8
ཨིས༌ར༌ཨེལ༌པ༌གུན༌ནི༌ ཨའི༌པ༌གུན༌ལ༌ ཕམ༌ཀལ༌།
8:1-29
1 ཏེ༌ནེ༌ ཡ༌ཝའེ༌ ཡོ༌ཤུའ༌ མོལས༌, “ཇིགས༌ མ༌ཇིགས༌ ཡང༌ སྤོས༌པ༌ མ༌ཆག༌། ཁྱོ༌རང༌ངི༌ མག༌མི༌ ཚང༌མ༌ ཁྲིད༌ཏེ༌ ཨའི༌ གྱལ༌ས༌ སྤུང༌གོལ༌ ཅོས༌ ཅིའ༌ཟེར༌ན༌ ངའེ༌ ཁྱོ༌རང༌ང༌ ཨའི༌ གྱལ༌པོ༌, ཁོའེ༌ མི༌གུན༌ དང༌ གྱལ༌ས༌ ཡང༌ ཁོའེ༌ ས༌ཀྱད༌གུན༌ ཏངས༌ཏེ༌ ཨིན༌།
2 ཡེ༌རི༌ཀོ༌ དང༌ ཏེ༌བོའེ༌ གྱལ༌པོའ༌ ཅོའ༌ ཙོགས༌, ཁྱོ༌རང༌ངི༌ འི༌གུན༌ནའང༌ ཁྲེས༌ཏོར༌ ཅོ༌ཨིན༌། ཨིན༌ནའང༌ ཅོམས༌ཁན༌ནི༌ ནོར༌ དང༌ སེམས༌ཅན༌གུན༌ ཁྱོ༌ཞ༌རང༌ངི༌ ཕིའ༌ བོར༌ནང༌ གྲིག༌། ཁོང༌གུན༌ལ༌ གྱུས༌ཆའ༌ མ༌ཅུག༌ག༌, གྱལ༌སའེ༌ གྱབ༌བ༌ ཨིབས༌ཏེ༌ ཡོད༌ཁན༌ མག༌མི༌གུན༌ལ༌ ཁོང༌གུན༌ནི༌ཀ༌ ཧུན༌མེད༌ལ༌ སྤུང༌གོལ༌ ཅོ༌ཅུག༌།”
3 ཏེ༌ནེ༌ ཡོ༌ཤུའ༌ དང༌ མག༌མི༌ ཚང༌མ༌ ཨའི༌ཀ༌ སྤུང༌གོལ༌ ཅོ༌ཅེས༌ལ༌ སོང༌། ཡོ༌ཤུའེ༌ ཚང༌མའེ༌སང༌ གྱལ༌ལ༌ མག༌གི༌ 30,000 ལྡམས༌ ཡང༌ ཁོང༌གུན༌ ཚན༌ལ༌ ལམ༌ཅུགས༌ཏེ༌
4 བཀའ༌ ཏངས༌, “གྱལ༌སའེ༌ གྱབ༌ ཆོགས༌ལ༌ ཨིབས༌ཏེ༌ དུག༌ ཨིན༌ནའང༌ མ༌ ཐག༌རིང༌ང༌ མ༌ཆ༌ སྤུང༌གོལ༌ ཅོ༌ཅེས༌ལ༌ ཤང༌ཅོས༌ཏེ༌ དུག༌ཤིག༌།
5 ང༌ དང༌ ང༌ ཉམ༌པོ༌ ཡོད༌ཁན༌ མག༌མི༌ ཚང༌མའེ༌ གྱལ༌སའེ༌ཀ༌ སྤུང༌གོལ༌ ཅོ༌ཨིན༌, སྔུན༌ ཙོགས༌ལ༌ ཨའི༌པ༌གུན༌ ནོལ༌ལ༌ ཡོང༌ང༌ཅིག༌ ང༌ཞ༌གུན༌ ཤོར༌ཨིན༌།
6 གྱལ༌ས༌ནེ༌ ཐག༌རིང༌ང༌ ལེབ༌ལེབ༌ ཚག༌པ༌ ང༌ཞའེ༌ ཁོང༌གུན༌ལ༌ ཏེད༌ཏེ༌ ཁྱོང༌ཅུག༌ཨིན༌ ཡང༌ ཁོང༌གུན༌ནི༌ ཟེར༌ཨིན༌, ‘སྔུན༌ ཙོགས༌ལ༌ ཨིས༌ར༌ཨེལ༌པ༌གུན༌ ང༌དང༌གུན༌ནི༌ ཀ༌ནེ༌ ཤོར༌ཏེ༌ ཨིན༌ནོག༌།’ ཏེ༌ནེ༌ ང༌ཞའ༌ ཤོར༌ ཟ༌ནེ༌
