24
ཡོ༌ཤུའེ༌ ཨིས༌ར༌ཨེལ༌པ༌ ཚང༌མའ༌ ཡ༌ཝ༌ ཅིག༌པོའ༌ ཅོལ༌ཅེས༌ལ༌ ཁ༌དའ༌ ཏངས༌།
24:1-28
ཏེ༌ནེ༌ ཡོ༌ཤུའེ༌ ཨིས༌ར༌ཨེལ༌ལི༌ མི༌སྡེ༌ ཚང༌མ༌ ཤེ༌ཀེམ༌མི༌ ནང༌ང༌ ཛོམ༌ཅུགས༌། ཁོང༌ངི༌ འུ༌སྐྱོང༌གུན༌, སྤོན༌བོ༌གུན༌, ཁྲིམ༌སྤོན༌གུན༌ དང༌ མག༌གི༌ སྤོན༌བོ༌གུན༌ལ༌ ཡ༌ཝའེ༌ སྐུན༌དུན༌ལ༌ ཛོམ༌ཅེས༌ལ༌ ཟེརས༌ ཡང༌ ཁོང༌གུན༌ ཡོངས༌།
ཏེ༌ནེ༌ ཡོ༌ཤུའེ༌ མི༌ ཚང༌མ༌ལ༌ ཟེརས༌, “ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཡ༌ཝའེ༌ མོལས༌, ‘ཏུས༌ མང༌པོའེ༌ སྔུན༌ལ༌ ཨབ༌ར༌ཧམ༌ དང༌ ན༌ཧོར༌རི༌ ཨ༌བ༌ ཏི༌རཧ༌ ཐེས༌ཏེ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཡུཕ༌རེ༌ཀྲས༌སི༌ ལྩངས༌པོའེ༌ ཤར༌ ཆོགས༌ལ༌ དུག༌གད༌པིན༌ ཡང༌ ཁོང༌གུན༌ནི༌ ལྷ༌ལྷ༌མོ༌ གུན༌ལ༌ ཅོལ༌ལད༌པིན༌། ཨིན༌ནའང༌ ངའེ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌ ཨབ༌ར༌ཧམ༌ ཡུཕ༌རེ༌ཀྲས༌སི༌ ཤར༌ ཆོགས༌ནེ༌ ཀེ༌ནན༌ནི༌ ས༌ཀྱད༌དི༌ ནང༌ང༌ ཁྱོངས༌པིན༌། ངའེ༌ ཁོའ༌, ཁོའེ༌ བུ༌ཚ༌ ཨི༌སཱག༌ གྱུད༌ཏེ༌ པུར༌གྱུད༌ མང༌པོ༌ ཏངས༌པིན༌། ངའེ༌ ཨི༌སཱག༌ག༌ ཡ༌ཀོབ༌ དང༌ ཨི༌སུ༌ བུ༌ཚ༌གུན༌ ཏངས༌པིན༌། ངའེ༌ ཨི༌སུའ༌ སེ༌འིར༌རི༌ རི༌ཡུལ༌ ཏངས༌པིན༌ ཨིན༌ནའང༌ ཡ༌ཀོབ༌ དང༌ ཁོའེ༌ ཕྲུ༌གུ༌ གུན༌ ཐུར༌ལ༌ ཨི༌ཇིབ༌བ༌ སོང༌།’ ”
“ ‘ཏེ༌ནེ༌ ངའེ༌ མོ༌ཟེས༌ དང༌ ཨ༌རོན༌ ལམ༌ཅུགས༌པིན༌ ཡང༌ ངའེ༌ ཨི༌ཇིབ༌པ༌གུན༌ལ༌ རྡུག༌ངལ༌ སྲན༌ཏྲེ༌ སྟན༌ཏེ༌ ཁྱོ༌ཞ༌གུན༌ ཏེ༌ནང༌ནེ༌ ཕིངས༌ཏེ༌ ཁྱོངས༌པིན༌། ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཚོ༌ མར༌པོའེ༌ཀ༌ ལེབ༌བ༌ཅིག༌ ཨི༌ཇིབ༌པ༌གུན༌ནི༌ རྟ༌ དང༌ ཤིང༌རྟ༌ སྲུལ༌ཁན༌ མག༌མི༌གུན༌ནི༌ ཁོང༌གུན༌ལ༌ ཏེ༌རུ༌ ཏེད༌ཏེ༌ ཁྱོངས༌། ཨིན༌ནའང༌ ཁོང༌གུན༌ནི༌ ཡ༌ཝའ༌ རོགས༌ ཛད༌ཅེས༌ལ༌ ཞུས༌ ཡང༌ ངའེ༌ ཨིས༌ར༌ཨེལ༌པ༌ དང༌ ཨི༌ཇིབ༌པ༌ གུན༌ནི༌ པར༌ལ༌ མུན༌གྲིག༌ ཅོས༌པིན༌། ངའེ༌ ཨི༌ཇིབ༌པ༌གུན༌ ཚོའེ༌ ཆུ༌ ཉམ༌པོ༌ ཀབས༌པིན༌། ངའེ༌ ཨི༌ཇིབ༌པ༌གུན༌ལ༌ ཅོ༌ཁན༌བོ༌ ཁྱོ༌ཞའེ༌ མིག༌ནེ༌ ཐོང༌ཏེ༌ ཨིན༌ནོག༌། ཏེ༌སྟིང༌ནེ༌ ཁྱོ༌ཞ༌གུན༌ ཐང༌སྟོང༌ངི༌ ནང༌ང༌ ལོ༌ མང༌པོ༌ དུགས༌ཏེ༌ ཨིན༌པིན༌།’ ”
“ ‘ཏེ༌ནེ༌ ངའེ༌ ཁྱོ༌ཞ༌གུན༌ ཡོར༌དཱན༌ ལྩངས༌པོའེ༌ ཤར༌ ཆོགས༌ལ༌ ཡོད༌ཁན༌ ཨ༌མོར༌པ༌གུན༌ནི༌ ས༌ཀྱད༌དི༌ ནང༌ང༌ ཁྱོངས༌པིན༌། ཁོང༌གུན༌ནི༌ ཁྱོ༌ཞའེ༌ གྱབ༌གལ༌ལ༌ ནོལས༌ ཨིན༌ནའང༌ ངའེ༌ ཁོང༌གུན༌ ཁྱོ༌ཞའེ༌ དུན༌ལ༌ མེད༌ཁན༌ ཅོས༌པིན༌ ཡང༌ ཁྱོ༌ཞའེ༌ ཁོང༌གུན༌ནི༌ ས༌ཀྱད༌ ང༌ཡོག༌ག༌ ཁྱོངས༌། ཏེ༌ནེ༌ ཟིཔ༌པོར༌རི༌ བུ༌ཚ༌, མོ༌འབ༌བི༌ གྱལ༌པོ༌ བ༌ལག༌གི༌ ཨིས༌ར༌ཨེལ༌པའེ༌ གྱབ༌གལ༌ལ༌ མག༌ ཏང༌ཅེས༌ གྲལ༌གྲིག༌ ཅོས༌། ཁོའེ༌ ཁྱོ༌ཞ༌གུན༌ལ༌ ངན༌ ཏབ༌ཅེས༌སི༌ ཕིའ༌ བེ༌འོར༌རི༌ བུ༌ཚ༌ བ༌ལའམ༌ བོད༌ཏེ༌ ཁྱོངས༌། 10 ཨིན༌ནའང༌ ངའེ༌ བ༌ལའམ༌མི༌ ཞུ༌ཝ༌ མ༌ཉན༌པིན༌ མ༌ཚད༌ ངའེ༌ ཁོའ༌ ཁྱོ༌ཞའ༌ ཅིན༌ལབས༌ ཏང༌ ཅུགས༌པིན༌ ཡང༌ ཏེན༌ན༌ ཟུག༌གི༌ ངའེ༌ ཁྱོ༌ཞ༌གུན༌ བ༌ལག༌ནེ༌ ཐར༌ཅུགས༌པིན༌།’ ”
