3
ཨིས༌ར༌ཨེལ༌པ༌གུན༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ སོང༌།
3:1-17
1 ཐོ༌རེ༌ ཟུག༌པོ༌ ང༌མོ༌ ནེ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ ཤིཏ༌ཏིམ༌ ནེ༌ བིང༌ཏེ༌ ཡོར༌དཱན༌ ལྩངས༌པོ༌ ཆོགས༌ལ༌ སོང༌ ཡང༌ ལྩངས༌པོ༌ རྒལ༌ལི༌ སང༌ སྔུན༌ལ༌ ཁོང༌གུན༌ ཏེ༌བོའེ༌ ཐའ༌མ༌ ཀུར༌ ཙུགས༌ཏེ༌ དུགས༌།
2 ཞག༌མ༌ སུམ༌མི༌ སྟིང༌ནེ༌ ཨིས༌ར༌ཨེལ༌པའེ༌ གོ༌སྐྱོང༌གུན༌ ཀུར༌ ཙུག༌སའེ༌ ནས༌ས༌ གང༌པོའེ༌ ནང༌ང༌ སོང༌ཏེ༌
3 མི༌གུན༌ལ༌ ལབ༌ཞ༌ ཏང༌ཨིན༌ ཟེརས༌, “ཁྱོ༌ཞ༌གུན༌ནི༌ ལི༌ཝི༌པ༌ བླ༌མ༌གུན༌ནི༌ ཡ༌ཝ༌ ང༌དང༌ངི༌ དཀོན༌མཆོག༌གི༌ ཆད༌དོན༌ནི༌ སྒམ༌ ཁུར༌ཏེ༌ ཆའ༌ ཐོང༌ང༌ཅིག༌ གྲལ༌གྲིག༌ ཅོས༌ཏེ༌ ཁྱོ༌ཞའ༌ ཁོང༌གུན༌ནི༌ སྟིང༌རང༌ནེ༌ ཆ༌གོས༌།
4 ཏེ༌ནེ༌ ཁྱོ༌ཞའ༌ ཆ༌ཅེས༌སི༌ ལམ༌བོ༌ ཤེས༌ཨིན༌ ཅིའ༌ཟེར༌ན༌ ང༌དང༌ འི༌ ལམ༌ ནེ༌ མ༌ནེ༌ མ༌ཆའ༌ ཨིན༌ནོག༌། ཨིན༌ནའང༌ ཁྱོ༌ཞའ༌ དང༌ ཆད༌དོན༌ནི༌ སྒམ༌མི༌ ནང༌ང༌ མི༌ཀྲར༌ 900 པར༌ བོར༌གོས༌, སྒམ༌མི༌ ཉེ༌མོའ༌ མི༌ ཡོང༌ཅེས༌ ཏན༌ཏན༌ ཅོས༌།”
5 ཏེ༌ནེ༌ ཡོ༌ཤུའེ༌ མི༌གུན༌ལ༌ ཟེརས༌, “ཁྱོ༌ཞ༌རང༌གུན༌ རྩང༌མ༌ ཅོས༌ ཅིའ༌ཟེར༌ན༌ ཐོ༌རེ༌ ཡ༌ཝའེ༌ ང༌དང༌གུན༌ནི༌ ཕྲོའ༌ ཧ༌ལས༌ཤེས༌སི༌ ཆག༌ལས༌ ཛད༌ཨིན༌།”
6 ང༌ཏོག༌ ཡོ༌ཤུའེ༌ བླ༌མ༌གུན༌ལ༌ ཟེརས༌, “ཆད༌དོན༌ནི༌ སྒམ༌ ཁུར༌ཏེ༌ མི༌གུན༌ནི༌ སང༌ སྔུན༌ལ༌ གྲུལ༌།” ཏེ༌ནེ༌ ཁོང༌གུན༌ནི༌ ཆད༌དོན༌ནི༌ སྒམ༌ ཁུར༌ཏེ༌ མི༌གུན༌ནི༌ སང༌ སྔུན༌ལ༌ སོང༌།
7 ཡ༌ཝའེ༌ ཡོ༌ཤུའ༌ མོལས༌, “དི༌རིང༌ ནེ༌ པར༌ལ༌ ངའེ༌ ཨིས༌ར༌ཨེལ༌པ༌ ཚང༌མའེ༌ ཕྲོའ༌ ཁྱོ༌རང༌ གོ༌སྐྱོང༌ ཀྲག༌པོ༌ཞིག༌ གྱུར༌ཅུག༌ཨིན༌, ཏེ༌ནེ༌ ཁོང༌གུན༌ལ༌ ང༌ མོ༌ཟེས༌ ཉམ༌པོ༌ ཡོད༌ད༌ ཙོགས༌ ཁྱོ༌རང༌ ཉམ༌པོའང༌ ཡོད༌ཁན༌བོ༌ ཧ༌གོ༌ཨིན༌།
8 ཆད༌དོན༌ནི༌ སྒམ༌ ཁུར༌ཁན༌ནི༌ བླ༌མ༌གུན༌ལ༌ ཟེར༌, ‘ཡོར༌དཱན༌ ལྩངས༌པོའེ༌ ཐའ༌མ༌ ལེབ༌བ༌ཅིག༌, ལྩངས༌པོའེ༌ ཆུའི༌ ནང༌ང༌ ཀོམ༌པ༌ ཁ༌ཅིག༌ སོང༌ ཡང༌ ཏེ༌ཀ༌ ལངས༌ཏེ༌ དུག༌།’ ”
9 ཡོ༌ཤུའེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཟེརས༌, “ཡོང༌, ཡ༌ཝ༌ ང༌དང༌ངི༌ དཀོན༌མཆོག༌གི༌ མོལ༌ཁན༌གུན༌ ངའེ༌ ཁྱོ༌ཞའ༌ ཤད༌ཨིན༌།