7 ཁྱོ༌ཞ༌གུན༌ ཨིབས༌ཏེ༌ ཡོད༌སའེ༌ ནས༌ས༌ནེ༌ བིངས༌ཏེ༌ ཡོང༌ ཡང༌ གྱལ༌ས༌ ང༌ཡོག༌ག༌ ལེན༌ ཅིའ༌ཟེར༌ན༌ ཡ༌ཝ༌ ང༌དང༌ངི༌ དཀོན༌མཆོག༌གི༌ ཏེ༌བོ༌ ང༌དང༌གུན༌ལ༌ སལ༌ཏེ༌ ཨིན༌།
8 གྱལ༌ས༌ ལེན༌ཏེ༌ སྟིང༌ནེ༌ ཡ༌ཝའེ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཏེ༌བོ༌ མེའ༌ སྲོག༌། ཁྱོ༌རང༌གུན༌ལ༌ འི༌བོ༌ ངའེ༌ བཀའ༌ ཨིན༌།”
9 ཏེ༌ནེ༌ ཡོ༌ཤུའེ༌ ཁོང༌གུན༌ ལམ༌ཅུགས༌, ཁོང༌གུན༌ ཨའི༌ ནུབ༌ ཆོགས༌ལ༌ བེ༌ཐེལ༌ དང༌ ཨའི༌ པར༌ལ༌ ཡོད༌ཁན༌ནི༌ ནས༌སའེ༌ ནང༌ང༌ ཨིབས༌ཏེ༌ དུགས༌། ཨིན༌ནའང༌ ཡོ༌ཤུའ༌ ཏེ༌ ཚན༌བོ༌ ཁོ༌རང༌ངི༌ མག༌མི༌གུན༌ ཉམ༌པོ༌ དུགས༌།
10 ཐོ༌རེ༌ཟུག༌པོ༌ ང༌མོ༌ནེ༌ ཡོ༌ཤུའེ༌ ཁོ༌རང༌ངི༌ མག༌མི༌གུན༌ ཛོམ༌ཅུགས༌ཏེ༌ ཁོ༌ དང༌ ཨིས༌ར༌ཨེལ༌པ༌ འུ༌སྐྱོང༌གུན༌ནི༌ གོ༌ཁྲིད༌ ཅོས༌ཏེ༌ ཨའི༌ ཆོགས༌ལ༌ སོང༌།
11 ཡོ༌ཤུའ༌ ཉམ༌པོ༌ ཡོད༌ཁན༌ མག༌མི༌ ཚང༌མ༌ གྲུལ༌ཏེ༌ གྱལ༌སའེ༌ ཉེ༌མོའ༌ ལེབ༌ཏེ༌ ཨའི༌ བྱང༌ ཆོགས༌ལ༌ ཀུར༌ ཙུགས༌ཏེ༌ དུགས༌། ཁོང༌གུན༌ དང༌ གྱལ༌སའེ༌ པར༌ལ༌ ལུང༌པ༌ཞིག༌ མན༌ནེ༌ མེད༌པིན༌།
12 ཏེ༌ ཚན༌ལ༌ ཡོ༌ཤུའེ༌ མག༌མི༌ 5,000 ལྡམས༌ཏེ༌ གྱལ༌སའེ༌ ནུབ༌ ཆོགས༌ལ༌ བེ༌ཐེལ༌ དང༌ ཨའི༌ པར༌ལ༌ ཨིབས༌ཏེ༌ དུག༌ཅུགས༌།
