10
ཨིས༌ར༌ཨེལ༌པ༌གུན༌ནི༌ ལྷོ༌ ཆོགས༌སི༌ མག༌མི༌གུན༌ལ༌ ཕམ༌ཀལས༌།
10:1-15
ཡོ༌ཤུའེ༌ ཡེ༌རི༌ཀོ༌ གྱལ༌ས༌ དང༌ ཏེ༌བོའེ༌ གྱལ༌པོའ༌ ཅོས༌ཁན༌ ཙོགས༌ ཨའི༌ དང༌ ཏེ༌བོའེ༌ གྱལ༌པོ༌ ང༌ཡོག༌ག༌ ཁྱོངས༌ཏེ༌ ཁྲེས༌ཏོར༌ ཅོ༌ཁན༌ ཡང༌ གི༌བེ༌འོན༌པ༌གུན༌ནི༌ ཨིས༌ར༌ཨེལ༌པ༌གུན༌ ཉམ༌པོ༌ ཞི༌དེའེ༌ ཆད༌དོན༌ ཅོས༌ཏེ༌ ཁོང༌གུན༌ནི༌ ཉེ༌མོའ༌ དུག༌ཁན༌གུན༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌པོ༌ ཨ༌དོ༌ནི༌ཟེ༌དེག༌ག༌ ཚོར༌ར༌ཅིག༌, ཁོ༌ དང༌ ཁོའེ༌ མི༌གུན༌ མ༌སྲན༌ཏྲེ༌ ཇིགས༌ ཅིའ༌ཟེར༌ན༌ གི༌བེ༌འོན༌ གྱལ༌པོ༌ མང༌པོའེ༌ཀ༌ ཝང༌སྲུལ༌ཁན༌ མ༌ གྱལ༌ས༌ ཁག༌ཅན༌, ཨའི༌ གྱལ༌ས༌ སང༌ ཆེའ༌ ཡང༌ གི༌བེ༌འོན༌པ༌ མག༌མི༌གུན༌ མ༌ ཀྲག༌པོ༌ ཡོད༌པིན༌། ཏེ༌བོའེ༌ཕིའ༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌པོ༌ ཨ༌དོ༌ནི༌ཟེ༌དེག༌གི༌ ཧེབ༌རོན༌ནི༌ གྱལ༌པོ༌ ཧོ༌ཧམ༌, ཡར༌མུཐ༌ཐི༌ གྱལ༌པོ༌ པི༌རམ༌, ལ༌ཀིཤ༌ཤི༌ གྱལ༌པོ༌ ཡ༌ཕིའ༌ དང༌ ཨེག༌ལོན༌ནི༌ གྱལ༌པོ༌ དེ༌བིར༌ གུན༌ལ༌ ལོན༌ ཀལ༌ཏེ༌ ཟེརས༌, “ངའ༌ རོགས༌ ཅོས༌ཏེ༌ གི༌བེ༌འོན༌པ༌གུན༌ནི༌ གྱབ༌གལ༌ལ༌ ནོལ༌ལ༌ ཡོང༌ཤིག༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པ༌གུན༌ ཉམ༌པོ༌ ཞི༌དེ༌ ཆད༌དོན༌ ཅོས༌ཏེ༌ ཨིན༌ནོག༌།”
ཏེ༌ནེ༌ ཨ༌མོར༌པའེ༌ གྱལ༌པོ༌ ལྔ༌, ཡེ༌རུ༌ཤ༌ལེམ༌, ཧེབ༌རོན༌, ཡར༌མུཐ༌, ལ༌ཀིཤ༌ དང༌ ཨེག༌ལོན༌ནི༌ གྱལ༌པོ༌གུན༌ ཅིག༌གྲིལ༌ སོང༌། ཁོང༌གུན༌ནི༌ མག༌མི༌ ཚང༌མ༌ ལྡུས༌ཏེ༌ གི༌བེ༌འོན༌ནི༌ གྱལ༌ས༌ སྐོར༌ཏེ༌ ཁོང༌གུན༌ནི༌ཀ༌ སྤུང༌གོལ༌ ཅོས༌།
