3
ཡུལ༌ཐག༌གི༌ཀ༌ བོ༌འཟ༌ དང༌ རུཐ༌།
3:1-18
1 ཞག༌ཤིག༌ ནཱའོ༌མིའི༌ རུཐ༌ལ༌ ཟེརས༌, “ངའེ༌ བུ༌མོ༌, ཁྱོ༌རང༌ང༌ སྟ༌སྟོག༌ ཅོ༌ཁན༌ ངའེ༌ ཁྱོ༌རང༌ངི༌ ཕིའ༌ མག༌པ༌ ཞིག༌ ཙལ༌གོས༌།
2 བོ༌འཟ༌ ང༌དང༌ངི༌ ཉེན༌གྲུང༌ ཉེ༌མོ༌ ཡང༌ ཁོའེ༌ ཁྱོ༌རང༌ང༌ ལས༌ཅོ༌ཁན༌ བུ༌མོ༌གུན༌ ཉམ༌པོ༌ སྟོན༌ཐོག༌ བུད༌ཁན༌ ཏུ༌ ཅུགས༌ཏེ༌ ཀའ༌ཀྲིན༌ ཅོས༌ཏེ༌ ཨིན༌ནོག༌། དི༌རིང༌ ཚན༌ལ༌ ཁོ༌ ནས༌སི༌ འོངས༌ཅར༌ཨིན༌ ཡུལ༌ཐག༌ག༌ ཡོད༌ཏེ༌ ཨིན༌ནོག༌།
3 ཏ༌ ངའེ༌ ཟེར༌ཁན༌བོ༌ ཅོས༌, ཆུའ༌ ཞུགས༌ཏེ༌ ཏྲི༌ཞིམ༌ ལུག༌ ཡང༌ ཀོས༌ལག༌ ཚང༌མའེ༌སང༌ ལྡེ༌མོ༌བོ༌ གོན༌ཏེ༌ བོ༌འཟ༌ ཡོད༌ས༌ ཡུལ༌ཐག༌ག༌ སོང༌ ཨིན༌ནའང༌ ཁོ༌ ཟའ༌ ཐུང༌ ཚར༌ཚར༌ ཁྱོ༌རང༌ ཏེ༌རུ༌ ཡོད༌ཁན༌བོ༌ གྱུས༌ ཆ༌ མ༌ཅུག༌།
4 ཁོ༌ ཉིད༌ལོག༌ག༌ ཆའ༌ཅིག༌, ཁོ༌ ཉིད༌ལོག༌སའེ༌ ནས༌ས༌བོ༌ སྟན༌པོ༌ ཨིད༌ཏུ༌ ཅོས༌། ཏེ༌ནེ༌ སོང༌ཏེ༌ ཁོ༌ གོན༌ཁན༌ནི༌ མལ༌ཙ༌ རྐང༌པའེ༌ ཀ༌ནེ༌ ཐེན༌ཏེ༌ ཁོའེ༌ རྐང༌པའེ༌ དུན༌ལ༌ ཉལ༌ཏེ༌ དུག༌། ཁོའེ༌ ཁྱོ༌རང༌ང༌ ཅོ༌གོས༌ཤེས༌པོ༌ ཤད༌ཨིན༌།”
5 རུཐ༌ཐི༌ ལན༌ཏངས༌, “ཉེ༌རང༌ངི༌ མོལ༌ཁན༌ ཚང༌མ༌ ངའེ༌ ཅོ༌ཨིན༌།”
6 ཏེ༌ནེ༌ ཁོ༌ ཐུར༌ལ༌ ཡུལ༌ཐག༌ག༌ སོང༌ ཡང༌ ཁོ༌རང༌ངི༌ མག༌པའེ༌ ཨ༌མའེ༌ ལབ༌ཞ༌ ཏང༌ཁན༌བོ༌ ཅོས༌།
7 བོ༌འཟ༌ ཟའ༌ ཐུང༌ ཚར༌ཏེ༌ སེམས༌ ཐད༌པོའེ༌ ནང༌ང༌ ཡོད༌པིན༌། ཏེ༌ནེ༌ ཁོ༌ གྲུའི༌ ལབ༌ཙེ༌ སྤུངས༌ཏེ༌ ཡོད༌སའེ༌ ཇུག༌ག༌ སོང༌ཏེ༌ ཉིད༌ལོགས༌། རུཐ༌ ཀུ༌ལེའ༌ སྐད༌ མ༌ཕིང༌ང༌ སོང༌ཏེ༌ ཁོའེ༌ རྐང༌པའེ༌ ཀ༌ནེ༌ མལ༌ཙ༌ ཐེནས༌ ཡང༌ ཏེ༌ཀ༌ ཉལ༌ཏེ༌ དུགས༌།