11 “ ‘ཏེ༌ནེ༌ ཁྱོ༌ཞ༌གུན༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ ཡེ༌རི༌ཀོའ༌ ལེབ༌བ༌ཅིག༌ ཡེ༌རི༌ཀོའེ༌ ནང༌ང༌ དུག༌ཁན༌གུན༌ནི༌ ཁྱོ༌ཞའེ༌ གྱབ༌གལ༌ལ༌ ནོལས༌། ཨ༌མོར༌པ༌, པེ༌རིཟ༌པ༌, ཀེ༌ནན༌པ༌, ཧེད༌པ༌, གིར༌གཤ༌པ༌, ཧིཝ༌པ༌ དང༌ ཡེ༌བས༌པ༌ གུན༌ནིའང༌ ཏེན༌ན༌ ཙོགས༌ ཅོས༌ ཨིན༌ནའང༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཁོང༌གུན༌ནི༌ ཀ༌ནེ༌ གྱལ༌ཁ༌ ཏངས༌པིན༌། 12 ཡང༌ ཁྱོ༌ཞ༌གུན༌ནི༌ སང༌ སྔུན༌ལ༌ ཇིགས༌ནང༌ ཀལ༌ཏེ༌ ངའེ༌ ཨ༌མོར༌པའེ༌ གྱལ༌པོ༌ ཉིས༌ཀོ༌ ཕིངས༌ཏེ༌ ཏངས༌པིན༌། ཁྱོ༌ཞའེ༌ ར༌འི༌ དང༌ ཞུ༌ གུན༌ གྱུད༌ཏེ༌ ཁྱོ༌ཞའ༌ གྱལ༌ཁ༌ ཐོབས༌ཏེ༌ མན༌པིན༌། 13 ཁྱོ༌ཞའེ༌ མ༌བད༌ཁན༌ནི༌ ས༌ཀྱད༌ ཡང༌ ཁྱོ༌ཞའེ༌ མ༌ རྩིག༌ཁན༌ནི༌ གྱལ༌ས༌ ངའེ༌ ཁྱོ༌ཞ༌གུན༌ལ༌ ཏངས༌པིན༌ ཡང༌ ཏེ༌རུ༌ ཁྱོ༌ཞའ༌ དུགས༌ཏེ༌ ཁྱོ༌ཞའེ༌ མ༌བད༌ཁན༌ནི༌ རྒུན༌ཚས༌ དང༌ ཨོ༌ལིཝ༌ཝི༌ ཚས༌ གུན༌ནེ༌ ཟོས༌།’ ”
14 ཏེ༌ནེ༌ ཡོ༌ཤུའེ༌ མི༌གུན༌ལ༌ ཟེརས༌, “ཏ༌ ཡ༌ཝའེ༌ ཇིགས༌སི༌ ནང༌ང༌ ཨིད༌ཤེས༌ ཉམ༌པོ༌ ཁོང༌ང༌ སྙིང༌ནེ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུས༌། ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ ཨི༌ཇིབ༌ ཡང༌ ཡུཕ༌རེ༌ཀྲས༌ ལྩངས༌པོའེ༌ ཤར༌ ཆོགས༌ལ༌ དུག༌ ཟ༌ནེ༌ ཁོང༌གུན༌ནི༌ ཅོལ༌ཁན༌ནི༌ སྐུན༌དྲ༌གུན༌ ཕངས༌ཏེ༌ ཡ༌ཝའ༌ ཅིག༌པོའ༌ ཞབས༌ཏོག༌ ཞུས༌། 15 ཨིན༌ནའང༌ ཀལ༌ཏེས༌ ཁྱོ༌ཞའེ༌ ཡ༌ཝའ༌ ཞབས༌ཏོག༌ མི༌ཞུ༌ སམ༌ན༌ ཏེ༌ནེ༌ དི༌རིང༌རང༌ ཁྱོ༌ཞ༌གུན༌ནི༌ སུའ༌ ཞབས༌ཏོག༌ ཞུ༌ཅེན༌ ཏེ༌བོ༌ ལྡོམ༌, ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ ཡུཕ༌རེ༌ཀྲས༌སི༌ ཤར༌ ཆོགས༌ལ༌ ཞབས༌ཏོག༌ ཞུ༌ཁན༌ ལྷ༌ལྷ༌མོ༌ གུན༌ ཡ༌ ཨ༌མོར༌པ༌གུན༌ནི༌ ལྷ༌ལྷ༌མོ༌ གུན༌, ཀ༌གུན༌ནི༌ ས༌ཀྱད༌དི༌ ནང༌ང༌ དག༌ས༌ ཁྱོ༌ཞ༌གུན༌ དུག༌ཨིན༌ ཨིན༌ནོག༌། ཨིན༌ནའང༌ ང༌ དང༌ ངའེ༌ ནང༌ཚངས༌གུན༌ནི༌ ཡ༌ཝའ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུ༌ཨིན༌།”