10 དི༌རིང༌ སོན༌པོ༌ དཀོན༌མཆོག༌ ང༌དང༌ ཉམ༌པོ༌ ཞུགས༌ཏེ༌ ཁོང༌ངི༌ ཀེ༌ནན༌པ༌, ཧེད༌པ༌, ཧིཝ༌པ༌, པེ༌རིཟ༌པ༌, གིར༌གཤ༌པ༌, ཨ༌མོར༌པ༌ དང༌ ཡེ༌བས༌པ༌ གུན༌ འི༌ ས༌ཆའེ༌ ནང༌ནེ༌ ཏན༌ཏན༌ ཕིང༌ང༌ ཛད༌ཅེས༌པོ༌ ང༌དང༌གུན༌ལ༌ ཧ༌གོ༌ཅེས༌ ཨིན༌ནོག༌།
11 ལྟོས༌། ཇིག༌རྟེན༌ གང༌པོའེ༌ཀ༌ ཝང༌སྲུལ༌ལ༌ ཛད༌ཁན༌ ཡ༌ཝའེ༌ ཆད༌དོན༌ནི༌ སྒམ༌མི༌ ང༌དང༌གུན༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ འ༌ངོ༌ ཆོགས༌ལ༌ ཁྲིད༌ཏེ༌ ཁྱེར༌ར༌ ཛད༌ཨིན༌།
12 ཏ༌ ཨིས༌ར༌ཨེལ༌ལི༌ མི༌སྡེ༌གུན༌ ནེ༌ མི༌ རྕུག༌ཉིས༌ ལྡོམ༌ཤིག༌, སྡེ༌ རེ༌རེ༌ ནེ༌ མི༌ རེ༌རེ༌།
13 ཇིག༌རྟེན༌ གང༌པོའ༌ ཝང༌སྲུལ༌ལ༌ ཛད༌ཁན༌ནི༌ ཡ༌ཝའེ༌ སྒམ༌ ཁུར༌ཁན༌ བླ༌མ༌གུན༌ནི༌ རྐང༌པ༌ ཆུའ༌ ཐུག༌ག༌ཅིག༌ གྱེན༌ནེ༌ ཡོང༌ཁན༌ནི༌ ཆུ༌ གྱུག༌མ༌གྱུག༌ག༌ རྩིག༌པ༌ ཙོགས༌ལ༌ ལངས༌ཏེ༌ དུག༌ཨིན༌།”
14 ཏེ༌ནེ༌ མི༌གུན༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཅེས༌ལ༌ ཀུར༌གུན༌ ལྡུམས༌ཏེ༌ བིང༌ ཡང༌ ཆད༌དོན༌ནི༌ སྒམ༌ ཁུར༌ཁན༌ བླ༌མ༌གུན༌ ཁོང༌གུན༌ནི༌ སྔུན༌སྔུན༌ལ༌ སོང༌།
15 ༼ཏ༌ ཏེ༌ཏུས༌པོ༌ རྔབ༌སའེ༌ ཏུས༌ ཡང༌ ཡོར༌དཱན༌ ལྩངས༌པོའེ༌ ཆུ༌ ཕེལ༌ཏེ༌ ཐའ༌མ༌ནེ༌ ཐལ༌ཏེ༌ ཆའད༌པིན༌༽ ཨིན༌ནའང༌ ཆད༌དོན༌ནི༌ སྒམ༌ ཁུར༌ཁན༌ནི༌ བླ༌མ༌གུན༌ནི༌ རྐང༌པ༌ ལྩངས༌པོའེ༌ ཆུའ༌ ཐུག༌ག༌ཅིག༌,
16 གྱེན༌ནེ༌ ཡོང༌ཁན༌ནི༌ ཆུ༌ གྱུག༌མ༌གྱུག༌ག༌, མ༌ཐག༌རིང༌ང༌ ཡོད༌ཁན༌ ཟ༌རེ༌ཐན༌ནི༌ ཉེ༌མོའ༌ ཨ༌དམ༌མི༌ གྲོང༌ཁྱེར༌རི༌ ནང༌ང༌ རྩིག༌པ༌ ཙོགས༌ལ༌ ཁྱིལ༌ཏེ༌ དུགས༌ ཡང༌ ཐུར༌ལ༌ ཨ༌ར༌བཧའེ༌ ཚོ༌ ཡང༌ན༌ ཚོ༌རུལ༌ ཆོགས༌ལ༌ གྱུག༌ཁན༌ནི༌ ཆུ༌ ཆད༌། ཏེ༌ནེ༌ མི༌གུན༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ ཡེ༌རི༌ཀོ༌ ཆོགས༌ལ༌ ཆ༌ཉན༌།
17 ས༌སྐམ༌པོའེ༌ ཀ༌ནེ༌ ཨིས༌ར༌ཨེལ༌པ༌ ཚང༌མ༌ ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ འ༌ངོ༌ ཆོགས༌ལ༌ ལེབ༌ལེབ༌ ཚག༌པ༌ ཡ༌ཝའེ༌ ཆད༌དོན༌ནི༌ སྒམ༌ ཁུར༌ཁན༌ བླ༌མ༌གུན༌ ལྩངས༌པོའེ༌ སྐྱིལ༌ལ༌ ས༌སྐམ༌པོའེ༌ཀ༌ ལངས༌ཏེ༌ དུགས༌།