8 ཚན༌སྐྱིལ༌ ཞིག༌ག༌ ཧུན༌མེད༌ལ༌ བོ༌འཟ༌སི༌ ཉིད༌ཚད༌ ཡང༌ བུ༌མོ༌ཞིག༌ ཁོའེ༌ རྐང༌པའེ༌ དུན༌ལ༌ ཉིད༌ལོགས༌ཏེ༌ ཡོད༌ཁན༌བོ༌ ཐོང༌ཏེ༌ ཧ༌ལས༌།
9 ཁོའེ༌ ཏྲིས༌, “ཉེ༌རང༌ སུ༌ ཨིན༌།”
ཁོའེ༌ ལན༌ཏངས༌, “ང༌ ཉེ༌རང༌ངི༌ ཞབ༌ཤི༌ རུཐ༌ ཨིན༌། ཉེ༌རང༌ ངའེ༌ མག༌པའེ༌ ཉེན༌གྲུང༌ ཉེ༌མོ༌ ཡང༌ ཀགས༌པོའེ༌ ཏུས༌ལ༌ ང༌ཞའེ༌ ནང༌ཚངས༌ལ༌ སྟ༌སྟོག༌ ཅོ༌ཁན༌ ཨིན༌ པ༌སང༌ ཉེ༌རང༌ངི༌ མལ༌ཙ༌ རྐྱངས༌ཏེ༌ ངའ༌ ཀབ༌བ༌ ཛད༌། ”
10 བོ༌འཟ༌སི༌ ཟེརས༌, “ངའེ༌ བུ༌མོ༌, ཡ༌ཝའེ༌ ཁྱོ༌རང༌ང༌ ཅིན༌ལབས༌ སལ༌ཤིག༌། ཁྱོ༌རང༌ངི༌ ན༌མ༌ ཅོ༌ཅེས༌ལ༌ ཆུག༌པོ༌ ཡ༌ ཉལ༌བ༌ཅན༌ ཞུ༌ནུ༌ བུ༌ཚ༌ མ༌ ཙལ༌ལ༌ ང༌ ཡོད༌ས༌ ཡོངས༌ཏེ༌ ཁྱོ༌རང༌ངི༌ སྔུན༌ནི༌ སང༌ དག༌ས༌ མང༌ང༌ རང༌ངི༌ ནང༌ཚངས༌སི༌ ཕིའ༌ དད༌ སྟན༌ཏེ༌ ཨིན༌ནོག༌།
11 ཏ༌ ཚེར༌ མ༌ཚེར༌ ངའེ༌ བུ༌མོ༌, ཁྱོ༌རང༌ངི༌ ཟེར༌ཁན༌ ཚང༌མ༌ ངའེ༌ ཅོ༌ཨིན༌། ཁྱོ༌རང༌ སྕོད༌ལམ༌ ཟང༌པོ༌ཅན༌ནི༌ བུ༌མོ༌ ཨིན༌ཁན༌བོ༌ གྲོང༌ཁྱེར༌རི༌ མི༌ ཚང༌མ༌ གྱུས༌ ཨིན༌ནོག༌།
12 ང༌ ཁྱོ༌རང༌ངི༌ མག༌པའེ༌ ཉེན༌གྲུང༌ ཉེ༌མོ༌ ཨིན༌ཁན༌བོ༌ ཀྲང༌པོ༌ ཨིན༌ནོག༌ ཨིན༌ནའང༌ ངའེ༌ སང༌ མང༌ང༌ ཁྱོ༌རང༌ང༌ ཉེ༌མོ༌ ཉེན༌གྲུང༌ ཞན༌ མི༌ཞིག༌ ཡོད༌།