13 ཏེ༌ནེ༌ ཨིབས༌ཏེ༌ དུག༌ཁན༌ མག༌མི༌ གྱལ༌སའེ༌ ནུབ༌ ཆོགས༌ལ༌ ཡང༌ བྱང༌ ཆོགས༌ལ༌ ཞན༌ མག༌མི༌ ཚང༌མ༌ དུགས༌ ཨིན༌ནའང༌ ཏེན༌ན༌ ཚན༌ལ༌ ཡོ༌ཤུའ༌ ལུང༌པའེ༌ ནང༌ང༌ དུགས༌།
14 ཨའི༌ གྱལ༌པོའེ༌ ཨིས༌ར༌ཨེལ༌པ༌གུན༌ ཐོང༌ང༌ཅིག༌ ཁོ༌ དང༌ ཁོའེ༌ མག༌མི༌ ཚང༌མ༌ ང༌མོ༌ནེ༌ གྱོགས༌པ༌ ཡོར༌དཱན༌ ལུང༌པའེ༌ ནང༌ང༌ ཁོང༌གུན༌ལ༌ ནོལ༌ལ༌ སོང༌། ཨིན༌ནའང༌ གྱལ༌སའེ༌ གྱབ༌བ༌ སྤུང༌གོལ༌ ཅོའ༌ལ༌ མག༌མི༌ ཨིབས༌ཏེ༌ ཡོད༌ཁན༌བོ༌ ཁོང༌གུན༌ལ༌ གྱུས༌ མེད༌པིན༌།
15 ཕམས༌ཁན༌ནི༌ མག༌མི༌ ཙོགས༌ལ༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པ༌ མག༌མི༌ ཚང༌མ༌ ཐང༌སྟོང༌ ཆོགས༌ལ༌ ཤོར༌།
16 ཨིས༌ར༌ཨེལ༌པ༌གུན༌ལ༌ ཏེད༌ཏེ༌ ཁྱེར༌ཅེས༌ལ༌ གྱལ༌སའེ༌ ནང༌ང༌ ཡོད༌ཁན༌ བུ༌ཚ༌ ཚང༌མ༌ བོདས༌, ཏེན༌ན༌ཟུག༌གི༌ ཁོང༌གུན༌ གྱལ༌ས༌ནེ༌ ཐག༌རིང༌ང༌ ཕིངས༌ཏེ༌ ཁྱེརས༌།
17 ཨའི༌ ཡ༌ བེ༌ཐེལ༌ལི༌ ནང༌ང༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཏེད༌ཏེ༌ མ༌ ཁྱེར༌ཁན༌ བུ༌ཚ༌ ཅིག༌གའང༌ ལུས༌ཏེ༌ མེད༌པིན༌། གྱལ༌སའེ༌ སྒོ༌ སང༌ ཕེས༌ཏེ༌ ཁོང༌ ཚང༌མའེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཏེད༌ཏེ༌ ཁྱེརས༌།
18 ཏེ༌ནེ༌ ཡ༌ཝའེ༌ ཡོ༌ཤུའ༌ མོལས༌, “ཁྱོ༌རང༌ངི༌ ལག༌ག༌ ཡོད༌ཁན༌ནི༌ རྡུང༌ ཨའི༌ ཆོགས༌ལ༌ སྟོག༌, ངའེ༌ གྱལ༌ས༌བོ༌ ཁྱོ༌རང༌ངི༌ ལག༌ག༌ ཏང༌ངད༌།” ཏེན༌ན༌བོའེ༌ ཕིའ༌ ཡོ༌ཤུའེ༌ ཁོ༌རང༌ངི༌ རྡུང༌ ཨའི༌ ཆོགས༌ལ༌ སྟགས༌།