གི༌བེ༌འོན༌པ༌གུན༌ནི༌ ཡོ༌ཤུའ༌ དུགས༌ཏེ༌ ཡོད༌ས༌ གིལ༌གལ༌ལ༌ ལོན༌ ཀལ༌ཏེ༌ ཟེརས༌, “ཉེ༌རང༌ངི༌ ཡོག༌པོ༌གུན༌ ཕང༌ང༌ མ༌ཛད༌། གྱོགས༌པ༌ ང༌ཞའ༌ རོགས༌ ཛད༌ད༌ སྐྱོད༌ཏེ༌ ང༌ཞ༌གུན༌ སྐྱོབ༌བ༌ ཛད༌ ཅིའ༌ཟེར༌ན༌ རི༌ ཡུལ༌ལ༌ དུག༌ཁན༌ ཨ༌མོར༌པའེ༌ གྱལ༌པོ༌ ཚང༌མ༌ ཛོམས༌ཏེ༌ ང༌ཞའེ༌ཀ༌ སྤུང༌གོལ༌ ཅོ༌ཅེས༌ དུག༌།”
ཏེ༌བོའེ༌ཕིའ༌ ཡོ༌ཤུའ༌ ཁོ༌རང༌ངི༌ མག༌མི༌ ཚང༌མ༌ ཀ༌བོའེ༌ ནང༌ང༌ ཁོའེ༌ ནོལ༌ཁན༌ ཀྲག༌པོ༌ ཚང༌མ༌ ཐེས༌ཏེ༌ གི༌བེ༌འོན༌པ༌གུན༌ལ༌ རོགས༌ ཅོའ༌ལ༌ གིལ༌གལ༌ནེ༌ བིང༌། ཡ༌ཝའེ༌ ཡོ༌ཤུའ༌ མོལས༌, “ཁོང༌གུན༌ལ༌ མ༌ཇིགས༌ ཅིའ༌ཟེར༌ན༌ ངའེ༌ ཁོང༌གུན༌ ཁྱོ༌རང༌ངི༌ ལག༌ག༌ ཏངས༌ཏེ༌ ཨིན༌། ཁོང༌ ཅིག༌གིའང༌ ཁོ༌རང༌གུན༌ སྐྱོབ༌ མི༌ཉན༌།”
ཡོ༌ཤུའ༌ དང༌ མག༌མི༌གུན༌ གིལ༌གལ༌ནེ༌ ཚན༌ གང༌པོ༌ གྲུལ༌ཏེ༌ ཨ༌མོར༌པ༌གུན༌ནི༌ཀ༌ ཧུན༌མེད༌ལ༌ སྤུང༌གོལ༌ ཅོས༌། 10 ཡ༌ཝའེ༌, ཁོང༌གུན༌ནི༌ ནང༌ང༌ ཇིགས༌ནང༌ སྐྱེས༌ཏེ༌ ཧན༌གྲང༌ ཆ༌ཅུག༌ག༌ ཛད༌ཅེས༌པོའེ༌ གི༌བེ༌འོན༌ནི༌ ནང༌ང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཁོང༌ མང༌པོ༌ སད༌ ཉན༌ཏེ༌ ཕམ༌ ཀྲག༌པོ༌ ཀལས༌། ཁོང༌གུན༌ནི༌ ཨ༌མོར༌པ༌གུན༌ལ༌ བེཐ༌ ཧོ༌རོན༌ནི༌ ལམ༌ནེ༌ ཏེད༌ཏེ༌ ཁྱེར༌ཏེ༌ ཨ༌ཟེ༌ཀཧ༌ དང༌ མཀ༌ཀེ༌དཧ༌ གྱལ༌ས༌གུན༌ལ༌ ལེབ༌ལེབ༌ ཚག༌པ༌ ཁོང༌གུན༌ སད༌ཅུག༌ག༌ ཛདས༌། 11 ཨ༌མོར༌པ༌གུན༌ བེཐ༌ ཧོ༌རོན༌ནི༌ ལམ༌ནེ༌ ཐུར༌ལ༌ ཤོར༌ ཟ༌ནེ༌ ཡ༌ཝའེ༌ ཨ༌ཟེ༌ཀཧ༌ ཚོག༌པ༌ ནམ༌ཁའ༌ནེ༌ ཇིགས༌ནང༌ཅན༌ནི༌ སེར༌ར༌རུ༌ མ༌ ཆེན༌མོ༌ ཕབ༌བ༌ ཛདས༌། ཨིས༌ར༌ཨེལ༌པ༌གུན༌ནི༌ ར༌འི༌ ཉམ༌པོ༌ སད༌ཁན༌ནི༌ སང༌ ཇིགས༌ནང༌ཅན༌ནི༌ སེར༌ར༌རུ༌ ཞས༌ཏེ༌ མང༌ང༌ ཤི༌།