13 དི༌རིང༌ ཚན༌བོ༌ འི༌རུ༌ དུག༌ ཡང༌ ང༌མོ༌ ངའེ༌ ཁོའ༌ སྤེ༌ར༌ ཏངས༌ཏེ༌ ཏྲི༌ཨིན༌ ཀལ༌ཏེས༌ ཁོའེ༌ ཁྱོ༌རང༌ང༌ སྟ༌སྟོག༌ ཅོ༌ཅེས༌སི༌ ཁག༌པོ༌ ལེན༌ན༌ གྱལ༌ལ༌ རག༌ ཨིན༌ནའང༌ ཁོ༌ ཏེ༌བོ༌ ཅོའ༌ ཐད༌ད༌ མེད༌ན༌ ཏེ༌ནེ༌ ཡ༌ཝ༌ སོན༌པོའེ༌ ཚན༌ནི༌ ནང༌ང༌ ངའེ༌ ཏེ༌ ཁག༌པོ༌ ལེན༌ཨིན༌། ཏ༌ ང༌མོ༌ ཚོག༌པ༌ འི༌རུ༌ ཉིད༌ལོགས༌ཏེ༌ དུག༌།”
14 ཏེ༌ནེ༌ རུཐ༌ བོ༌འཟ༌སི༌ རྐང༌པའེ༌ དུན༌ལ༌ ང༌མོ༌ ཚོག༌པ༌ ཉལ༌ཏེ༌ དུགས༌ ཨིན༌ནའང༌ ནམ༌ ལངས༌ཏེ༌ མི༌ངོ༌ཤེས༌སི༌སང༌ སྔུན༌ལ༌ ཁོ༌ ལངས༌ཏེ༌ སོང༌ ཅིའ༌ཟེར༌ན༌ བོ༌འཟ༌སི༌ ཟེར༌ཏེ༌ ཨིན༌པིན༌ “འི༌ ཡུལ༌ཐག༌ག༌ བུ༌མོ༌ ཡོང༌ཁན༌བོ༌ སུའང༌ གྱུས༌ ཆ༌མ༌གོས༌།”
15 བོ༌འཟ༌སི༌ ཁོའ༌ ཟེརས༌, “ཁྱོ༌རང༌ གོན༌ཁན༌ནི༌ ཙ༌ཟར༌བོ༌ ཁྱོངས༌ཏེ༌ ཟུམ༌།” ཁོའེ༌ ཏེ༌ ནང༌ང༌ ཀི༌ལོ༌ 24 ནས༌ ལུགས༌ ཡང༌ བུ༌མོའེ༌ གྱབ༌བ༌ ཀལས༌། ཏེ༌ནེ༌ བོ༌འཟ༌ གྲོང༌ཁྱེར༌ལ༌ ལོགས༌ཏེ༌ སོང༌།
16 རུཐ༌ ལོགས༌ཏེ༌ ཁོ༌རང༌ངི༌ མག༌པའེ༌ ཨ༌མ༌ ཡོད༌ས༌ ལེབ༌བ༌ཅིག༌ ནཱའོ༌མིའི༌ ཁོའ༌ ཏྲིས༌, “ཅི༌ སོང༌, ངའེ༌ བུ༌མོ༌།”
བོ༌འཟ༌སི༌ ཁོའ༌ ཟེར༌ཁན༌ ཚང༌མ༌ རུཐ༌ཐི༌ ནཱའོ༌མིའ༌ ཤདས༌
17 ཡང༌ ཟེརས༌, “ ‘ཁྱོ༌རང༌ངི༌ མག༌པའེ༌ ཨ༌མ༌ ཡོད༌ས༌ ལག༌སྟོང༌ང༌ མ༌ཆའ༌’ ཟེར༌ཨིན༌ ཁོང༌ངི༌ ངའ༌ ནས༌ ཀི༌ལོ༌ 24 ཏངས༌།”
18 ཏེ༌ནེ༌ ནཱའོ༌མིའི༌ ཁོའ༌ ཟེརས༌, “ངའེ༌ བུ༌མོ༌, ཟོད༌པ༌ ཉམ༌པོ༌ ཅི༌ ཆ༌རུག༌ ལྟོས༌། འི༌ ནས༌ལུག༌པོ༌ དི༌རིང༌ སེལ༌ཏེ༌ མན༌ནེ༌ ཁོ༌ ངལ༌ མི༌ཚོ༌།”