ༌རུ༌ ཁྱོ༌རང༌ ཉམ༌པོ༌ ནོལ༌ལ༌ ཆ༌ཅེས༌ཅན༌ དང༌ མི༌ཆ༌ཅེས༌ཅན༌ གུན༌ ཕེ༌ཨིན༌།”
ཏེ༌ནེ༌ གི༌དི༌འོན༌ནི༌ མག༌མི༌གུན༌ ཐུར༌ལ༌ ཆུ༌མིག༌ ཡོད༌ས༌ ཁྱེརས༌ ཡང༌ ཡ༌ཝའེ༌ ཁོའ༌ མོལས༌, “ལག༌པའེ༌ ནང༌ང༌ ཆུ༌ ཁྱོངས༌ཏེ༌ ཁྱི༌ ཙོགས༌ལ༌ ལྕེ༌ ཉམ༌པོ༌ ཆུ༌ ཐུང༌ཁན༌གུན༌ དང༌ པིག༌མོ༌ ཙུགས༌ཏེ༌ ཁའ༌ ཉམ༌པོ༌ ཆུ༌ ཐུང༌ཁན༌གུན༌ སོ༌སོ༌ ཕེས༌།” མི༌ 300 ཁོང༌རང༌གུན༌ནི༌ ལག༌པའེ༌ ནང༌ང༌ ཆུ༌ ཁྱོངས༌ཏེ༌ ཐུངས༌ ཨིན༌ནའང༌ ཞན༌ གུན༌ནི༌ པིག༌མོ༌ ཙུགས༌ཏེ༌ ཁའ༌ ཉམ༌པོ༌ ཆུ༌ ཐུངས༌།
ཡ༌ཝའེ༌ གི༌དི༌འོན༌ལ༌ མོལས༌, “འི༌ མི༌ 300, ཁྱི༌ ཙོགས༌ལ༌ ལྕེ༌ ཉམ༌པོ༌ ཆུ༌ ཐུང༌ཁན༌གུན༌ གྱུད༌ཏེ༌ ངའེ༌ ཁྱོ༌ཞའ༌ ཐར༌ཅུགས༌ཏེ༌ མི༌དིའན༌པ༌གུན༌ནི༌ཀ༌ གྱལ༌ཁ༌ ཐོབ༌ཅུག༌ཨིན༌། ཏ༌ ཞན༌ ཚང༌མ༌ ཁང༌པ༌ ལོགས༌ཏེ༌ ལམ༌ཅུག༌།” ཏེ༌ནེ༌ གི༌དི༌འོན༌ནི༌ ཏེ༌ མག༌མི༌ 300 མ༌སྟོགས༌ ཞན༌ ཚང༌མ༌ ལོགས༌ཏེ༌ ལམ༌ཅུགས༌ ཡང༌ ལྡམ༌ཁན༌ནི༌ མག༌མི༌ སུམ༌གྱའེ༌ ཁོ༌རང༌གུན༌ནི༌ ཕིའ༌ ཁར༌ཇི༌ དང༌ ར༌ཅོའེ༌ ཏུང༌ གུན༌ ཁུརས༌།
ཏ༌ ཁོང༌གུན༌ནི༌ ཡོག༌ག༌ ལུང༌པའེ༌ ནང༌ང༌ མི༌དིའན༌པ༌གུན༌ ཀུར༌ ཙུགས༌ཏེ༌ དུགས༌ཏེ༌ ཡོད༌པིན༌། ཏེ༌ ཚན༌ལ༌ ཡ༌ཝའེ༌ གི༌དི༌འོན༌ལ༌ མོལས༌, “ལོངས༌, ཐུར༌ལ༌ མི༌དིའན༌པ༌གུན༌ དུགས༌ཏེ༌ ཡོད༌ས༌ སྤུང༌གོལ༌ ཅོའ༌ལ༌ སོང༌ ཅིའ༌ཟེར༌ན༌ ངའེ༌ ཁྱོ༌ཞ༌གུན༌ནི༌ ལག༌ག༌ ཁོང༌གུན༌ སྟད༌ཨིན༌། 10 ཨིན༌ནའང༌ ཀལ༌ཏེས༌ ཁྱོ༌རང༌ སྤུང༌གོལ༌ ཅོ༌ཅེས༌ལ༌ ཇིགས༌སད༌ན༌, ཁྱོ༌རང༌ ཁྱོ༌རང༌ངི༌ ཡ༌ཏོ༌ པུ༌རཧ༌ ཉམ༌པོ༌ ཐུར༌ལ༌ ཀུར༌གུན༌ ཡོད༌ས༌ སོང༌ཏེ༌ 11 མི༌དིའན༌པ༌གུན༌ནི༌ ཟེར༌ཨིན༌ ཡོད༌ཁན༌གུན༌ ཉོན༌། ཏེ༌གུན༌ ཚོར༌ཏེ༌ ཁྱོ༌རང༌ང༌ སྤོས༌པ༌ སྐྱེས༌ཏེ༌ སྤུང༌གོལ༌ ཅོ༌ཅེས༌ལ༌ མི༌ཚབས༌།” ཏེ༌ནེ༌ གི༌དི༌འོན༌ པུ༌རཧ༌ ཁྲིད༌ཏེ༌ ཐུར༌ལ༌ གྲ༌འོ༌གུན༌ ཀུར༌ ཙུགས༌ཏེ༌ དུག༌སའེ༌ ཉེ༌མོའ༌ སོང༌། 12 པར༌པར༌ཙེ༌ ཚོགས༌ ཙོགས༌ལ༌ མི༌དིའན༌པ༌, ཨ༌མ༌ལིཀ༌པ༌ ཡང༌ ཤར༌ ཆོགས༌སི༌ མི༌ ཚང༌མ༌ ལུང༌པའེ༌ ནང༌ང༌ ཛོམས༌ཏེ༌ ཁོང༌གུན༌ནི༌ རྔ༌བོང༌གུན༌ ཚོའེ༌ ཐའ༌མའེ༌ པེ༌མ༌ ཙོགས༌ རྩི༌ མི༌ཉན༌ཅེས༌ ཡོད༌པིན༌།
13 གི༌དི༌འོན༌ ལེབ༌ ཟ༌ནེ༌ མག༌མི༌ཞིག༌གི༌ ཁོ༌རང༌ངི༌ ཕྲོ༌པའ༌ ཁོ༌རང༌ངི༌ ཉི༌ལམ༌ ཤད༌ཨིན༌ ཟེར༌རད༌པིན༌, “ང༌ ཉི༌ལམ༌ཞིག༌ ཐོང༌, ནས༌སི༌ ཏ༌གི༌ ཀིར༌ཀིར༌ ཆེན༌མོ༌ཞིག༌ མི༌དིའན༌པ༌གུན༌ དུགས༌སའེ༌ ནས༌སའེ༌ ནང༌ང༌ རི༌ལིག༌ག༌ ཡོངས༌ཏེ༌ ཏེ༌ཟམ༌ ཤེད༌ ཉམ༌པོ༌ ཀུར༌ལ༌ ཕོག༌པ༌ ཀུར༌བོ༌ གོའེ༌ཀ༌ ལོགས༌ ཡང༌ ལྡིབས༌།”
14 ཁོའེ༌ ཕྲོ༌པའེ༌ ལན༌ཏངས༌, “ཏེ༌བོའེ༌ ཏོན༌ ཨིས༌ར༌ཨེལ༌པ༌ ཡོ༌འཤ༌ཤི༌ བུ༌ཚ༌ གི༌དི༌འོན༌ནི༌ ང༌དང༌གུན༌ལ༌ སྤུང༌གོལ༌ ཅོ༌ཅེས༌པོ༌ ཨིན༌ནོག༌། དཀོན༌མཆོག༌གི༌ མི༌དིའན༌པ༌ དང༌ ཞན༌ ཚང༌མ༌ ཁོའེ༌ ལག༌ག༌ སལ༌ཏེ༌ ཨིན༌ནོག༌།”
15 གི༌དི༌འོན༌ལ༌ ཉི༌ལམ༌ དང༌ ཏེ༌བོའེ༌ ཏོན༌ ཤད༌ཁན༌བོ༌ ཚོར༌ར༌ཅིག༌ ཁོའེ༌ པུག༌དོང༌ ཙུགས༌ཏེ༌ གོ༌ སྒུས༌ ཡང༌ ཡ༌ཝའ༌ ཅོལས༌། ཏེ༌ནེ༌ ཁོ༌ ཨིས༌ར༌ཨེལ༌པ༌གུན༌ དུགས༌ཏེ༌ ཡོད༌ས༌ ལོགས༌ཏེ༌ སོང༌ ཡང༌ ཁོང༌གུན༌ལ༌ བོད༌ཏེ༌ ཟེརས༌, “ལོང༌ཤིག༌། ཡ༌ཝའེ༌ ཁྱོ༌ཞའེ༌ ལག༌ག༌ མི༌དིའན༌པ༌ དང༌ ཞན༌ ཚང༌མ༌ སལ༌ཏེ༌ ཨིན༌ནོག༌།” 16 ཁོའེ༌ མི༌ སུམ༌གྱ༌བོ༌ སྡེ༌ སུམ༌མི༌ ནང༌ང༌ བགོས༌ ཡང༌ མི༌ རེ༌རེའ༌ ར༌ཅོའེ༌ ཏུང༌ དང༌ འོད༌ ཡོད༌ཁན༌ནི༌ ཟ༌མ༌ ཏངས༌།
17 ཡང༌ གི༌དི༌འོན༌ནི༌ ཁོང༌གུན༌ལ༌ ཟེརས༌, “ཁྱོ༌ཞ༌གུན༌ནི༌ ང༌ ལྟེན༌ དུག༌། ང༌ གྲ༌འོ༌གུན༌ དུག༌སའེ༌ ཀུར༌རི༌ དུན༌ལ༌ ལེབ༌བ༌ཅིག༌ ངའེ༌ ཅོ༌ཁན༌ ཙོགས༌ ཅོས༌། 18 ང༌ དང༌ ང༌ ཉམ༌པོ༌ ཡོད༌ཁན༌ ཚང༌མའེ༌ ཏུང༌ ཕུའ༌ཅིག༌ ཁྱོ༌ཞའ༌ ཀུར༌གུན༌ ཡོད༌སའེ༌ ནས༌ས༌ སྐོར༌ཏེ༌ ཡོད༌ཁན༌ ཚང༌མེའང༌ ཏུང༌ ཕུས༌ཏེ༌ ‘ཡ༌ཝ༌ དང༌ གི༌དི༌འོན༌ནི༌ ཕིའ༌’ ཟེར༌ཏེ༌ ཀུ༌ཅོ༌ ཏོང༌།”
19 ཚན༌ སྐྱིལ༌ལི༌ སང༌ སྔུན༌ལ༌, སྲུང༌ཁན༌གུན༌ སྤོས༌ཏེ༌ སྟིང༌ནེ༌ གི༌དི༌འོན༌ དང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ མག༌མི༌ 100 མི༌དིའན༌པའེ༌ ཀུར༌གུན༌ནི༌ དུན༌ལ༌ ལེབ༌བ༌ཅིག༌ ཁོང༌གུན༌ནི༌ ཏུང༌ ཕུས༌ཏེ༌ ཟ༌མ༌གུན༌ ཅགས༌། 20 ཏེ༌ནེ༌ ཞན༌ སྡེ༌ གུན༌ནིའང༌ ཏུང༌ ཕུས༌ ཡང༌ ཟ༌མ༌གུན༌ ཅགས༌། ཁོང༌གུན༌ནི༌ ལག༌པ༌ ཡོ༌མའེ༌ ནང༌ང༌ འོད༌ ཡང༌ ཡས༌པའེ༌ ནང༌ང༌ ཏུང༌ ཁུར༌ཏེ༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, “ཡ༌ཝ༌ དང༌ གི༌དི༌འོན༌ནི༌ ཕིའ༌ ང༌ཞའེ༌ ར༌འི༌གུན༌ ཀོལ༌ལད༌།” 21 གི༌དི༌འོན༌ནི༌ མག༌མི༌ ཀུར༌གུན༌ ཡོད༌སའེ༌ ནས༌ས༌ གང༌པོ༌ སྐོར༌ཏེ༌ ཁོང༌རང༌གུན༌ནི༌ ནས༌སའེ༌ཀ༌ སྟན༌པོ༌ དུགས༌ ཡང༌ མི༌དིའན༌པ༌ ཚང༌མ༌ ཐེ༌ཚོམས༌སི༌ ནང༌ང༌ ཀུ༌ཅོ༌ ཏང༌ཨིན༌ ཤོར༌ཏེ༌ སོང༌།