16 མི༌གུན༌ནི༌ ལན༌ཏངས༌, “ང༌ཞའེ༌ ཡ༌ཝ༌ སྤངས༌ཏེ༌ ཞན༌མའེ༌ ལྷ༌ལྷ༌མོ༌ གུན༌ལ༌ ཞབས༌ཏོག༌ མན༌ནེ༌ མི༌ཞུ༌, 17 ཅིའ༌ཟེར༌ན༌ ཡ༌ཝ༌ ང༌དང༌གུན༌ནི༌ དཀོན༌མཆོག༌གི༌ ང༌དང༌ དང༌ ང༌དང༌ངི༌ ཕ༌མེས༌པོ༌གུན༌ ཨི༌ཇིབ༌བི༌ ཚེ༌ཡོག༌ནེ༌ ཐར༌ ཅུག༌ག༌ ཛད༌ཏེ༌ ཧ༌ལས༌ཤེས༌སི༌ སྟགས༌གུན༌ ང༌དང༌གུན༌ནི༌ མིག༌གི༌ དུན༌ལ༌ སྟན༌ན༌ ཛདས༌། ཁོང༌ངི༌ ང༌དང༌གུན༌ བེས༌ གང༌པོའེ༌ ནང༌ང༌ ཡང༌ གྱལ༌ཁམས༌ ཚང༌མ༌ གྱུད༌ཏེ༌ ཆ༌ ཟ༌ནེ༌ སྐྱོབས༌ཏེ༌ བོར༌ར༌ ཛདས༌། 18 ཡ༌ཝའེ༌ ཨ༌མོར༌པ༌གུན༌ ཐེས༌ཏེ༌ འི༌ ས༌ཀྱད༌དི༌ ནང༌ང༌ དུག༌ཁན༌ ཞན༌ གྱལ༌ཁམས༌སི༌ མི༌གུན༌ ཕིང༌ང༌ ཛདས༌། ཏེན༌ན༌བོའེ༌ཕིའ༌ ང༌ཞ༌གུན༌ནིའང༌ ཡ༌ཝ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུ༌ཨིན༌ ཅིའ༌ཟེར༌ན༌ ཁོང༌ ཅིག༌པོ༌ ང༌ཞ༌གུན༌ནི༌ དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌།”
19 ཏེ༌ནེ༌ ཡོ༌ཤུའེ༌ མི༌གུན༌ལ༌ ཟེརས༌, “ཡ༌ཝའ༌ ཞབས༌ཏོག༌ ཞུ༌ཅེས༌ ལ༌མོ༌ཞིག༌ མ༌ནོག༌ ཅིའ༌ཟེར༌ན༌ ཁོང༌ ཏམ༌པ༌ དང༌ ཚིག༌རི༌ཅན༌ དཀོན༌མཆོག༌ ཞུགས༌ཏེ༌ ཨིན༌ནོག༌། ཁྱོ༌ཞའེ༌ ཁོང༌ང༌ གྱབ༌གལ༌ ཡང༌ སྡིག༌པ༌ ཅོ༌ན༌ ཁོང༌ངི༌ ཤགས༌པ༌ སལ༌ལ༌ མི༌ཛད༌། 20 ཁོང༌ངི༌ ཁྱོ༌ཞའེ༌ ཕིའ༌ ཆག༌ལས༌ ཟང༌པོ༌ ཛད༌ཏེ༌ ཨིན༌ནའང༌, ཀལ༌ཏེས༌ ཁྱོ༌ཞའེ༌ ཡ༌ཝའ༌ ཕངས༌ཏེ༌ ཞན༌ མི༌གུན༌ནི༌ ཅོལ༌ཁན༌ ལྷ༌ལྷ༌མོ༌ གུན༌ལ༌ ཞབས༌ཏོག༌ ཞུ༌ན༌ ཡ༌ཝའེ༌ ཁྱོ༌ཞ༌གུན༌ནི༌ གྱབ༌གལ༌ ཛད༌ཏེ༌ ཁྱོ༌ཞ༌གུན༌ མེད༌ཁན༌ ཛད༌ཨིན༌།”