12 ཡ༌ཝའེ༌ ཨ༌མོར༌པ༌གུན༌ནི༌ཀ༌ གྱལ༌ཁ༌ སལ༌ཁན༌ནི༌ ཞག༌གི༌ གོ༌ཟུག༌གི༌ཀ༌ ཨིས༌ར༌ཨེལ༌པ༌ ཚང༌མའེ༌ དུན༌ལ༌ ཡོ༌ཤུའེ༌ ཡ༌ཝའ༌ མོས༌ལམ༌ ཞུས༌ཏེ༌ ཟེརས༌,
“ཉི༌མ༌ མ༌སྐྱོད༌ད༌ གི༌བེ༌འོན༌ནི༌ཀ༌ ལུས༌ཤུག༌ག༌ ཛད༌ཤིག༌།
ཡང༌ ཨའི༌ཡ༌ལོན༌ ལུང༌པའེ༌ཀ༌ ལྫ༌ཝ༌ ལུས༌ཤུག༌ག༌ ཛད༌ཤིག༌།
13 ཏེ༌བོའེ༌ཕིའ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ གྲ༌འོ༌གུན༌ནི༌ཀ༌ གྱལ༌ཁ༌ ཐོབ༌ཐོབ༌ ཚོག༌པ༌
ཉི༌མ༌ གྲུལ༌ མ༌གྲུལ༌ལ༌ ཡང༌ ལྫ༌ཝ༌ ནས༌ས༌ ཅིག༌གི༌ཀ༌ དུགས༌།”
འི༌ ཇུང༌ཁན༌ནི༌ སྐོར༌གུན༌ ཡ༌ཤར༌རི༌ ལྡེབ༌བི༌ ནང༌ང༌ བྲིས༌ཏེ༌ མི༌དུག༌ག༌།
ཉི༌མ༌ ནམ༌ཁའེ༌ སྐྱིལ༌ལ༌ མ༌གྲུལ༌ལ༌ དུགས༌ཏེ༌ མ༌སྐྱོད༌ད༌ ཐེ༌བ༌ ཞག༌ཅིག༌ ལུས༌། 14 མོས༌ལམ༌ ཞུ༌ཁན༌བོའ༌ ཡ༌ཝའེ༌ ལན༌ སལ༌ལ༌ ཛད༌ཁན༌ནི༌ ཏེ༌ ཙོགས༌སི ཞག༌ དི༌རིང༌ ཚོགས༌པ༌ མ༌ནེ༌ མ༌ཇུང༌ ཡ༌ ཡོང༌ཅེས༌སི༌ ཏུས༌སི༌ ནང༌ངའང༌ མི༌ཇུང༌། དེན༌བའ༌, ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ ཡ༌ཝའེ༌ ནོལ༌ལ༌ ཛདས༌།
15 ཏེ༌ནེ༌ ཡོ༌ཤུའ༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཚང༌མ༌ ཉམ༌པོ༌ ཁོ༌རང༌གུན༌ དུགས༌ཏེ༌ ཡོད༌ས༌ གིལ༌གལ༌ལ༌ ལོགས༌ཏེ༌ སོང༌།
ཡོ༌ཤུའེ༌ ལྷོ༌ ཆོགས༌སི༌ གྱལ༌པོ༌ ལྔ༌ སདས༌།
10:16-28