19 ཡོ༌ཤུའེ༌ ཏེ༌ཟུག༌ ཅོའ༌ཅིག༌ ཨིབས༌ཏེ༌ ཡོད༌ཁན༌ནི༌ མག༌མི༌ ཚང༌མ༌ ཏེ༌ ནས༌ས༌ནེ༌ བིངས༌ཏེ༌ གྱལ༌སའེ༌ ནང༌ང༌ སོང༌ ཡང༌ ཏེ༌བོ༌ ང༌ཡོག༌ག༌ ལེན༌ཏེ༌ མེའ༌ ཏུགས༌།
20 ཨའི༌པ༌གུན༌ནི༌ གྱབ༌ ལོགས༌ཏེ༌ ལྟའ༌ཅིག༌ གྱལ༌སའེ༌ ནང༌ནེ༌ ཏུད༌པ༌ བིངས༌ཏེ༌ ནམ༌ཁའ༌ གངས༌ཁན༌བོ༌ ཐོང༌། ཨིན༌ནའང༌ ཁོང༌གུན༌ ཀ༌ངོ༌ ཆོགས༌ལའང༌ ཤོར༌ མ༌ཉན༌ ཅིའ༌ཟེར༌ན༌ ཨིས༌ར༌ཨེལ༌པ༌ ཐང༌སྟོང༌ ཆོགས༌ལ༌ ཤོར༌ཁན༌གུན༌ ཁོང༌ང༌ ཏེད༌ཅེས༌ལ༌ གྱབ༌ གྱུར༌ཏེ༌ ཡོངས༌།
21 ཨིབས༌ཏེ༌ ཡོད༌ཁན༌ནི༌ མག༌མི༌གུན༌ནི༌ གྱལ༌ས༌ ལེན༌ཏེ༌ ཏུད༌པ༌ བིང༌ཨིན༌ ཡོ༌ཤུའ༌ དང༌ ཨིས༌ར༌ཨེལ༌པ༌ ཚང༌མའེ༌ ཐོང༌ང༌ཅིག༌ ཁོང༌གུན༌ནི༌ གྱབ༌ ལོགས༌ཏེ༌ ཨའི༌པ༌ མག༌མི༌གུན༌ལ༌ སྤུང༌གོལ༌ ཅོས༌།
22 ཏེན༌ན༌ ཟ༌ནེ༌ གྱལ༌ས༌ ལེན༌ཁན༌ ཨིས༌ར༌ཨེལ༌པ༌གུན༌ བིང༌ཏེ༌ ཨའི༌པ༌ མག༌མི༌གུན༌ནི༌ གྱབ༌ནེ༌ ནོལ༌ལ༌ ཡོངས༌ པ༌སང༌ ཁོང༌གུན༌ ཨིས༌ར༌ཨེལ༌པ༌ མག༌མི༌གུན༌ནི༌ ཞུང༌ང༌ ཁད༌། ཨིས༌ར༌ཨེལ༌པ༌གུན༌ནི༌ ཁོང༌གུན༌ལ༌ སྤུང༌གོལ༌ ཅོས༌ ཡང༌ མི༌ ཅིག༌གའང༌ སོན༌ཏེའ༌ མ༌ལུས༌ ཡ༌ ཤོར༌ མ༌ཉན༌།
23 ཨིན༌ནའང༌ ཨའི༌ གྱལ༌པོ༌ ཅིག༌པོ༌ སོན༌ཏེའ༌ ཟུམས༌ཏེ༌ ཡོ༌ཤུའ༌ ཡོད༌ས༌ ཁྱོངས༌།
24 ཨིས༌ར༌ཨེལ༌པ༌གུན༌ནི༌ ཐང༌སྟོང༌ངི༌ ནང༌ང༌ ཏེད༌ཏེ༌ ཨའི༌པ༌ མག༌མི༌ ཚང༌མ༌ སད༌ ཚར༌ར༌ཅིག༌ ཁོང༌གུན༌ ལོགས༌ཏེ༌ གྱལ༌ས༌ སོང༌ ཡང༌ ཏེ༌ནང༌ང༌ ཡོད༌ཁན༌ ཚང༌མའང༌ སདས༌།
25 ཏེ༌ ཞག༌ག༌ ཨའི༌ ནང༌ང༌ དུག༌ཁན༌ ཚང༌མ༌, བུ༌ཚ༌ དང༌ བུ༌མོ༌ ཐེས༌ཏེ༌ མི༌ 12,000 ཤི༌།