21 ཨིན༌ནའང༌ མི༌གུན༌ནི༌ ཡོ༌ཤུའ༌ ལན༌ཏངས༌, “མན༌ ང༌ཞ༌གུན༌ནི༌ ཡ༌ཝ༌ ཅིག༌པོའ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུ༌ཨིན༌།”
22 ཏེ༌ནེ༌ ཡོ༌ཤུའེ༌ ཟེརས༌, “ཁྱོ༌ཞའེ༌ ཡ༌ཝའ༌ ཞབས༌ཏོག༌ ཞུ༌ཅེས༌སི༌ ཐག༌ཅད༌ཁན༌ནི༌ སྤང༌པོ༌ ཁྱོ༌ཞ༌རང༌ ཨིན༌ནོག༌།”
ཁོང༌གུན༌ནི༌ ལན༌ཏངས༌, “འོ༌ན༌, ཏེ༌བོའེ༌ སྤང༌པོ༌ ང༌ཞ༌རང༌ ཨིན༌།”
23 ཡོ༌ཤུའེ༌ ཟེརས༌, “ཏེ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཕྲོའ༌ ཡོད༌ཁན༌ནི༌ སྐུན༌དྲ༌གུན༌ ཕངས༌ཏེ༌ མེད༌ཁན༌ ཅོས༌ ཡང༌ ཁྱོ༌ཞའེ༌ སྙིང༌གུན༌ ཡ༌ཝ༌ ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཆོགས༌ལ༌ སྟན༌པོ༌ ཅོས༌།”
24 མི༌གུན༌ནི༌ ཡོ༌ཤུའ༌ ཟེརས༌, “ང༌ཞ༌གུན༌ནི༌ ཡ༌ཝའ༌ ང༌ཞའེ༌ དཀོན༌མཆོག༌ག༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུ༌ཨིན༌ ཡང༌ ཁོང༌ ཅིག༌པོའེ༌ ཁའ༌ ཉན༌ཨིན༌།”
25 ཏེ༌ནེ༌ ཡོ༌ཤུའེ༌ ཏེན༌ན༌ ཞག༌ག༌ ཤེ༌ཀེམ༌མི༌ ནང༌ང༌ མི༌གུན༌ དང༌ ཡ༌ཝའེ༌ པར༌ལ༌ ཆད༌དོན༌ ཅོས༌། ཡོ༌ཤུའེ༌ ཁོང༌གུན༌ནི༌ ཕིའ༌ ཏེ༌ ཁྲིམས༌ དང༌ བཀའ༌ཁྲིམས༌ ཚང༌མ༌ བྲིས༌། 26 ཡོ༌ཤུའེ༌ འི༌ ཚང༌མ༌ ཁྲིམས༌སི༌ སྤེ༌ཆའེ༌ ནང༌ང༌ བྲིས༌། ཁོང༌ངི༌ རྡོའ༌ ཆེན༌མོ༌ ཞིག༌ ཡ༌ཝའེ༌ ཏམ༌པ༌ ཀུར༌རི༌ དུན༌ལ༌ ཡོད༌ཁན༌ ཨོག༌གི༌ ལྕང༌མ༌ ཆེན༌མོའེ༌ ཡོག༌ག༌ བོརས༌།