16 ཏེན༌ན༌ ཟ༌ནེ༌ གྱལ༌པོ༌ ལྔ༌ཀོའང༌ ཤོར༌ཏེ༌ མཀ༌ཀེ༌དཧ༌ གྲོང༌ཁྱེར༌རི༌ བྲག༌ཕུགས༌སི༌ ནང༌ང༌ ཨིབས༌ཏེ༌ དུགས༌། 17 ཁོང༌གུན༌ མཀ༌ཀེ༌དཧ༌ གྲོང༌ཁྱེར༌རི༌ བྲག༌ཕུགས༌སི༌ ནང༌ང༌ ཨིབས༌ཏེ༌ དུགས༌ ཟེར༌ཏེ༌ ཡོ༌ཤུའ༌ ཚོར༌ར༌ཅིག༌ 18 ཁོའེ༌ བཀའ༌ ཏངས༌, “བྲག༌ཕུགས༌སི༌ ཁའེ༌ཀ༌ རྡོའ༌ ཆེན༌མོ༌གུན༌ ཀབས༌ཏེ༌ ཏེ༌ཀ༌ སྲུང༌ཁན༌ མག༌མི༌ ཁ༌ཅིག༌ བོར༌། 19 ཏེ༌རུ༌ དུག༌ མ༌དུག༌ ཨིན༌ནའང༌ གྲ༌འོའེ༌ མག༌མི༌གུན༌ལ༌ ཏེད༌ཏེ༌ གྱབ༌ནེ༌ སྤུང༌གོལ༌ ཅོས༌། ཁོང༌གུན༌ལ༌ ལོགས༌ཏེ༌ ཁོང༌རང༌གུན༌ནི༌ གྲོང༌ཁྱེར༌ལ༌ ཆ༌ཅེས༌སི༌ སྐབས༌ མ༌ཏང༌ ཅིའ༌ཟེར༌ན༌ ང༌དང༌གུན༌ནི༌ དཀོན༌མཆོག༌ ཡ༌ཝའེ༌ ཁོང༌གུན༌ ང༌དང༌གུན༌ནི༌ ལག༌ག༌ སྟད༌ཏེ༌ ཨིན༌ནོག༌།”
20 ཏེ༌བོའེ༌ཕིའ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ གྲ༌འོ༌ ཚང༌མ༌ སད༌ཏེ༌ མེད༌ཁན༌ ཅོས༌། ཨིན༌ནའང༌ གྱལ༌སའེ༌ གྱང༌སྐོར༌ སྟན༌པོའེ༌ ནང༌ང༌ ཞུགས༌ ཉན༌ཁན༌ ཉུ༌ངུན༌ཞིག༌ མ༌ཤིའ༌ ལུས༌། 21 ཨིས༌ར༌ཨེལ༌པའེ༌ མག༌མི༌གུན༌ མཀ༌ཀེ༌དཧ༌ ནང༌ང༌ ཡོ༌ཤུའ༌ ཡོད༌ས༌ ཁམ༌ཟང༌ ལོགས༌ཏེ༌ ཡོངས༌, ཏེ༌ནེ༌ ཕར༌ལ༌ ཨིས༌ར༌ཨེལ༌པའེ༌ གྲ༌འོ༌ སུ༌ཞིག༌གིའང༌ ཁོང༌གུན༌ནི༌ གྱབ༌གལ༌ལ༌ སྤེ༌ར༌ ཚིགས༌ ཅིག༌ ཟེར༌ཅེས༌སི༌ ཧམ༌པ༌ མ༌ཅོས༌།
22 ཡོ༌ཤུའེ༌ ཟེརས༌, “བྲག༌ཕུགས༌སི༌ ཁའ༌ ཀབས༌ཏེ༌ ཡོད༌ཁན༌ནི༌ རྡོའ༌གུན༌ ཐེན༌ཏེ༌ གྱལ༌པོ༌ ལྔ༌ཀོ༌ ང༌ ཡོད༌ས༌ ཁྱོང༌།” 23 ཏེ༌ནེ༌ ཁོང༌གུན༌ནི༌ ཡེ༌རུ༌ཤ༌ལེམ༌, ཧེབ༌རོན༌, ཡར༌མུཐ༌, ལ༌ཀིཤ༌ དང༌ ཨེག༌ལོན༌ནི༌ གྱལ༌པོ༌ ལྔ༌ཀོ༌ བྲག༌ཕུགས༌ནེ༌ ཕིངས༌ཏེ༌ ཁྱོངས༌། 24 ཁོང༌གུན༌ ཁྱོང༌ང༌ཅིག༌ ཡོ༌ཤུའེ༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཚང༌མ༌ བོད༌ཏེ༌ ཁྱོངས༌ཏེ༌ མག༌མི༌ འུ༌སྐྱོང༌གུན༌ལ༌ ཟེརས༌, “ཡོང༌, གྱལ༌པོ༌གུན༌ནི༌ ཇིང༌བའེ༌ཀ༌ ཁྱོ༌ཞའེ༌ རྐང༌པ༌ བོར༌།” ཡང༌ ཁོང༌གུན༌ནི༌ ཡོ༌ཤུའེ༌ ཟེར༌ཁན༌བོ༌ ཅོས༌།