26 ཨའི༌ ནང༌ང༌ དུག༌ཁན༌ ཚང༌མ༌ མེད༌ཁན༌ ཅོ༌ ཚར༌ཚར༌ ཡོ༌ཤུའེ༌ ཁོ༌རང༌ངི༌ རྡུང༌བོ༌ ཨའི༌ ཆོགས༌ལ༌ སྟགས༌ཏེ༌ བོརས༌།
27 ཡ༌ཝའེ༌ ཡོ༌ཤུའ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཨིས༌ར༌ཨེལ༌པ༌གུན༌ནི༌ སེམས༌ཅན༌ དང༌ ནོར༌ ཅོམས༌ཁན༌ ཚང༌མ༌ ཁོང༌རང༌གུན༌ནི༌ ཕིའ༌ བོརས༌།
28 ཏེ༌ནེ༌ ཡོ༌ཤུའེ༌ ཨའི༌ གྱལ༌ས༌ མེའ༌ སྲགས༌ ཡང༌ ཁྲེས༌ཏོར༌ ཅོས༌ཁན༌ནི༌ ལག༌ལུས༌གུན༌ སྤུངས༌ཏེ༌ བོརས༌ ཀ༌བོ༌ དག༌སའང༌ ཡོད༌ཏེ༌ ཨིན༌ནོག༌།
29 ཡོ༌ཤུའེ༌ ཨའི༌ གྱལ༌པོ༌ རྡུང༌མའེ༌ཀ༌ ཏགས༌ཏེ༌ ཕི༌ཏོག༌ ཚོག༌པ༌ བོརས༌། ཉི༌མ༌ སྐྱོད༌ད༌ཅིག༌ ཡོ༌ཤུའེ༌ ཨིས༌ར༌ཨེལ༌པ༌གུན༌ལ༌ ཁོའེ༌ རོ༌བོ༌ ཕབས༌ཏེ༌ གྱལ༌སའེ༌ གྱས༌སྒོའེ༌ ཕི༌ལོག༌ག༌ ཕངས༌ཏེ༌ ཏེ༌བོའེ༌ཀ༌ རྡོའ༌ སྤུངས༌ཏེ༌ ཀབ༌ཅེས༌ལ༌ བཀའ༌ ཏངས༌། ཏེ༌བོ༌ དག༌སའང༌ ཡོད༌ཏེ༌ ཨིན༌ནོག༌།
ཨིས༌ར༌ཨེལ༌པ༌གུན༌ དུན༌ལ༌ ཡོ༌ཤུའེ༌ ཡ༌ཝའེ༌ ཆད༌དོན༌ སིལས༌།
8:30-35
30-31 ཏེ༌ནེ༌ ཡ༌ཝའེ༌ ཞབས༌ཏོག༌ ཞུ༌ཁན༌ མོ༌ཟེས༌སི༌ ཨིས༌ར༌ཨེལ༌པ༌གུན༌ལ༌ བཀའ༌ སལ༌ཁན༌ ནང༌ཞིན༌ ཡོ༌ཤུའེ༌ ཨེ༌བལ༌ རི༌ཀ༌ ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌ ཡ༌ཝའེ༌ ཕིའ༌ ཆོད༌ཁྲི༌ཞིག༌ རྩིགས༌། མོ༌ཟེས༌སི༌ བཀའ༌ཁྲིམས༌སི༌ ལྡེབ༌བི༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ ནང༌ཞིན༌ ཁོའེ༌ ཏེ༌བོ༌ རྡོའ༌ མ༌ཅག༌ཁན༌ ཡང༌ན༌ ལྕགས༌སི༌ ལག༌ཆའ༌ མ༌ ཀོལ༌ཁན༌ནི༌ རྡོའ༌ ཉམ༌པོ༌ རྩིགས༌། ཏེ༌ ཆོད༌ཁྲི༌ཀ༌ ཁོང༌གུན༌ནི༌ མེའ༌ སྲོགས༌ཁན༌ནི༌ ཆོད༌པ༌ དང༌ ཞི༌དེ༌ ཆོད༌པ༌གུན༌ ཕུལས༌།