27 ཡང༌ ཁོང༌ངི༌ མི༌ ཚང༌མའ༌ ཟེརས༌, “འི༌ རྡོའ༌བོའེ༌ ཡ༌ཝའེ༌ ང༌དང༌གུན༌ལ༌ མོལ༌ཁན༌ ཚང༌མ༌ ཚོར༌ཏེ༌ ཨིན༌ནོག༌། ཀལ༌ཏེས༌ ཁྱོ༌ཞ༌གུན༌ ཡ༌ཝའ༌ ཅོ༌ཁན༌ནི༌ ཁ༌ཆད༌གུན༌ནི༌ ནང༌ང༌ ཨིད༌ཤེས༌ཅན༌ མ༌ལུས༌ན༌ འི༌བོ༌ ཁྱོ༌ཞ༌གུན༌ནི༌ གྱབ༌གལ༌ལ༌ སྤང༌པོ༌ ཨིན༌ནོག༌།”
28 ཏེ༌ནེ༌ ཡོ༌ཤུའེ༌ མི༌ ཚང༌མ༌ ལོགས༌ཏེ༌ ཁོང༌གུན༌ལ༌ ནོར༌སྐལ༌ལ༌ ཐོབ༌ཁན༌ནི༌ ས༌ཀྱད༌གུན༌ལ༌ ལམ༌ཅུགས༌།
ཡོ༌ཤུའ༌ དང༌ བླ༌མ༌ ཨེ༌ལི༌འ༌ཟར༌ ཀྲོངས༌།
24:29-33
29 ཏེ༌བོའེ༌ སྟིང༌ནེ༌ ཡ༌ཝའ༌ ཞབས༌ཏོག༌ ཞུ༌ཁན༌ ནུན༌ནི༌ བུ༌ཚ༌ ཡོ༌ཤུའ༌ ཀྲོངས༌, ཁོང༌ང༌ ལོ༌ 110 ཆའད༌པིན༌། 30 ཨིས༌ར༌ཨེལ༌པ༌གུན༌ནི༌ ཡོ༌ཤུའ༌ ནོར༌སྐལ༌ལ༌ ཐོབ༌ཁན༌ནི༌ ས༌ཀྱད༌, གའཤ༌ཤི༌ རི༌ བྱང༌ ཆོགས༌ལ༌ ཨེཕ༌ར༌ཡིམ༌མི༌ རི༌ཡུལ༌ ཏིམ༌ནཐ༌ སེ༌རཧའེ༌ ནང༌ང༌ ཁོང༌ངི༌ སྤུར༌ སུབས༌།
31 ཨིས༌ར༌ཨེལ༌པ༌གུན༌ནི༌ ཡོ༌ཤུའེ༌ མི༌ཚེའེ༌ གང༌པོ༌ ཡང༌ ཁོང༌ངི༌ སྟིང༌ནེ༌ ཞན༌ འུ༌སྐྱོང༌གུན༌ནི༌ ཏུས༌ལ༌ ཡ༌ཝའ༌ ཅོལ༌ཏེ༌ ཞབས༌ཏོག༌ ཞུས༌། ཏེ༌ འུ༌སྐྱོང༌གུན༌ལ༌ ཡ༌ཝའེ༌ ཨིས༌ར༌ཨེལ༌པ༌གུན༌ནི༌ ཕིའ༌ ཛད༌ཁན༌ ཚང༌མའེ༌ ཐོང༌ངོམས༌ ཡོད༌པིན༌།
32 ཨིས༌ར༌ཨེལ༌པ༌གུན༌ནི༌ ཨི༌ཇིབ༌ནེ༌ ཁྱོངས༌ཁན༌ནི༌ ཡོ༌སེབ༌བི༌ རུས༌པ༌ ཤེ༌ཀེམ༌མི༌ ནང༌ང༌ སུབས༌, ཏེ༌བོ༌ ཡ༌ཀོབ༌བི༌ ཧ༌མོར༌རི༌ བུ༌ཚ༌གུན༌ནི༌ ཀ༌ནེ༌ མུལ༌ལི༌ པེ༌ནེ༌ གྱ༌ ཏངས༌ཏེ༌ ཉོས༌ཏེ༌ ཨིན༌པིན༌། ཡོ༌སེབ༌བི༌ པུར༌གྱུད༌གུན༌ལ༌ ནོར༌སྐལ༌ལ༌ ཏང༌ཁན༌ནི༌ ས༌ཀྱད༌དི༌ ནང༌ང༌ ཏེ༌ ས༌ཀྱད༌པོ༌ ཡོད༌ཏེ༌ ཨིན༌ནོག༌།
33 ཨ༌རོན༌ནི༌ བུ༌ཚ༌ ཨེ༌ལི༌འ༌ཟར༌རའང༌ ཀྲོངས༌། ཁོང༌ངི༌ སྤུར༌ ཨེཕ༌ར༌ཡིམ༌མི༌ རི༌ཡུལ༌ལི༌ ནང༌ང༌ སུབས༌ ཀ༌བོ༌ ཁོའེ༌ བུ༌ཚ༌ ཕི༌ནི༌ཧས༌ལ༌ ཏང༌ཁན༌ གི༌བེའཧའེ༌ གྲོང༌ཁྱེར༌རི༌ ནང༌ང༌ ཡོད༌པིན༌།