25 ཡོ༌ཤུའེ༌ ཁོང༌གུན༌ལ༌ ཟེརས༌, “ཇིགས༌ མ༌ ཇིགས༌ ཡང༌ སྤོས༌པ༌ མ༌ཆག༌། ཤེད༌ཅན༌ དང༌ སེམས༌ཤུགས༌ཅན༌ གྱུར༌། ང༌དང༌ངི༌ གྲ༌འོ༌ ཚང༌མ༌ ཉམ༌པོ༌ ཡ༌ཝའེ༌ འིན༌ན༌ ཙོགས༌ ཅོའ༌ ཛད༌ཨིན༌།” 26 ཏེ༌ནེ༌ ཡོ༌ཤུའེ༌ གྱལ༌པོ༌ ལྔ༌ཀོ༌ སད༌ཏེ༌ ཁོང༌གུན༌ནི༌ རོ༌ རྡུང༌མ༌ ལྔའེ༌ཀ༌ ཕི༌ཏོག༌ ཚོག༌པ༌ ཏགས༌ཏེ༌ བོརས༌། 27 ཉི༌མ༌ སྐྱོད༌ད༌ཅིག༌ གྱལ༌པོ༌གུན༌ནི༌ རོ༌ རྡུང༌མའེ༌ ཀ༌ནེ༌ ཕབས༌ཏེ༌ ཁོང༌གུན༌ ཨིབས༌ཏེ༌ དུག༌སའེ༌ བྲག༌ཕུགས༌སི༌ ནང༌ང༌ ཕང༌ཏེ༌ ཁའེ༌ཀ༌ རྡོའ༌ ཆེན༌མོ༌གུན༌ ཀབ༌ཅེས༌ལ༌ ཡོ༌ཤུའེ༌ བཀའ༌ ཏངས༌། ཁོང༌གུན༌ནི༌ རོ༌ ཏེ༌རུ༌ དག༌སའང༌ ཡོད༌ཏེ༌ ཨིན༌ནོག༌།
28 ཏེན༌ན༌ ཞག༌ག༌ ཡོ༌ཤུའེ༌ མཀ༌ཀེ༌དཧའེ༌ གྲོང༌ཁྱེར༌ ང༌ཡོག༌ག༌ ཁྱོངས༌ ཡང༌ ཏེ༌ནང༌ང༌ ཡོད༌ཁན༌ གྱལ༌པོ༌ ཐེས༌ཏེ༌ ཚང༌མ༌ མེད༌ཁན༌ ཅོས༌, སུ༌ཞིག༌གའང༌ སོན༌ཏེའ༌ མ༌བོརས༌། ཁོའེ༌ ཡེ༌རི༌ཀོའེ༌ གྱལ༌པོའ༌ ཅོ༌ཁན༌ ཙོགས༌ མཀ༌ཀེ༌དཧའེ༌ གྱལ༌པོ༌ ཉམ༌པོའང༌ ཅོས༌།
ཨིས༌ར༌ཨེལ༌པ༌གུན༌ནི༌ ལྷོ༌ ཆོགས༌སི༌ གྱལ༌ས༌གུན༌ མེད༌ཁན༌ ཅོས༌།
10:29-43
29 ཏེ༌ནེ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཚང༌མ༌ མཀ༌ཀེ༌དཧའེ༌ གྲོང༌ཁྱེར༌ནེ༌ ལིབ༌ནཧ༌ གྱལ༌ས༌ སོང༌ཏེ༌ སྤུང༌གོལ༌ ཅོས༌། 30 ཡ༌ཝའེ༌ ཏེ༌ གྱལ༌ས༌ དང༌ གྱལ༌པོ༌ ཁོང༌གུན༌ནི༌ ལག༌ག༌ སལས༌། ཁོང༌གུན༌ནི༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ མེད༌ཁན༌ ཅོས༌, སུ༌ ཞིག༌གའང༌ སོན༌ཏེའ༌ མ༌བོརས༌། ཡོ༌ཤུའེ༌ ཡེ༌རི༌ཀོའེ༌ གྱལ༌པོའ༌ ཅོ༌ཁན༌ ཙོགས༌ ལིབ༌ནཧའེ༌ གྱལ༌པོ༌ ཉམ༌པོའང༌ ཅོས༌།