22 ཨིས༌ར༌ཨེལ༌པ༌ སུམ༌ གྱའེ༌ ཏུང༌གུན༌ ཕུའ༌ཅིག༌ ཡ༌ཝའེ༌ མི༌དིའན༌པའེ༌ མག༌མི༌ ཁོ༌རང༌ ཅིག༌ དང༌ ཅིག༌གི༌ གྱབ༌གལ༌ལ༌ ནོལ༌ཏེ༌ ར༌འི༌ ཉམ༌པོ༌ སད༌ ཅུག༌ག༌ ཛདས༌། མ༌ ཤི༌ཁན༌གུན༌ ཟེ༌རེ༌རཧ༌ ཆོགས༌ལ༌ བེཐ༌ ཤིཏ༌ཏཧ༌, ཐག༌རིང༌ ཏབ༌བཐ༌ཐི༌ ཉེ༌མོའ༌ ཨ༌བེལ༌ མེ༌ཧོ༌ལཧའེ༌ སན༌ཚམས༌ ཚོག༌པ༌ ཤོར༌ཏེ༌ སོང༌། 23 ཏེ༌ནེ༌ གི༌དི༌འོན༌ནི༌ མ༌ནས༌ས༌, ནཕ༌ཐལ༌ལི༌ དང༌ ཨ༌ཤེར༌ སྡེ༌གུན༌ནི༌ མག༌མི༌གུན༌ བོདས༌ ཡང༌ ཁོང༌གུན༌ནི༌ མི༌དིའན༌པ༌གུན༌ལ༌ ཏེད༌ཏེ༌ ཁྱེརས༌། 24 གི༌དི༌འོན༌ནི༌ ཨེཕ༌ར༌ཡིམ༌པའེ༌ རི༌ཡུལ༌ གང༌པོའེ༌ ནང༌ང༌ ལོན༌ ཀལ༌ཏེ༌ ཟེརས༌, “ཐུར༌ལ༌ བབས༌ཏེ༌ མི༌དིའན༌པ༌གུན༌ལ༌ ནོལ༌ལ༌ ཐག༌རིང༌ བེཐ༌ བ༌རཧ༌ ཚག༌པ༌ ཡོངས༌ཏེ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ ཆ༌སའེ༌ ནས༌ས༌ ཚང༌མ༌ ཀོའག༌ཤིག༌།”
ཏེ༌བོའེ༌ཕིའ༌ ཨེཕ༌ར༌ཡིམ༌པ༌ ཚང༌མ༌ ཡོངས༌ཏེ༌ ཐག༌རིང༌ བེཐ༌ བ༌རཧ༌ ཚག༌པའེ༌ ནས༌ས༌གུན༌ ཀགས༌། 25 ཁོང༌གུན༌ནི༌ མི༌དིའན༌པའེ༌ མག༌སྤོན༌ ཨོ༌རེབ༌ དང༌ ཟེའེབ༌ ཉིས༌ཀོ༌ ཟུམས༌ཏེ༌ ཨོ༌རེབ༌ ཨོ༌རེབ༌བི༌ རྡོའེ༌ཀ༌ ཡང༌ ཟེའེབ༌ ཟེའེབ༌བི༌ རྒུན༌ཆང༌ ཙིར༌སའེ༌ ནས༌སའེ༌ཀ༌ སདས༌། ཁོང༌གུན༌ནི༌ མི༌དིའན༌པ༌གུན༌ལ༌ ཏེད༌ཏེ༌ ཁྱེརས༌ ཡང༌ ཡོར༌དཱན༌ ལྩངས༌པོའེ༌ དུན༌ལ༌ དུགས༌ཏེ༌ ཡོད༌ཁན༌ གི༌དི༌འོན༌ལ༌ ཨོ༌རེབ༌ དང༌ ཟེའེབ༌ ཉིས༌ཀོའེ༌ གོ༌ ཁྱོངས༌།