32 ཨིས༌ར༌ཨེལ༌པ༌གུན༌ནི༌ དུན༌ལ༌ ཡོ༌ཤུའེ༌ ཞན༌ རྡོ༌གུན༌ནི༌ཀ༌ ཡ༌ཝའེ༌ མོ༌ཟེས༌ལ༌ སལ༌ཁན༌ནི༌ བཀའ༌རྒྱ༌ གུན༌ བྲིས༌།
33 ཏེ༌ནེ༌ ཞན༌ཡུལ༌ དང༌ ཏེན༌ན༌རུ༌ སྐྱེས༌ཁན༌ ཨིས༌ར༌ཨེལ༌པ༌ ཚང༌མ༌, ཁོང༌གུན༌ནི༌ འུ༌སྐྱོང༌གུན༌, སྤོན༌བོ༌གུན༌ དང༌ ཁྲིམ༌སྤོན༌གུན༌, ཆད༌དོན༌ནི༌ སྒམ༌ ཁུར༌ཁན༌ནི༌ ལི༌ཝི༌པ༌ བླ༌མ༌གུན༌ ཁོང༌གུན༌ནི༌ དུན༌ཆོགས༌ལ༌ ཡང༌ ཁོང༌ ཚང༌མ༌ ཡ༌ཝའེ༌ ཆད༌དོན༌ནི༌ སྒམ༌མི༌ ལྡོ༌ ཉིས༌ཀོའ༌ ལངས༌ཏེ༌ དུགས༌, ཕེད༌པོ༌ གེ༌རི༌ཟིམ༌ རི༌ དུན༌ཆོགས༌ལ༌ ཡང༌ ཕེད༌པོ༌ ཨེ༌བལ༌ རི༌ དུན༌ཆོགས༌ལ༌ ལངས༌ཏེ༌ ཡོད༌པིན༌། ཀ༌ཟུག༌ ཡ༌ཝའེ༌ ཞབས༌ཏོག༌པ༌ མོ༌ཟེས༌སི༌ ཁོང༌གུན༌ལ༌ ལབ༌ཞ༌ སལ༌ཏེ༌ ཨིན༌པིན༌། བླ༌མ༌གུན༌ནི༌ ཡ༌ཝའེ༌ ཅིན༌ལབས༌པོ༌ མི༌མངས༌གུན༌ལ༌ ཏང༌ཅེས༌ལ༌ མོ༌ཟེས༌སི༌ ཏེ༌ ལབ༌ཞ༌བོ༌ སལས༌།
34 ཏེ༌ནེ༌ ཡོ༌ཤུའེ༌ ཁོང༌གུན༌ལ༌ ཅིན༌ལབས༌ དང༌ ཆད༌པའེ༌ སྐྱོར༌, མོ༌ཟེས༌སི༌ བཀའ༌ཁྲིམས༌སི༌ ལྡེབ༌བི༌ ནང༌ང༌ བྲིས༌ཏེ༌ ཡོད༌ཁན༌ བཀའ༌ཁྲིམས༌སི༌ ཚིགས༌ ཚང༌མ༌ སིལས༌།
35 ཡོ༌ཤུའེ༌ ཨིས༌ར༌ཨེལ༌པ༌ བུ༌མོ༌ དང༌ ཕྲུ༌གུ༌ གུན༌ ཡང༌ ཞན༌ཡུལ༌ལི༌ མི༌གུན༌ ཐེས༌ཏེ༌ ཛོམས༌ཏེ༌ ཡོད༌ཁན༌ ཚང༌མའེ༌ དུན༌ལ༌, མོ༌ཟེས༌སི༌ བཀའ༌ཁྲིམས༌སི༌ ལྡེབ༌བི༌ ནང༌ང༌ ཡོད༌ཁན༌ ཚིགས༌ རེ༌རེ༌ ལུས༌ མ༌ཅུག༌ག༌ སིལས༌།