31 ལིབ༌ནཧ༌ ནེ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཚང༌མ༌ ལ༌ཀིཤ༌ གྱལ༌ས༌ སོང༌ ཡང༌ ཏེ༌བོའ༌ མག༌མི༌ སྐོར༌ཏེ༌ སྤུང༌གོལ༌ ཅོས༌། 32 ཞག༌ ཉིས༌པའེ༌ ཞག༌ག༌, ཡ༌ཝའེ༌ ཁོང༌གུན༌ནི༌ ལག༌ག༌ ཏེ༌ གྱལ༌ས༌ སལ༌ལ༌ ཛདས༌། ཁོང༌གུན༌ནི༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ སདས༌ ཀ༌ཟུག༌ ཁོང༌ངི༌ ལིབ༌ནཧ༌ ཅོས༌། 33 ཏེ༌ཏུས༌ གེ༌ཟེར༌ གྱལ༌སའེ༌ གྱལ༌པོ༌ ཧོ༌རམ༌ ལ༌ཀིཤ༌ཤི༌ གྱལ༌པོའ༌ རོགས༌ ཅོ༌ཅེས༌ལ༌ ཁོང༌རང༌ངི༌ མག༌མི༌ ཁྲིད༌ཏེ༌ ཡོངས༌ ཨིན༌ནའང༌ ཡོ༌ཤུའེ༌ མག༌མི༌གུན༌ནི༌ ཁོ༌ དང༌ ཁོའེ༌ མག༌མི༌གུན༌ སད༌ཏེ༌ སུའང༌ སོན༌ཏེའ༌ མ༌བོརས༌།
34 ཏེ༌ནེ༌ ཡོ༌ཤུའ༌ དང༌ མག༌མི༌ ཚང༌མ༌ ཨེག༌ལོན༌ གྱལ༌ས༌ སོང༌ ཡང༌ ཏེ༌བོའ༌ མག༌མི༌ སྐོར༌ཏེ༌ སྤུང༌གོལ༌ ཅོས༌། 35 ཏེན༌ན༌ ཞག༌ག༌ ཁོང༌གུན༌ནི༌ ཏེ༌ གྱལ༌ས༌ ང༌ཡོག༌ག༌ ཁྱོངས༌ ཡང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ སདས༌ ཀ༌ཟུག༌ ཁོང༌གུན༌ནི༌ ལ༌ཀིཤ༌ལ༌ ཅོས༌།
36 ཏེ༌ནེ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པ༌ མག༌མི༌ ཚང༌མ༌ ཨེག༌ལོན༌ ནེ༌ ཧེབ༌རོན༌ནི༌ གྱལ༌ས༌ སོང༌ཏེ༌ སྤུང༌གོལ༌ ཅོས༌། 37 ཁོང༌གུན༌ནི༌ གྱལ༌ས༌ དང༌ ཏེ༌ ཉེ༌ཁོར༌རི༌ གྲོང༌ཁྱེར༌ ཚང༌མ༌ ང༌ཡོག༌ག༌ ཁྱོངས༌ ཡང༌ གྱལ༌པོ༌ ཐེས༌ཏེ༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ སདས༌, སུའང༌ སོན༌ཏེའ༌ མ༌བོརས༌ ཀ༌ཟུག༌ ཁོང༌གུན༌ནི༌ ཨེག༌ལོན༌ལ༌ ཅོས༌།
38 ཏེ༌ནེ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཚང༌མ༌ ལོགས༌ཏེ༌ ལྷོ༌ ཆོགས༌ལ༌ སོང༌ ཡང༌ དེ༌བིར༌ གྱལ༌སའེ༌ཀ༌ སྤུང༌གོལ༌ ཅོས༌། 39 ཁོང༌ངི༌ གྱལ༌ས༌, ཏེ༌བོའེ༌ གྱལ༌པོ༌ ཡང༌ ཏེ༌ ཉེ༌ཁོར༌རི༌ གྲོང༌སེབ༌གུན༌ ང༌ཡོག༌ག༌ ཁྱོངས༌ཏེ༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མ༌ མེད༌ཁན༌ ཅོས༌, སུ༌ཅིག༌གའང༌ སོན༌ཏེའ༌ མ༌བོརས༌། ཁོང༌ངི༌ ཧེབ༌རོན༌ དང༌ ལིབ༌ནཧ༌ ཡང༌ ཏེ༌གུན༌ནི༌ གྱལ༌པོའ༌ ཅོས༌ཁན༌ ཙོགས༌ དེ༌བིར༌ དང༌ ཏེ༌བོའེ༌ གྱལ༌པོ༌ ཉམ༌པོའང༌ ཅོས༌།
40 ཡོ༌ཤུའེ༌ ཡུལ༌ཇོངས༌ གང༌པོ༌ ང༌ཡོག༌ག༌ ཁྱོངས༌། ཏེ༌གུན༌ ནི༌ རི༌ ཡུལ༌གུན༌, ནེ༌གེཝ༌, ནུབ༌ ཆོགས༌སི༌ རི༌ ཡོག༌, རི༌ ཁྲེད༌དི༌ ཡུལ༌གུན༌ དང༌ གྱལ༌པོ༌གུན༌ ཨིན༌པིན༌, ཁོང༌ངི༌ མི༌ཅིག༌གའང༌ སོན༌ཏེའ༌ མ༌བོརས༌། ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཡ༌ཝའེ༌ བཀའ༌ ནང༌ཞིན༌ ཁོང༌ངི༌ འུགས༌ ལེན༌ཁན༌ ཚང༌མ༌ སདས༌། 41 ཡོ༌ཤུའེ༌ ཀ༌དེཤ༌ བར༌ནེའ༌ནེ༌ ཏངས༌ཏེ༌ ག༌ཟ༌ ཡང༌ གོ༌ཤེན༌ནི༌ ཡུལ༌ ཚང༌མ༌ གི༌བེ༌འོན༌ ཚོག༌པ༌ ང༌ཡོག༌ག༌ ཁྱོངས༌། 42 འིན༌ན༌ ཏུས༌ལ༌ ཡོ༌ཤུའེ༌ ཏེ༌ གྱལ༌པོ༌ དང༌ ཁོང༌གུན༌ནི༌ ས༌ཀྱད༌ ཚང༌མ༌ ང༌ཡོག༌ག༌ ཁྱོངས༌ ཅིའ༌ཟེར༌ན༌ ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཡ༌ཝའེ༌, ཁོང༌རང༌ངི༌ མི༌གུན༌ནི༌ ཕིའ༌ ནོལ༌ལ༌ ཛདས༌།
43 ཏེ༌ནེ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པའེ༌ མག༌མི༌ ཚང༌མ༌ ལོགས༌ཏེ༌ ཁོང༌གུན༌ ཀུར༌ ཙུགས༌ཏེ༌ དུག༌ས༌ གིལ༌གལ༌ལ༌ སོང༌།